ཀོས་ནན་གྱི་བོད་ལུག་ནག་པོའི་སྤུས་རྟགས་དངོས་སུ་ཁྱབ་བསྒྲགས་བྱས་པ།

时事   2024-12-30 21:32   青海  
ཟླ12ཚེས27ཉིན།ཀོས་ནན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྒྲུབ་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཀྱིས་ཀོས་ནན་གྱི་བོད་ལུག་ནག་པོའི་སྤུས་རྟགས་ལ་གསོན་ཤུགས་གསར་པ་བསྣན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོསཞེས་པ་བརྗོད་དོན་ཡིན་པའི་ཀོས་ནན་རྫོང་གི་བོད་ལུག་ནག་པོའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྤུས་རྟགས་འཛུགས་སྐྲུན་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་ནས་གཟབ་རྒྱས་འཚོགས།ཞིང་ཆེན་དང་ཁུལ།རྫོང་གི་འབྲེལ་ཡོད་གོ་ཁྲིད་དང་།ཐོན་ལས་ཀྱི་འབྲེལ་ཡོད་ཆེད་མཁས་པ།ཁེ་ལས་འཐུས་མི་སོགས་མི་བརྒྱ་ལྷག་ཙམ་མཉམ་དུ་འཛོམས་ནས་ཐུན་མོང་ཐོག་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པར་དཔྱད་བསྡུར་དང་ཀོས་ནན་བོད་ལུག་ནག་པོའཕེལ་རྒྱས་གཏོང་བའི་འཆར་གཞི་གསར་པ་བཟོས།   

ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲུའུ་ལིན་གྱིས་ཤིས་ཚིག་ཕུལ་ནས་བསྟན་དོན།མཚོ་ལྷོ་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་སྣོལ་ཁུལ་ཆེ་ཤོས་ཡིན་པའི་ངོས་ནས་ཞིང་ཕྱུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ས་ཁམས་ཀྱི་ཆ་རྐྱེན་ལེགས་པོ་ཡོད་ཅིང་།ས་མཐོའི་ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འབྱུང་ཁུངས་ཡིན་པས།ཀོས་ནན་བོད་ལུག་ནག་པོསོགས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཅིང་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་བཞིན་པའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་སྤུས་རྟགས་ཁག་ཅིག་གསོ་སྐྱོང་བྱས་ཡོད།བོད་ལུག་ནག་པོའི་ཐོན་ལས་ཀྱང་ཀོས་ནན་རྫོང་གི་གནས་བཞིའཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ཐོན་ལས་དང་།ཚན་རྩལ་གྱིས་ཞིང་ལས་དར་རྒྱས་གཏོང་བའི་དཔེ་མཚོན་ཐོན་ལས་།མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་གཙོ་རྟེན་ཐོན་ལས་བཅས་ཡིན།ཐེངས་འདིའི་ཡོངས་བསྒྲགས་ཚོགས་འདུའི་གོ་སྐབས་དང་བསྟུན་ནས་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་དང་།ལྗང་མདོག་ཞིང་ལས་དར་སྤེལ།སྤུས་རྟགས་ཀྱིས་ཞིང་ལས་སྟོབས་ཆེར་གཏོང་བ་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ།  ཀོས་ནན་ནི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྤུས་ལེགས་བོད་ལུག་ནག་པོའི་ཐོན་སྐྱེད་རྟེན་གཞི་དང་།ཕྱིར་གཏོང་རྟེན་གཞི།ཉོ་ཚོང་རྟེན་གཞི་བཅས་སུ་ཧུར་ཐག་གིས་བསྐྲུན་ནས་ཀོས་ནན་གྱི་བོད་ལུག་ནག་པོའི་ཐོན་ལས་ཀྱི་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།    

