2025ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་མགོ་ཚུགས་པ།

政务   2024-10-18 17:02   青海  


ཉེ་དུས་པེ་ཅིང་དང་ཧྲང་ཧའེ། ཧུའུ་ནན། ཨན་ཧུའེ། ཧྥུ་ཅན། ཀོང་ཞི་སོགས་ས་ཆ་མང་པོར2025ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་མགོ་ཚུགས་ཡོད། དེ་དག་ཁྲོད་ནས། ས་གནས་མང་པོ་ཞིག་གིས2025ལོ་ནས་བཟུང་མཐོ་རྒྱུགས་ཀྱི་མིང་ཐོ་གསབ་འགོད་བྱ་རྒྱུ་མེད་པ་ཁ་གསལ་བཟོས་ཡོད་པ་དང་། ས་གནས་མང་པོ་ཞིག་གིས་ཐོབ་ཐང་ལ་ཞིབ་བཤེར་ནན་མོ་བྱས་ནས“མཐོ་རྒྱུགས་གནས་སྤོར”ནན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་ལས་དོན་སྔ་རྗེས་སུ་སྤེལ་མགོ་ཚུགས་པ་དང་། ས་ཆ་མང་པོ་ཞིག་གིས་མཐོ་རྒྱུགས་ཀྱི་མིང་ཐོ་གསབ་འགོད་བྱ་རྒྱུ་མེད་པ་བཟོས་པ།
ད་ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ10པའི་ཟླ་དཀྱིལ་ཟླ་སྨད་དང་ཟླ11པའི་ཟླ་སྟོད་དུ་གཅིག་བསྡུས་བྱས་ཡོད།


ཧྲང་ཧའེ།

ཧྲང་ཧའེ་ཡི་དྲ་ཐོག་ནས་མིང་ཐོ་འགོད་པའི་ཆ་འཕྲིན་བསྡུ་ལེན་དུས་ཚོད་དེ་ཟླ10ཚེས14ཉིན་ནས་ཚེས17ཉིན་བར(ཉིན་རེའི་ཆུ་ཚོད8:00ནས་ཆུ་ཚོད21:00བར)དང་། ཟླ10པའི་ཚེས18ཉིན(ཆུ་ཚོད8:00ནས་ཆུ་ཚོད16:00བར)བཀོད་སྒྲིག་བྱས་ཡོད།

ཧུའུ་ནན།

ཧུའུ་ནན་གྱིས་ཟླ10པའི་ཚེས16ཉིན་ནས་ཚེས31ཉིན་བར(ངལ་གསོའི་ཉིན་གཉིས་ཚུད་མེད)མིང་ཐོ་འགོད་རྒྱུ་ཡིན་པས། རྒྱུགས་སྤྲོད་སློབ་མས་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་ཆ་འཕྲིན་རེའུ་མིག་སྐོང་བ་དང་གཏན་འཁེལ་བྱས་རྗེས། མིང་ཐོ་འགོད་པའི་གྲོན་དངུལ་སྤྲོད་དགོས། དུས་བཀག་ལས་ཡོལ་ཚེ་བདག་སྤྲོད་བྱ་རྒྱུ་མིན་པ་དང་། 2025ལོ་ནས་བཟུང་མཐོ་རྒྱུགས་ཀྱི་མིང་ཐོ་གསབ་འགོད་བྱ་རྒྱུ་མེད་པ་བཟོས་ཡོད།


ཨན་ཧུའེ།

ཨན་ཧུའེ་ཡི2025ལོའི་སྤྱིར་བཏང་མཐོ་རྒྱུགས་ཀྱི་དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་ཟླ10པའི་ཚེས18ཉིན་གྱི་ཆུ་ཚོད10:00ནས་ཟླ10པའི་ཚེས22ཉིན་གྱི་ཆུ་ཚོད17:00བར་ཡིན།


ཧྥུ་ཅན།

ཧྥུ་ཅན་གྱིས2024ལོའི་ཟླ10པའི་ཚེས23ཉིན་ནས་ཚེས28ཉིན་བར་དྲ་ཐོག་ནས་ཐོ་འགོད་དང་མིང་ཐོ་འགོད་པ། གྲོན་དངུལ་སྤྲོད་པ་བཅས་བྱ་རྒྱུ་ཡིན། དུས་བཀག་ལས་ཡོལ་ཚེ་དྲ་ཐོག་ཏུ་མིང་ཐོ་འགོད་མི་ཐུབ།


