མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་ལ“ཕུལ་བྱུང་དཔེ་མཚོན”གྱི་བྱ་དགའ་ཐོབ།

政务   2024-10-16 17:28   青海  

གཏམ་བཟང་། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་ལ་རྒྱལ་ཡོངས་སྨྱན་སྦྱོར་གསར་གཏོད་ཀྱི“ཕུལ་བྱུང་དཔེ་མཚོན”གྱི་བྱ་དགའ་ཐོབ།

   ཟླ10པའི་ཚེས16ཉིན་འཚོགས་པའི་ཀྲུང་གོ་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་གཙོ་རྒྱུག་སྨྱན་སྦྱོར་མ་ལག་རང་བཞིན་འཕོ་འགྱུར་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་དང་ཀན་སུའུ་སྨྱན་སྦྱོར་མཉམ་འདྲེས་གསར་གཏོད་དང་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་པའི་ཐོག་མཚོ་བྱང་མདོ་ལ་

བོད་ཡིག་ཚགས་པར(དེ་སྔའི་གངས་ལྗོངས་འཕྲིན་གསར)སྨྱན་སྦྱོར་སྤྱི་སྟེགས་ལ"ཕུལ་བྱུང་དཔེ་མཚོན"གྱི་བྱ་དགའ་ཐོབ། འདི་ནི་བོད་འབྲེལ་ས་ཁུལ་གྱི་བྱ་དགའ་དེ་ཐོབ་མཁན་གྱི་བོད་ཡིག་སྨྱན་སྦྱོར་གཅིག་པུ་ཡིན་པ་རེད།              
2015ལོའི་ཟླ་བརྒྱད་པ་ནས་སྤྱི་སྟེགས་འདི་ཉིད་སྒྲུབ་ཚུན“མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར”གྱིས་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་བརྟེན་ནས། ནང་དོན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ཀྱིས་དྲིལ་སྒྲོག་བྱེད་སྟངས་གསར་གཏོད་བྱས་ཏེ་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་ནས་མཚོ་བྱང་གི་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་ཧུར་ཐག དཔལ་འབྱོར་འཕེལ་རྒྱས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་སོགས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དྲིལ་སྒྲོག་ཧུར་ཐག་བྱས་ཏེ་བོད་འབྲེལ་ས་ཁུལ་གྱི་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་ཤིང་། ཏང་གི་སྨྱན་སྦྱོར་འགན་འཁྲི་ཧུར་ཐག་གིས་འཁུར་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱེད་པ། ཆེད་དོན་གསར་འགྱུར་དང་བརྗོད་དོན་གནས་ཚུལ་སྤེལ་གཏོང་དང་འོས་སྦྱོར་བྱས་པ་བརྒྱུད། མི་རིགས་སོ་སོའི་དབར་ཕན་ཚུན་རོགས་རམ་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་དཔེ་མཚོན་རྒྱུན་ཆད་མེད་པར་བཏོད་ལ། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་། ཚན་རྩལ་ལས་སྒྲུབ་པས་གསེར་དངུལ་རྩྭ་ཐང་དུ་དཀའ་སྤྱད་འབད་བརྩོན་དང་དཔའ་ངར་ཆེན་པོས་ཚན་རྩལ་གྱི་ཡང་རྩེར་འཛེགས་པ་དང་། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་ཆིང་རྡུལ་འབར་མདེལ་ཞིབ་བཟོ་ལེགས་གྲུབ་བྱས་ཏེ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་རྒྱས་གོང་འཕེལ་དུ་བཏང་བ་དྲིལ་སྒྲོག་ཤུགས་ཆེན་བྱས་ཤིང་། མཚོ་བྱང་གི་གསར་བརྗེའི་ཡུལ་སྐོར་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ལ། མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ལྷག་པར་དུ་རྐང་ཚའི་དགོ་དམར་དང་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ། མདའ་བཞི་རྫོང་གི་ཁེ་ཐུའུ་བྱེ་བཅོས། མདོ་ལ་རི་བོའི་ལྷོ་ངོས་བཅོས་སྐྱོང་བཅས་ལ་སྤྱད་པའི་བྱེད་ཐབས་ནུས་ལྡན་དང་ཐོབ་པའི་གྲུབ་འབྲས་དྲིལ་སྒྲོག་ཧུར་ཐག་བྱས་ཡོད།     

ལོ་མང་རིང་། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་གྱི་སྨྱན་སྦྱོར་སྟེགས་བུ་སོ་སོས་སྤུས་ལེགས་ཀྱི་ཞབས་འདེགས་ཞུས་ཤིང་། བརྒྱུད་སྤེལ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་གང་ཐུབ་བྱས་ཏེ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཁུལ་ཕྱི་ནང་གི་གསར་འགྱུར་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱས་པ་དང་། བོད་ཡིག་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་ཡོད།

