ཞུའེ་ཧྲུན་ཡུན་གྱིས་དངུལ་རྩའི་ལས་དོན་ལ་བརྟག་དཔྱད་བྱས།

时事   2025-01-02 19:46   青海  
ཉེ་ཆར།རྫོང་ཏང་ཨུའི་ཧྲུའུ་ཅི་ཞུའེ་ཧྲུན་ཡུན་རྫོང་ནོར་སྲིད་ཅུའུ་དང་།རྫོང་ཞིང་སྡེ་ཚོང་ལས་དངུལ་ཁང་།རྫོང་སྦྲག་སྲིད་དངུལ་ཁང་།རྫོང་ཞིང་ལས་དངུལ་ཁང་བཅས་སུ་སོང་ནས་དངུལ་རྩའི་ཁྱབ་ཁོངས་ཀྱི་ལས་དོན་ལ་བརྟག་དཔྱད་བྱས་པར་མ་ཟད།རྫོང་གི་ཚན་ཁག་ཆེན་པོ་བཞིའི་ཚབ་བྱས་ཏེ་ལུགས་གསར་ལོ་སར་གྱི་གུང་གསེང་རིང་ལས་སྣོན་བྱས་པའི་དངུལ་རྩའི་སྡེ་ཁག་གི་ལས་བྱེད་པ་དང་ལས་བཟོ་པར་འཚམས་འདྲི་བྱས། 

ཀོས་ནན་རྫོང་ནོར་སྲིད་ཅུའུ་རུ་ཞུའེ་ཧྲུན་ཡུན་གྱིས་ནོར་སྲིད་འཁོར་སྐྱོད་དང་།གཏོང་སྒོ དམངས་འཚོ་འགན་སྲུང་། ནོར་སྲིད་དོ་དམ། ཉེན་ཁ་སྔོན་འགོག ཏང་སྲོལ་སྲིད་གཙང་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་བསྟན་དོན། ནོར་སྲིད་ལས་དོན་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པས།རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། རྫོང་ནོར་སྲིད་ཅུའུ་ཡིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ་ཀྲུང་དབྱང་སྲིད་ཇུས་ཀྱི་དགོངས་དོན་ཤེས་རྟོགས་ཟབ་མོ་དང་བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་གྱི་ལས་ཀའི་དམིགས་འབེན་མཐའ་འཁྱོངས་བྱས་ཏེ་ལོ་མཇུག་གི་ཞིབ་རྩིས་དང2025ལོའི་སྔོན་རྩིས་བཟོ་འགོད་ལས་དོན་ཁྲིམས་དང་སྒྲིག་སྲོལ་ལྟར་ལེགས་པར་བསྒྲུབ་དགོས བློ་རྩ་བརྟན་པོས་འབྲེལ་གཏུག་རོགས་ལས་ལ་ཤུགས་སྣོན་དང་གོང་རིམ་སྡེ་ཚན་གྱི་རྣམ་གྲངས་མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ།ཀོས་ནན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནོར་སྲིད་ཀྱི་འགན་སྲུང་སྔར་ལས་སྲ་བརྟན་བྱ་དགོསཔ་བསྟན། 

 

ཀྲུང་གོ་ཞིང་ལས་དངུལ་ཁང་ཀོས་ནན་ཡན་ལག་དངུལ་ཁང་དང་། ཀོས་ནན་ཞིང་སྡེ་ཚོང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི།ཀྲུང་གོ་སྦྲག་སྲིད་དངུལ་ཁང་ཀོས་ནན་རྫོང་ཡན་ལག་དངུལ་ཁང་བཅས་སུ་ཞུའེ་ཧྲུན་ཡུན་གྱིས་ཡིད་རྟོན་དངུལ་བུན་གྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། རིག་ནུས་ཅན་གྱི་ལྟ་སྐུལ་དོ་དམ་མ་ལག  དངུལ་རྩའི་ཞབས་ཞུའི་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་ནན་གྱིས་བསྟན་དོན། གྲངས་གཞིར་ཞིབ་འཇུག་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།ཞིང་གསུམ་དང་ཁེ་ལས་ཆུང་གྲས།རོང་འབྲོག་པ་མང་ཚོགས་བཅས་ལ་སྔར་ལས་སྟབས་བདེ་དང་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས། བསམ་ཕྱོགས་བསྒྱུར་བ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།    དངུལ་རྩའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།ཉེན་ཁ་སྔོན་འགོག་དང་ལས་འགན་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་སྔར་ས་མཐོ་རུ་བཏང་སྟེ། ཀོས་ནན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས།
རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་སྒྲོལ་མ་དོན་འགྲུབ་བརྟག་དཔྱད་ལ་ཞུགས།    

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章