ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་སྒྲུབ་བྱས་པའི་༢༠༢༥ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཉི་ཤུ་དགུའི་དགོང་མོ་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད། ལྷ་སའི་ཡན་ལག་ཚོགས་རའི་ལེ་ཚན་ཁ་ཤས་ཤིག་ཀུན་ལ་ངོ་སྤྲོད་ཞུ་རྒྱུ།
中央广播电视总台
《2025年春节联欢晚会》
正在紧锣密鼓筹备中
随着除夕夜的临近
更多拉萨分会场的节目
陆续被剧透
ཚེ་བརྟན་སྒྲོལ་མས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་གར་སྟེགས་སུ་འཁྲབ་སྟོན་བྱ་རྒྱུ་རེད། འོག་གི་ཡི་གེ་སྔོན་པོ་འདི་གནན་ན་ཞིབ་ཕྲའི་གནས་ཚུལ་ལ་གཟིགས་ཐུབ།
(点击此行查看详情)
གཤམ་ལ་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་ལྟད་མོ་ཁ་ཤས་ངོ་སྤྲོད་བྱ་རྒྱུ།
今天
我们的记者独家探班
拉萨分会场排练现场
还有什么西藏元素的节目
将登上今年春晚?
接着往下看
ལྷ་རྩེ་སྟོད་གཞས།
拉孜堆谐来啦~
གཞིས་ཀ་རྩེ་ཡར་ཀླུང་གཙང་པོའི་འགོ་ཁུངས་སུ་ཆགས་ཡོད་པ་དང་། སྣོད་བཅུད་འཛོམས་པའི་ཁོར་ཡུག་འདིར་འོད་སྟོང་འཕྲོ་བའི་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པ་ཡོད། ༢༠༠༧ལོར། ལྷ་རྩེའི་སྟོད་གཞས་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་གར་སྟེགས་ཐོག་ནས་གཟིགས་འབུལ་བྱས་པ་དང་། ༼རྒྱུད་སྐུད་དབྱངས་རྟས་དཔྱིད་དཔལ་བསུ།༽ཞེས་པའི་གླུ་གཞས་དེས་ཀུན་ལ་ཡིད་ཀྱི་སྨོན་པ་འཆོར་དུ་བཅུག ༢༠༠༨ལོར། ལྷ་རྩེའི་སྟོད་གཞས་དེ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་སྲུང་སྐྱོང་མིང་ཐོ་རུ་བཅུག་པ་རེད།
ད་ལོ། ལྷ་རྩེ་སྟོད་གཞས་ནི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་ལེ་ཚན་ཐོག་མ་རུ་བདམས་ཡོད།
日喀则作为雅江之源,孕育出了丰富多样的生态环境,雅鲁藏布江也孕育出了灿烂的民俗文化。在2007年,拉孜堆谐登上了央视春晚舞台,一曲《飞弦踏春》更是震惊全场,让拉孜堆谐从此名声大噪。在2008年,拉孜堆谐被列入国家第二批非物质文化遗产保护名录。
今年,拉孜堆谐更是成为了春晚拉萨分会场节目单上的首选。
ད་ལོ་ལོ་༥༧ལ་སླེབས་པའི་བཀྲ་ཤིས་དབང་ལགས་ནི་རང་སྐྱོང་ལྗོངས་རིམ་པའི་ལྷ་རྩེའི་སྟོད་གཞས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པ་དང་། དེ་སྔོན་ཁོང་གིས་ལྷ་རྩེའི་སྟོད་གཞས་ཚོགས་པའི་སྣེ་ཁྲིད་ནས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དང་ཨེ་ཤེ་ཡའི་རིག་གནས་ལོ་ཚོགས་བཅས་ཀྱི་གར་སྟེགས་ཐོག་ཀུན་ལ་གཟིགས་འབུལ་བྱས་པ་རེད།
今年57岁的扎西旺拉是自治区级拉孜堆谐非遗传承人,他曾带领拉孜堆谐登上了春晚和亚洲文化嘉年华等大型活动,让世人感受着西藏非遗的魅力。
ད་ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་སྟེང་། ཁོང་གིས་སྣེ་ཁྲིད་ནས་འཛམ་གླིང་སའི་གོ་ལའི་སྟེང་གི་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་སྐར་ཆ་༣༠རིང་ཡིད་ཀྱི་དབང་བོ་ཅིག་ཅར་འཕྲོག་སྲིད་པའི་ལྷ་རྩེའི་སྟོད་གཞས་འཁྲབ་སྟོན་བྱ་རྒྱུ་རེད།
今年春晚分会场设立在“家门口”,而他作为总台2025春晚拉萨分会场拉孜堆谐编导,将带领当地的老百姓把西藏非遗魅力展示给全世界!
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། རྒྱལ་མཚན། སྐལ་བཟང་།
主编 | 吾见才让
副主编 | 平多 桑布
编辑 | 先巴 坚参 格桑
来源 | 西藏卫视+
译文 | 阳光西藏