དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་ཞིང་། བོད་ལྗོངས་ལྷ་ས་༢༠༢༥ལོའི་དཔྱིད་གསར་མཚན་ཚོགས་ཀྱི་ཡན་ལག་ཚོགས་ར་བཞིའི་ནང་གི་གཅིག་ཡིན་པས། འཁྲབ་སྟོན་ལས་དོན་གོ་རིམ་ལྡན་པའི་ངང་གྲ་སྒྲིག་བྱེད་བཞིན་ཡོད། པར་ལེན་ཚོགས་པ་ཁ་ཤས་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་སོ་སོར་མངགས་ནས་ཡུལ་དེའི་ཐུན་མིན་གྱི་རང་བྱུང་མཛེས་ལྗོངས་དང་འོད་སྟོང་འབར་བའི་རིག་གནས་པར་ལེན་རྒྱུར་གྲ་སྒྲིག་བྱས་ཡོད་ལ། དེ་རིང་ང་ཚོས་མངའ་རིས་པར་ལེན་ཚོགས་པ་ངོ་སྤྲོད་ཅིག་བྱའོ།།
春节的脚步越来越近
西藏拉萨作为
总台2025春晚分会场之一
各项筹备工作也在有序推进
总台2025春晚拍摄团队
走进西藏七市地
拍摄当地独特的
自然风光和特色人文风情
还将制作宣传片亮相春晚舞台
第一站
一起走进阿里去看一看!
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་༢༠༢༥ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་པར་ལེན་ཚོགས་པ་ཞིག་མངའ་རིས་རྩ་མདའི་དྲུ་རི་ལ་མངགས་ནས། ཡུལ་དེ་ནི་ད་ལོའི་མཚན་ཚོགས་ཀྱི་པར་ལེན་ས་ཞིག་ཡིན་པར་གཏན་འཁེལ་བྱས་ཡོད། ལྷ་སའི་ཡན་ལག་ཚོགས་རའི་ཡུལ་ལྗོངས་པར་ལེན་ཚོགས་ཆུང་གི་འགན་ཁུར་བ་ལི་ཏེ་དབྱང་གིས་དགུན་དུས་སུ་མངའ་རིས་རྩ་མདའི་ཡུལ་ལྗོངས་ལ་ས་ཆ་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཡོད། ང་ཚོའི་ཚོགས་ཆུང་གངས་མ་བབས་གོང་ས་ཆ་དེ་རུ་སོང་ནས་ཐེངས་མང་སྐོར་ཞིབ་བྱས་མཐར་པར་ལེན་ས་ཡག་ཤོས་ཤིག་བདམས་ཡོད། རྩ་མདའི་དྲུ་རི་འདི་མཚོ་དང་མཚེའུ་དང་ན་འདམ་གྱིས་གྲུབ་པ་ཞིག་ཡིན་ཞིང་། རྒྱལ་ཡོངས་དང་འཛམ་གླིང་གི་ངོས་ཐད་ནས་བལྟས་ན་ཡང་ཆེས་ཁྱད་མཚར་བའི་གནས་ཡ་མཚན་ཅན་ཞིག་རེད། དྲུ་རིའི་འགྲམ་དུ་སེང་གེ་ཁ་འབབ་བཞུར་བཞིན་ཡོད་ལ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༥༠༠༠ཙམ་ཡོད་ཅེས་བརྗོད་པ་རེད།
总台2025春晚拍摄团队选择了札达土林作为取景地,在色彩斑斓中追寻至关重要的一抹黄色。据总台2025年春晚西藏拉萨分会场外拍组制片组李德洋介绍,摄制组选择土林的一个原因是来自于最开始的一个创意点,想要在冬季的西藏寻找七种颜色,其中的黄颜色便选择在了札达土林。
为了找到最佳取景角度,拍摄团队在土林各地反复寻觅、比对,并与老天抢时间,赶在下雪前进行拍摄。札达土林作为独特的河湖相沉积地貌,是大自然鬼斧神工的杰作,被誉为“中国的唯一、世界的典型”。土林沿象泉河两岸分布,规模达5000平方公里,札达沟、桑达沟两处排列着最为壮观的土林群。这是属于西藏独一无二的震撼的黄色,期待它在春晚宣传片中倾城亮相!
ལོ་ངོ་དུང་ཕྱུར་མང་པོའི་དུས་ཚོད་ཀྱི་འཁོར་འགྲོས་ཁྲོད་རང་བྱུང་ཁམས་སུ་ལྟ་བས་མི་ངོམ་པའི་མཛེས་ལྗོངས་ཆགས་ཡོད་པ་དང་། ཡུལ་སོ་སོའི་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ལོ་རྒྱུས་བཞེངས་སྐྲུན་བྱས་ཡོད། མངའ་རིས་གར་ཆུང་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་པར་མ་ཟད། དེའི་ལོ་ངོ་སྟོང་ཕྲག་རིང་གི་དམངས་སྲོལ་གོམས་གཤིས་དང་ལོ་རྒྱུས་ཀྱི་འཕེལ་རིམ་ཡང་མཚོན་ཐུབ། ཞང་ཞུང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་ལུས་ལ་འོད་མདངས་རྣམ་པར་བཀྲ་བའི་རྨ་བྱའི་གྱོན་ཆས་མནབས་ཏེ། ལྡེམ་མྱུར་འཁྱུག་པའི་སྟངས་སྟབས་ལ་བརྟེན་ནས་རྩ་མདའི་མི་ལོ་སྟོང་ཕྲག་རིང་གི་འོད་སྟོང་འབར་བའི་རིག་གནས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་གཟིགས་འབུལ་ཞུ་རྒྱུ་རེད།
མངའ་རིས་ཀྱི་རིག་གནས་ལོ་རྒྱུས་དང་རང་བྱུང་མཛེས་ལྗོངས་ཐེངས་འདིའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་བརྒྱུད་ནས་ཀུན་གྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པས། ཡུལ་སྐོར་བ་ཚོར་ཡིད་ཀྱི་དབང་པོ་ཅིག་ཅར་འཕྲོག་སྲིད་པའི་ཡ་མཚན་གྱི་ལྟད་མོ་ཞིག་གཟིགས་འབུལ་ཞུ་ངེས།
亿万年的时光流转,留下了让人震撼的美景,还孕育了充满地域风情的特色文化。宣舞作为国家级非物质文化遗产之一,承载着当地数千年的民俗风情与历史记忆。来自象雄艺术团的演员们,身着流光溢彩的孔雀服,脚步轻盈、错落有致,在扎达土林尽情一舞,绽放别样光彩。
驻足四望,群山起伏,土林如海,宣舞飞扬。阿里深厚的历史底蕴与绚丽的自然风光,也将随着此次春晚的契机,再度绽放华光,吸引更多游客来到阿里,来到西藏。
下一抹冬日颜色会是哪里?
即将为您揭晓!
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། དབང་མོ།
主编 | 吾见才让
副主编 | 平多 桑布
编辑 | 先巴 旺姆
来源 | 西藏卫视+
译文 | 阳光西藏