ཀོང་ཏུང་།

ཀོང་ཏུང་དུ་མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་ཟླ11པའི་ཚེས1ཉིན་ནས་ཚེས10ཉིན་བར་ཡིན་པས། རྒྱུགས་སྤྲོད་སློབ་མས་མ་ལག་ཐོ་འགོད་དང་དྲ་ཐོག་ནས་མིང་ཐོ་འགོད་དགོས། ཟླ11པའི་ཚེས6ཉིན་ནས་ཚེས10ཉིན་བར་མིང་ཐོ་བཀོད་པ་གཏན་འཁེལ་བྱ་དགོས།


ཤིན་ཅང་།

2025ལོའི་ཤིན་ཅང་གི་སྤྱིར་བཏང་མཐོ་རྒྱུགས་ཀྱི་དྲ་ཐོག་ནས་མིང་ཐོ་འགོད་པ་དེ2024ལོའི་ཟླ11པའི་ཚེས25ཉིན་གྱི་གོང་མཇུག་སྒྲིལ་དགོས་པ་དང་། སྒྱུ་རྩལ་རིགས་ཀྱི་རྒྱུགས་སྤྲོད་སློབ་མས་དྲ་ཐོག་ནས་མིང་ཐོ་འགོད་པ་དེ2024ལོའི་ཟླ11པའི་ཚེས10ཉིན་གྱི་གོང་མཇུག་སྒྲིལ་དགོས།

ནང་སོག

2025ལོའི་ནང་སོག་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་རྒྱུགས་སྤྲོད་སློབ་བསྡུའི་དྲ་ཐོག་མིང་ཐོ་འགོད་པའི་ལས་དོན་དེ་ཟླ10པའི་ཚེས21ཉིན་ནས་ཟླ11པའི་ཚེས1ཉིན་བར་སྤེལ་རྩིས་ཡོད།


ཅང་ཞི།

ཅང་ཞི་ཞིང་ཆེན་གྱི2025ལོའི་སྤྱིར་བཏང་མཐོ་རྒྱུགས་ཀྱི་དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད9:00ནས་ཚེས7ཉིན་གྱི་ཆུ་ཚོད17:00བར་རེད།

ཧོ་ནན།

ཧོ་ནན་ཞིང་ཆེན་གྱི2025ལོའི་མཐོ་རྒྱུགས་ཀྱི་དྲ་ཐོག་ནས་མིང་ཐོ་འགོད་པའི་ཆ་འཕྲིན་བསྡུ་ལེན་དུས་ཚོད་ནི། སྒྱུ་རྩལ་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་ནི་ཟླ10པའི་ཚེས28ཉིན་གྱི་ཆུ་ཚོད9:00ནས་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད17:00བར་ཡིན་པ་དང་། སྒྱུ་རྩལ་རིགས་མིན་པ་དག་ནི་ཟླ11པའི་ཚེས4ཉིན་གྱི་ཆུ་ཚོད9:00ནས་ཟླ11པའི་ཚེས16ཉིན་གྱི་ཆུ་ཚོད17:00བར་རེད།

ཞིང་ཆེན་བརྒྱད་ཀྱིས་མཐོ་རྒྱུགས་གསར་པ་དོན་འཁྱོལ་བྱས།

“3+1+2”མ་དཔེ་ལག་བསྟར་བྱ་རྒྱུ།

ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་ཀྱི་ཞིང་ཆེན29རུ་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་བྱེད་མགོ་ཚུགས་ཡོད། ཧྲན་ཞི་དང་ནང་སོག ཧོ་ནན། སི་ཁྲོན། ཡུན་ནན། ཧྲའན་ཞི། མཚོ་སྔོན། ཉིང་ཞ་བཅས་ཚུད་པའི་ཁག་ལྔ་པའི་ཞིང་ཆེན་བརྒྱད་ཀྱིས་མཐོ་རྒྱུགས་གསར་པ2025ལོར་དོན་འཁྱོལ་བྱ་རྒྱུ་རེད།

