ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས11པ་འཚོགས།

政务   2024-10-19 10:23   青海  

ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས།

ཉེ་ཆར། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་བྱ་བའི་ཐད་གནང་བའི་གལ་ཆེའི་མཆན་བཀོད་མཛུབ་སྟོན། འབྲེལ་ཡོད་རྩིས་བཤེར་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། 2023ལོའི་ལོ་འཁོར་མོའི་ཁུལ་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་བྱ་བའི་གནས་ཚུལ་སྙན་ཞུ་དང་། འབྲེལ་ཡོད་བཅོས་སྒྲིག་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།

ཀྲང་ཧྲིང་ཡོན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་དཔལ་འབྱོར་གྱི་ལྟ་སྐུལ་ངེས་གནས་ལ་གཞི་ཚུགས་པ་དང་། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་པ། ལྟེ་བར་དམིགས་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་དང་།  ནོར་སྲིད་མ་དངུལ་གྱི་བདེ་འཇགས་སྲུང་སྐྱོང་། དམངས་འཚོའི་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད། སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བྱ་བ་གང་མང་ཞིག་བསྒྲུབས་པ་དང་། རྩིས་བཤེར་ལྟ་སྐུལ་ཁྱབ་རྒྱ་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྩིས་བཤེར་གྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད་ཟེར།   

ཀྲང་ཧྲིང་ཡོན་གྱིས་བླང་བྱ་བཏོན་དོན། གཅིག་ནས་ཏང་གིས་རྩིས་བཤེར་བྱ་བར་མགོ་ཁྲིད་བྱ་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། དུས་རབས་གསར་བའི་རྩིས་བཤེར་བྱ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་རྩིས་བཤེར་ལས་ཁུངས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་ཞིབ་ཕྲའི་ལས་འགན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། རྩིས་བཤེར་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ནུས་ལྡན་གྱི་རྩིས་བཤེར་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས། གཉིས་ནས་རྩིས་བཤེར་ལྟ་སྐུལ་གྱི་ཕན་འབྲས་རྒྱུན་སྲིང་ལྷོད་མེད་ངང་ཆེ་རུ་གཏོང་དགོས། ཁུལ་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་ཡོང་བར་སྐུལ་འདེད་དང་། མགོ་ཁྲིད་ལས་བྱེད་པས་རང་འགན་གཙང་སྒྲུབ་བྱས་ཚུལ། ནོར་སྲིད་མ་དངུལ་བེད་སྤྱོད་བྱས་འབྲས་མཐོར་འདེགས། དམངས་འཚོ་འགན་སྲུང་དང་ལེགས་བཅོས། ཏང་གིས་རང་ངོས་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། གཙོ་གནད་རྩིས་བཤེར་ལས་གཞི་ལ་རྩེ་གཅིག་ཏུ་དམིགས་པ་དང་རྩིས་བཤེར་ལྟ་སྐུལ་གཏིང་ཟབ་ཏུ་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། གསུམ་ནས་རྩིས་བཤེར་གནད་དོན་བཅོས་སྒྲིག་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས། ཇི་མ་ཇི་བཞིན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱས་ཏེ་བཅོས་སྒྲིག་བྱེད་བཞིན་པའི་གནད་དོན་ལ་དམ་འཛིན་ནན་མོ་དང་དངོས་འཛིན་གཏིང་ཟབ། བཅོས་སྒྲིག་མཐར་ཕྱིན་བཅས་བྱེད་པ་དང་བཅོས་སྒྲིག་བྱས་ཟིན་པའི་གནད་དོན་ལ་དུས་བཀག་ལྟར“ཕྱིར་ལྟ”བྱེད་པའི་བྱ་བ་སྤེལ་དགོས། རྩ་ལག་མཉམ་བཅོས་དང་ཞན་ཆ་འགོག་བཅོས་བྱས་ཏེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྩིས་བཤེར་བྱ་བར་རང་འགུལ་ངང་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ནས་མིག་སྔའི་བཅོས་སྒྱུར་དང་ཡུན་རིང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་བཅོས་སྒྲིག་གི་གྲུབ་འབྲས་དེ་བཅོས་སྐྱོང་གི་ནུས་ཤུགས་སུ་འགྱུར་བར་བྱེད་དགོས། གཟབ་ནན་དང་བདེན་པ་བདེན་ཐུབ་ཀྱིས་འགན་འཁྲི་འཁུར་དགོས་པ་དང་། འགན་འཁུར་བློ་མཐུན་གཙོ་བོས་ཐད་ཀར་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྗེས་སྙེག་འདྲི་རྩད་ཀྱི་ནུས་པ་ཆེ་རུ་གཏོང་པ། བཅོས་སྒྲིག་བྱ་བ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་ཏན་ཏིག་བྱེད་དགོས། བཞི་ནསརྩིས་བཤེར་ནུས་པ་ཆེ་རུ་གཏོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས།  ཁུལ་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་བའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་རྩིས་བཤེར་ལྟ་སྐུལ་ནུས་ལྡན་གྱི་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཆད་ལྷག་མེད་པར་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་དང་ནུས་པ་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་དང་བསམ་བློའི་ཞུན་བརྡར་དང་ཆབ་སྲིད་ཀྱི་མྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར། རྩིས་བཤེར་ལག་ལེན་གྱི་སྦྱོང་བརྡར་བཅས་ལ་ཤུགས་བསྣན་ཏེ་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ་བཅས་ཀྱི་རྩིས་བཤེར་དཔུང་ཁག་ཅིག་ཧུར་ཐག་སྒོས་འཛུགས་དགོས་ཟེར། 

ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོ་སོ་ཚོགས་འདུར་ཞུགས་པ་དང་། རྫོང་བཞིའི་མི་དམངས་སྲིད་གཞུང་གི་ལས་བགོས་འགན་འཁུར་གྱི་རྫོང་དཔོན་གཞོན་པ་དང་རྫོང་རྩིས་བཤེར་ཅུས་ཀྱི་འགན་འཁུར་བ་གཙོ་བོ་བཅས་ཚོགས་འདུར་ཟུར་ཞུགས་བྱས།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

文来源/海北党务 文图/海北州委审计委员会办公室

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章