ཀོས་ནན་རྫོང་ཨུའི་ཧྲུའུ་ཅི་ཞུའེ་ཧྲུན་ཡུན་གྱིས་ཐེངས་འདིའི་ཡོངས་བསྒྲགས་ཚོགས་འདུར་ཕེབས་པའི་གོ་ཁྲིད་དང་སྐུ་མགྲོན་ལྷན་རྒྱས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ཐུགས་རྗེ་ཆེ་ཞུཁོས་བསྟན་དོན། ཐེངས་འདིའི་ཀོས་ནན་གྱི་བོད་ལུག་ནག་པོའིརྒྱལ་ཁབ་ས་ཁམས་མཚོན་རྟགས་སྤུས་རྟགས་འཛུགས་སྐྲུན་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དེ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དངགནས་བཞིའིམཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་ཞིག་ཡིན་ལ།ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དང་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་ས་ཁོངས་སྤུས་རྟགས་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་དང་། ཀོས་ནན་གྱི་བོད་ལུག་ནག་པོའི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཐོན་ལས་ཀྱི་ས་མཚམས་ལས་བརྒལ་བའི་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱ་ཐབས་ཤིག་ཀྱང་ཡིན། ཁོས་ནན་གྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཀོས་ནན་རྫོང་གིས་རྒྱུད་བཟང་སྤུས་ལེགས་གསོ་སྐྱོང་དང་། སྤུས་ཚད་མཐོ་རུ་གཏོང་བ། སྤུས་རྟགས་གཏོད་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་མཐོ་རུ་གཏོང་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་ཀོས་ནན་གྱི་བོད་ལུག་ནག་པོའི་སྤུས་རྟགས་ཀྱི་སྤུས་ཚད་ཚད་གཞི་དང་། དཔང་འཛིན། ཁུངས་འདེད་བཅས་ཀྱི་མ་ལག་ཧུར་ཐག་བཏོད་པས།   ཀོས་ནན་གྱི་བོད་ལུག་ནག་པོའི་སྤུས་ཚད་དང་འཚོ་བཅུད་རིན་ཐང་དེ་སྤུས་ཚད་མཐོ་བའི་འཚོ་བའི་ནང་དོན་དང་མཐུན་ཀོས་ནན་གྱི་བོད་ལུག་ནག་པོའི་སྤུས་རྟགས་ལ་སྤྱི་དམངས་ཞུགས་པ་དང་མཉམ་སྤྱོད་བྱེད་པའི་ཁྲོད་གསོན་ཤུགས་གསར་བ་མངོན་ཡོད། ཁོས་བསྟན་དོན། ཀོས་ནན་རྫོང་གིས་ཆེད་ལས་ལག་རྩལ་བེད་སྤྱད་ནས་ཞིང་པ་སྟོབས་ལྡན་དང་།    ཚོང་རྟགས་དང་སྤུས་རྟགས་ཀྱིས་ཞིང་པ་ཕྱུག་པར་འགྱུར་བ།    ས་ཁམས་མཚོན་རྟགས་ཀྱིས་ཞིང་པ་དར་རྒྱས་བཅས་རྒྱུན་འཁྱོངས་བྱས་ཏེ་ཀོས་ནན་གྱི་བོད་ལུག་ནག་ཐོན་ལས་དེ་ཀོས་ནན་གྱི་རྒྱ་ཆེའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུར་འགྱུར་བར་བྱེད་པ་དེ་ཡིན། 

ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་སྔོན་སློབ་ཆེན་ཞིང་ཕྱུགས་སློབ་གླིང་གི་དགེ་རྒན་ཆེ་མོ་ཧོའུ་ཧྲེང་ཀྲེན་གྱིས་ཆེད་དོན་འཆད་ཁྲིད་བྱས་ཏེ།ཀོས་ནན་བོད་ལུག་ནག་པོའིཐོན་ལས་གྲངས་གཞིའི་ནུས་སྤྲོད་སྟེགས་བུ་དང་ཀོས་ནན་གྱི་བོད་ལུག་ནག་པོའིསྤུས་རྟགས་སྣང་བརྙན་འགྲེམས་སྟོན་བྱས།    

ཚོགས་འདུའི་ཐོག་ཀོས་ནན་རྫོང་བོད་ལུག་ནག་པོའི་རྒྱུད་སྲུང་གསོ་སྤེལ་མཐུན་ཚོགས་ཀྱི་འཐུས་མིས་ཀོས་ནན་བོད་ལུག་ནག་པོའིས་ཁམས་མཚོན་རྟགས་སྤུས་རྟགས་བེད་སྤྱོད་ཁེ་ལས་ཀྱི་མཉམ་འབྲེལ་གྲོས་འདོན་ཡི་གེ་སྒྲོག་སྦྱང་བྱསཀོས་ནན་རྫོང་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་ཕྱིར་འཚོང་སྟེགས་བུའི་གློག་རྡུལ་ཚོང་གཉེར་སྐྱོང་པུའུ་དང་མཚོ་སྔོན་ཞིང་ཆེན་ཟས་རིགས་ལས་རིགས་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ཞིང་ལས་ཐོན་རྫས་འཁོར་རྒྱུག་སྐུལ་སྤེལ་མཐུན་ཚོགས་བཅས་ཀྱིས་མཚོ་སྔོན་མགྲོན་ཁང་དུ་ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་ལེགས་པར་གྲུབ།ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་སུ་བོད་ལུག་ནག་པོ་དང་།ནས་ཆང་གཙགས་དྲུབ།ཤ་སྐམ་བཅས་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་རིགས34གཅིག་སྡུད་ཀྱིས་འགྲེམས་སྟོན་བྱས་པར་མ་ཟད།ས་མཐོའི་ཁྱད་ཆོས་ལྡན་པའི་བོད་ལུག་ནག་པོའི་ཞིམ་ཟས་ལ་མྱོང་རོལ་བྱེད་དུ་བཅུག 

ཡོངས་བསྒྲགས་ཚོགས་འདུ་བདེ་ལེགས་ངང་འཚོགས་པ་དེས་ཐོན་སྐྱེད་ཚོང་གཉེར་ཁེ་ལས་ཀྱི་མཉམ་ལས་དང་སྤེལ་རེས་ལ་སྔར་ས་སྐུལ་འདེད་བཏང་སྟེ།ཀོས་ནན་གྱི་བོད་ལུག་ནག་པོའིསྤུས་རྟགས་ཀྱི་གསོན་ཤུགས་གསར་པ་སྐུལ་སྤེལ་དང་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཆེ་རུ་ཕྱིན་ནས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་ཀོས་ནན་གྱི་ལེའུ་གསར་བ་བྲིས་ཡོད།  

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章