ཉེ་ཆར། ནང་སོག་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གིས《2025ལོའི་ནང་སོག་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་ཡིག་རྒྱུགས་སློབ་བསྡུའི་མིང་ཐོ་འགོད་པའི་དྲན་སྐུལ》ཁྱབ་བསྒྲགས་བྱས་ཡོད། དེའི་ནང་། 2025ལོ་ནས་བཟུང་ནང་སོག་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་མཐོ་སློབ་ཀྱི་སློབ་བསྡུའི་ཡིག་རྒྱུགས་ཀྱི་སྟོན་དུས་གཅིག་གྱུར་རྒྱུགས་ལེན(བྱིས་པའི་འཛིན་གྲྭ་དང་དམིགས་བསལ་ཤེས་ལྡན་མི་སྣ་རྩེ་གྲ་གདམ་གསེས་ཀྱི་ཚོད་ལྟ་སོགས་ཚུད)ལ“3+1+2”ཀྱི་མ་དཔེ་ལག་བསྟར་བྱ་རྒྱུ་དང་། དེ་ནི་གཅིག་གྱུར་མཐོ་རྒྱུགས་སློབ་ཚན་དང་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཀྱི་གདམ་ག་ཡོད་པའི་ཡིག་རྒྱུགས་སློབ་ཚན་ལས་གྲུབ་པ་ཞིག་ཡིན།

དེའི་ནང་ནས། “3”ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་སློབ་ཚན་གྱི་སྐད་ཡིག་དང་རྩིས་རིག ཕྱི་རྒྱལ་སྐད་ཡིག་བཅས་གསུམ་དང་། དེ་གསུམ་པོ་ནི་རིག་ཚན་དང་རྩིས་ཚན་གྱི་དབྱེ་བ་མེད་པར་རྒྱུགས་སྤྲོད་སློབ་མ་ཚང་མས་ངེས་པར་དུ་རྒྱུགས་ལེན་དགོས། “1”དང“2”ནི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཀྱི་གདམ་ག་ཡོད་པའི་ཡིག་རྒྱུགས་སློབ་ཚན་ཡིན། “1”ནི་དང་ཐོག་འདེམས་དགོས་པའི་སློབ་ཚན་ཡིན་ཞིང་། རྒྱུགས་སྤྲོད་སློབ་མས་ངེས་པར་དུ་དངོས་ལུགས་དང་ལོ་རྒྱུས་གཉིས་ཀྱི་ཁྲོད་ནས་སློབ་ཚན་གཅིག་འདེམས་དགོས་པ་མ་ཟད་དེའི་ཁྲོད་ཀྱི་སློབ་ཚན་གཅིག་ལས་འདེམས་མི་ཆོག “2”ནི་བསྐྱར་དུ་འདེམས་དགོས་པའི་སློབ་ཚན་ཡིན་པ་དང་། རྒྱུགས་སྤྲོད་སློབ་མས་བསམ་བློ་ཆབ་སྲིད་དང་ས་ཁམས། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་ཁྲོད་ནས་སློབ་ཚན་གཉིས་འདེམས་ཆོག་པར་མ་ཟད། དེའི་ནང་གི་སློབ་ཚན་གཉིས་ལས་འདེམས་མི་ཆོག

ཐོབ་ཐང་ལ་ཞིབ་བཤེར་ནན་མོ་བྱས་ནས“མཐོ་རྒྱུགས་གནས་སྤོར”ནན་འགོག་བྱེད།

ས་གནས་མང་པོ་ཞིག་གིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཡིག་ཆའི་ནང་རྒྱུགས་སྤྲོད་མིང་ཐོ་འགོད་པའི་ཐོབ་ཐང་སྐོར་ལ་གཏན་འབེབས་ཁ་གསལ་བྱས་ཡོད་པ་མ་ཟད། ཐོབ་ཐང་ལ་ཞིབ་བཤེར་ནན་མོ་བྱས་ནས་རྒྱུགས་སྤྲོད་མིང་ཐོ་འགོད་པའི་ལས་དོན་གྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章