2024ལོའི་ཟླ10པའི་ཚེས8ཉིན མཚོ་བྱང་མདོ་ལ་བོད་ཡིག་ཚགས་པརསྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱེད་མཁན་ཁྲི7.5ཟིན་པ་དང་། ཁྱུག་དབྱིངས་ལ་དོ་ཁུར་བྱེད་མཁན་ཁྲི3.2ཡོད་ཅིང་། བརྙན་སྟེགས་ཀྱི་ཀློག་གྲངས་ཁྱོན་ཁྲི9520.25ཟིན་ལ། སྨྱན་སྦྱོར་སྟེགས་བུ་སོ་སོའི་སྟེང་ཁྱོན་བརྙན་ཐུང1965སྤེལ་ཡོད། དེའི་ཁྲོད《ཆོས་དབྱིངས་སྐྱིད་ཀྱིས་གཟི་བརྗིད་དང་མཚན་སྙན་བསྣམས་ནས་ཕྱིར་ཕ་ཡུལ་དུ་སླེབས་བྱུང》ཞེས་པར་ཀློག་གྲངས་ཁྲི163.4ཡོད་ཅིང་། གསར་འགྱུར་དེར2024ལོའི་རྒྱལ་ཡོངས་བོད་སྐད་ཡིག་གི་གསར་འགྱུར་ཡག་པོའི་བྱ་དགའ་ཨང་དང་པོ་ཐོབ། བོད་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན་སོགས་བོད་འབྲེལ་ས་ཁུལ་གྱི་ཀློག་པ་པོར་དམིགས་ཏེ་བོད་འབྲེལ་ས་ཁུལ་སོ་སོའི་གསར་འགྱུར་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཀློག་པ་པོ་སྔར་ལས་མང་བོས་སྨྱན་སྦྱོར་སྟེགས་བུ་སོ་སོའི་སྟེང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཕན་ཚུན་བརྗེ་རེས་བྱེད་པའི་ཡིད་དབང་བཀུག དེ་དང་ཆབས་ཅིག ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ་དང་ཀྲུང་གོ་བོད་ཀྱི་དྲ་བ། ཀྲུང་གོའི་བོད་ལྗོངས་དྲ་བ་སོགས་རྒྱལ་ནང་དུ་སྐད་གྲགས་ཡོད་པའི་བོད་ཡིག་སྤྱི་སྟེགས་དང་། དེ་བཞིན་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུ་ཡི་གཙོ་རྒྱུག་སྨྱན་སྦྱོར་དག་ལ་འབྲེལ་འདྲིས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་གལ་ཆེའི་གསར་འགྱུར་སྨྱན་སྦྱོར་ཆེ་གྲས་ཁག་ཏུ་འཕྲིན་སྤེལ་བྱེད་པའི་བྱ་བ་ལེགས་པར་སྒྲུབ་ཡོད།    

མཚོ་བྱང་མདོ་ལ་བོད་ཡིག་ཚགས་པརགྱི་འབྲེལ་ཡོད་འགན་ཁུར་བས་སྨྱན་སྦྱོར་སྟེགས་བུ་སོ་སོས་མུ་མཐུད་དུ་ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་པར་དྲང་སྲུང་གསར་གཏོད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། རྐང་ནུས་དང་མིག་ནུས། ཀླད་ནུས། སྨྱུག་ནུས་བཅས་དོན་འཁྱོལ་ཧུར་ཐག་བྱས་ཏེ་འཚོལ་ཞིབ་ཧུར་ཐག་སྒོས་སྨྱན་སྦྱོར་སྟེགས་བུ་སོ་སོས་སྲིད་ཇུས་དྲིལ་སྒྲོག་དང་གླེང་ཕྱོགས་ཁྲིད་སྟོན། ཆ་འཕྲིན་བརྒྱུད་སྤེལ། མང་ཚོགས་ལ་ཞབས་ཞུ་བཅས་བྱེད་པའི་ནུས་པ་སྔར་ལས་ཆེ་རུ་བཏང་སྟེམཚོ་བྱང་མདོ་ལ་བོད་ཡིག་ཚགས་པརགྱི་སྨྱན་སྦྱོར་སྟེགས་བུ་སོ་སོ་བོད་འབྲེལ་ས་ཁུལ་ཧྲིལ་བོར་ཤུགས་རྐྱེན་ལྡན་པ་དང་ས་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླར་ཁྱབ་འགྱེད་ཐུབ་པའི་བོད་སྐད་ཡིག་གི་གཞུང་ཕྱོགས་ཀྱི་གཙོ་རྒྱུག་སྨྱན་སྦྱོར་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཟེར།    

གསར་འགོད་པ། གཡང་འབུམ་ཚེ་རིང་།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章