བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་སྤྲོ་ཚོགས《གངས་ལྗོངས་དགྱེས་པའི་སྙན་དབྱངས》ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་།
རྟེན་འབྲེལ་ལོ་གཡང་གི་ཤིས་ཚིག་ཁྱེད་ལ་འབུལ།
ལུས་ལ་བྲོ་གར་ཡག་མོའི་མཉེན་ལྕུག་གི་སྟངས་སྟབས་ལྡེམ་ལྡེམ།
མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དང་ཟི་ལིང་ཕོ་བྲང་མི་རིགས་གླུ་གར་གླིང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་སྤྲོ་ཚོགས《གངས་ལྗོངས་དགྱེས་པའི་སྙན་དབྱངས》ཞེས་པ་དེ། ཟླ1པའི་ཚེས1ཉིན་ཟི་ལིང་ཕོ་བྲང་མི་རིགས་གླུ་གར་གླིང་ནས་གཟབ་རྒྱས་ངང་འཚོགས་ཤིང་ཕབ་སྐྲུན་ལེགས་འགྲུབ་བྱུང་།
ཐེངས་འདིའི་སྤྲོ་ཚོགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བཅས་བྱེད་པ་གཙོ་སྙིང་དུ་བཟུང་ཞིང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ལོ་གསར་གྱི་སྐབས་སུ་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྐྲུན་པ་དམིགས་ཡུལ་དུ་བཟུང་ནས་བསྡུས་པ་ཡིན་ལ། བོད་ཀྱི་གཞོན་སྐྱེས་གླུ་བ་སངས་རྒྱས་ཚེ་རིང་དང་གླུ་མ་གནམ་མཚོ་སོགས་གླུ་བ་གླུ་མ་དང་འཁྲབ་སྟོན་པ50ལྷག་ཞུགས་ཤིང་། ཁོ་ཚོའི་ལང་ཚོའི་ངར་ཞགས་འཁྱིལ་བའི་གཞས་ཀྱི་འགྱུར་ཁུགས་དང་། གར་གྱི་སྟངས་སྟབས་ལ་བརྒྱུས་པའི་ཟིལ་ཤུགས་ལས་འཚོ་བ་གསར་པའི་རང་མདངས་མངོན་པར་མཚོན་ཡོད།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།