སྤྱི་ཟླ་༡ཚེས་༡༦ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་༦.༨རིམ་པའི་ས་ཡོམ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཙུའི་ཁོངས་མི། ཐིང་ཀྲང་གཞོན་པ་ལྷ་མོ་སྒྲོལ་མས་ཡོམ་འགོག་གེགས་སེལ་ལ་ཞལ་འདེབས་ཕུལ་བའི་དངུལ་ཟོག་སྐོར་གྱི་གནས་ཚུལ་ངོ་སྤྲོས་བྱས་པ་རེད།
1月16日下午,西藏自治区人民政府新闻办公室举行西藏自治区日喀则定日6.8级地震新闻发布会。西藏自治区民政厅党组成员、副厅长拉姆卓玛就抗震救灾款物捐赠等情况进行介绍。
ཚོགས་འདུའི་ཐོག་ངོ་སྤྲོས་བྱས་པར་གཞིགས་ན། སྤྱི་ཟླ་༡ཚེས་༡༥ཉིན་གྱི་ཆུ་ཚོད་༡༨བར། སྤྱི་ཚོགས་ལས་རིགས་ཁག་གི་ཞལ་འདེབས་ཕུལ་བའི་དངུལ་ཟོག་ཁྱོན་བསྡོམས་སྒོར་དུང་ཕྱུར་༡༦.༣༧ཟིན་པ་དང་། དེའི་ནང་མ་དངུལ་སྒོར་དུང་ཕྱུར་༡༥.༣༡ཟིན་པ་དང་། དངོས་ཟོག་རིན་ཐང་སྒོར་དུང་ཕྱུར་༡.༠༦ཟིན་ཡོད། དེ་དག་གཙོ་བོར་ཡོམ་ཁུལ་མང་ཚོགས་ཀྱི་གནས་སྤོ་བཀོད་སྒྲིག་དང་གཞི་རྩའི་འཚོ་བའི་འགན་ལེན་སོགས་ལ་བེད་སྤྱོད་བྱ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་སྔ་ནུར་དུ་དིང་རི་རྫོང་ལ་ཀྲུང་དབྱང་ནོར་སྲིད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི་༦༦༣.༣སྤྲད་ཟིན་པས། ཡོམ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་༡༩༧༠ཡི་གཞི་རྩའི་འཚོ་བར་འགན་སྲུང་ཐུབ་ཡོད།
会上介绍,截至1月15日18时,接收社会各界捐赠款物共计16.37亿元,其中资金15.31亿元、物资1.06亿元,主要用于灾区群众转移安置、基本生活保障等。
西藏自治区民政厅已提前向定日县下达中央财政困难群众救助补助资金663.3万元,灾区1970名困难群众基本生活得到保障。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། དབང་མོ། རྒྱལ་མཚན།
主编 | 吾见才让
副主编 | 平多 桑布
编辑 | 格丹 旺姆 坚参
来源 | 央视新闻客户端
译文 | 阳光西藏