ཀོས་ནན་རྫོང་ལྟེ་གནས་དོ་དམ་སྲུང་སྐྱོང་ས་ཚིགས་སུ་ཞུའེ་ཧྲུན་ཡུན་དང་སྒྲོལ་མ་འབུམ་གཉིས་ཀྱིས་མེ་འགོག་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་།མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་།དངོས་ཟོག་གསོག་འཇོག་སོགས་ཀྱི་གནས་ཚུལ་ལ་ནན་ཏན་གྱིས་ཉན་ནས་བསྟན་དོན།དགུན་དུས་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་དོན་གྱི་འགག་རྩའི་དུས་སྐབས་ཡིན་པ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐོན་པའི་ཉེན་ཁ་དང་མངོན་མེད་ཉེན་ཁ་སྣ་ཚོགས་ཇེ་ཆེར་འགྲོ་བཞིན་ཡོད་པས།རྫོང་ཡོངས་གོང་འོག་ཚང་མས་ཆབ་སྲིད་ཀྱི་གནས་བབ་ཏན་ཏིག་གིས་ཇེ་མཐོར་བཏང་སྟེ།ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ཐོག་མཐའ་བར་གསུམ་དུ་གལ་ཆེའི་གནས་སུ་བཞག་སྟེ།ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལ་གཟབ་ནན་བྱས་ཏེ།དགུན་དུས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ཀྱི་འཐབ་འཛིང་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།འབྱུང་ཁུངས་སྔོན་འགོག་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས།དྲིལ་བསྒྲགས་དང་།ཞིབ་བཤེར།འཁྲབ་སྦྱོང་སོགས་འགན་འཁྲིའི་སྦྲེལ་ཐག་ཐད་མུ་མཐུད་དུ་ནུས་ཤུགས་བཏོན་ཏེ་མེ་འགོག་གི་འཛིང་རགས་བརྟན་པོ་སྐྲུན་དགོས།
ཀྲུང་གོ་རྡོ་སྣུམ་ས་ཚིགས་དང་རྫོང་སྨན་ཁང་།དབྱི་ཤིན་མགྲོན་ཁང་བཅས་སུ་ཞུའེ་ཧྲུན་ཡུན་དང་སྒྲོལ་མ་འབུམ་གཉིས་ཀྱིས་མེ་གསོད་སྒྲིག་བཀོད་དང་སྒྲིག་ཆས་སྲུང་སྐྱོང་།མེ་གསོད་བགྲོད་ལམ་སྒྲིག་འཛུགས།རྒྱུན་གཏན་གྱི་བདེ་འཇགས་དོ་དམ་སོགས་བདེ་འཇགས་ཐོན་སྐྱེད་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་དང་ཤེས་རྟོགས་བྱས་པ་མ་ཟད།འབྲེལ་ཡོད་འགན་འཁུར་མི་སྣར་མངགས་བཅོལ་བྱས་ཏེ་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མེ་གསོད་སྒྲིག་བཀོད་བཀོད་སྒྲིག་དང་འཐུས་ཚང་དུ་གཏོང་བ།བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ།བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ་དང་།བདེ་འཇགས་ཐོན་སྐྱེད་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ།འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ།དུས་བཀག་ལྟར་མེ་གསོད་བདེ་འཇགས་འཕྲལ་སྡོམ་འཁྲབ་སྦྱོང་བྱེད་པ་བཅས་བྱས་ཏེ་ལས་ཞུགས་མི་སྣའི་བདེ་འཇགས་སྔོན་འགོག་འདུ་ཤེས་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ།ཛ་དྲག་གི་གནས་ཚུལ་འཕྲད་སྐབས་མགྱོགས་མྱུར་དང་ལེན་དང་ནུས་ལྡན་ངང་ཁ་གཏད་གཅོག་ཐུབ་པའི་འགན་ལེན་བྱེད་དགོས།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་།མེ་གསོད་འགྲོ་ལམ་བཅད་བཟུང་དང་བཀག་སྡོམ་སོགས་ཀྱི་གནད་དོན་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ཏེ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས།སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་འགན་ལེན་ཏན་ཏིག་བྱ་དགོས།
རྫོང་གི་མགོ་ཁྲིད་སྒྲོལ་མ་དོན་འགྲུབ་རྟོག་ཞིབ་ལ་ཞུགས།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།