ནད་རྟགས་གང་དག་ཡོད་ན་ཁྲག་ཤེད་ལ་བརྟག་དགོས་སམ།

政务   2024-10-15 16:01   青海  

གཤམ་གསལ་གྱི་ནད་རྟགས་འདི་དག་ཡོད་ན། འཕྲལ་མར་ཁྲག་ཤེད་ལ་བརྟག་དགོས་པ་སྟེ། 
(1)མགོ་ཡུ་འཁོར་བ། གློ་བུར་དུ་ཙོག་པའམ་ཡར་ལངས་ཚེ་མགོ་ཡུ་འཁོར་བ། ཡང་ན་རྒྱུ་རྐྱེན་མི་གསལ་བར་གནས་སྐབས་རང་བཞིན་གྱི་མགོ་ཅུང་ཟད་ན་བའམ་མགོ་ཡུ་འཁོར་བ། 
(2)མགོ་ན་བ། ན་ཟུག་མགོའི་རྒྱབ་དང་གཞོགས་གཉིས་ཀྱི་སྲིན་ཁུང་དུ་གཅིག་བསྡུས་ཆེ་བ། ན་སྐབས་རྒྱུན་མཐུད་རང་བཞིན་གྱི་རྟུལ་གཟེར་རམ་འཕར་འགུལ་རང་བཞིན་གྱི་སྦོས་གཟེར་ལངས་པའི་ཁྱད་ཆོས་ཡོད་ལ། ཞོར་དུ་ཞེ་མེར་བ་དང་སྐྱུག་འདོད་པ། ཞོགས་པར་གཉིད་ལས་སད་སྐབས་ཅུང་མངོན་གསལ་ཡིན་ལ། ནངས་ཇ་འཐུང་རྗེས་རིམ་བཞིན་ཡལ་འགྲོ་བ། 
(3)གཉིད་མི་ཡོང་བ། གཉིད་དཀའ་བ་དང་རྨི་ལམ་འཁྲུག་པ། སྔངས་ལོག་བྱེད་སླ་བ།
(4)རྣ་འུར་བ། རྣ་ཅོག་གཉིས་ཀ་འུར་བ་དང་། འུར་བའི་དུས་ཡུན་ཅུང་རིང་བ། 
(5)རྐང་ལག་སྦྲིད་པ། རྐང་ལག་གི་མཛུབ་མོ་དག་སྦྲིད་པའམ་སྐྱི་ལྤགས་ཐོག་ཏུ་སྦྲུལ་འགུལ་བ་ལྟ་བུའི་ཚོར་བ་ཡོད་པ། མཛུབ་མོ་འགུལ་མི་ཐུབ་པ། ལུས་པོའི་ཁག་གཞན་དུའང་སྦྲིད་པ་དང་རྒྱུན་ལྡན་མིན་པའི་ཚོར་བ་ཡོད་པ། 
(6)གཅིན་ཇེ་མང་དུ་འགྲོ་བ། 

ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章