ཞོགས་པ་འདིར། ཁོང་ཚོ་ཡོམ་ཁུལ་ནས་ཕྱིར་ལོག་འདུག

时事   2025-01-18 18:31   西藏  

ས་ཡོམ་རྒྱག་སྐབས་ཁོང་ཚོ་མྱུར་སྐྱོབ་བྱེད་པར་གློག་ལྟར་ཐོན་ངེས་ལ།  ཕྱིར་ལོག་དུས་ཀུན་ལ་སུན་པོ་མ་བཟོས་བར་འཇམ་ཅག་གེར་ཐོན་པ་རེད།

ཟླ་༡པའི་ཚེས་༧ཉིན་གྱི་ཆུ་ཚོད་༩དང་སྐར་མ་༥ཡི་ཐོག གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་གི་ཉེ་འགྲམ་དུ་ས་ཡོམ་རིམ་པ་༦.༨བརྒྱབ་པ་དང་། གནོད་འཚེའི་ཐེབས་དུས་བོད་སྡོད་དཔུང་སྡེ་དང་། དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་བཀའ་ལྟར་གང་མགྱོགས་མགྱོགས་ངང་ཡོམ་ཁུལ་དུ་བསླེབས་ཡོད། 


他们来时雷厉风行,撤离时却默然无声。


1月7日9时5分,日喀则市定日县措果乡附近发生6.8级地震。灾情就是命令!驻藏部队和武警官兵闻令而动,以最快速度赶赴灾区。



པར་རིས་འདི་ནི་ཟླ་༡པའི་ཚེས་༡༧ཉིན། དིང་རི་རྫོང་གྲང་སོ་ཤང་དགའ་ལྡན་གྲོང་ཚོའི་མང་ཚོགས་རྣམས་ཕྱིར་འཐེན་བཞིན་པའི་དཔོན་དམག་ལ་ཁ་བཏགས་འབུལ་བཞིན་པའི་ཚུལ་ཡིན། གསར་འགྱུར་བ་ལིའུ་ཏ་ཧུའེ་། སུང་ཝེ་ཁུན་། ཝང་ཅ་ཧྲེང་བཅས་ཀྱིས་པར་བླངས། 


图为1月17日,定日县长所乡嘎旦村受灾群众为踏上归程的西藏军区某部官兵敬献哈达。通讯员 刘大辉 宋伟坤 王佳盛 摄

སྟོབས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་ཀ་རྩེ་ཉིང་ལག་རུ་ཁག་ལས་སྒྲུབ་རུ་ཆེན་གསུམ་པ་དིང་རི་རུ་འབྲིང་གི་དཔོན་དམག་ཚོས་ལག་པ་གཉིས་ལ་བརྟེན་ནས། ཞིག་རོའི་ཁྲོད་དུ་སོ་ཕག་སྔོག་འདོན་བྱས་ཏེ་རྒན་རྒོན་གཅིག་དང་མ་བུ་གཉིས་བསྐྱབས་པ་དང་། འཕྲོད་བསྟེན་པ་ཝུའེ་ཏ་ཡིས་འཕྲལ་མར་རྒན་རྒོན་ལ་ཁས་ཕུ་བརྒྱབ་ནས་དབུགས་འབྱིན་རྔུབ་བྱེད་དུ་བཅུག་རྗེས། མ་བུ་གཉིས་ལ་རྨ་རས་དཀྲིས་ཏེ་སྟབས་བདེའི་སྨན་བཅོས་བྱས་པ་རེད།


བགྲོད་ལམ་མྱུར་བཟོ་བྱས་པ།  བོད་དམག་ཁུལ་ཁང་གི་ཐོན་ག་གེ་མོའི་དཔོན་དམག་གིས་གེགས་ཁུལ་དུ་སྐྱོད་པའི་ལམ་བར་དུ་འགྲོ་ལམ་ལ་གཏོར་སྐྱོན་ཕོག་པ་ཤེས་རྗེས། འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མྱུར་དུ་བཟོས་པ་རེད།


སྦྲ་གུར་ཕུབ་པ། པ་སངས་བུ་ཁྲིད་ཀྱི་ཁང་པ་དེ་ས་ཡོམ་ཁྲོད་སེར་ཁ་གས་ཡོད་པ་དང་། གཞིས་ཀ་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་གི་རོགས་རམ་འོག ཁོ་ཚོ་ས་ཡོམ་བརྒྱབ་པའི་ཉིན་དེར་དྲོད་སྲུང་གུར་ནང་བཀོད་སྒྲིག་བྱས་ནས་མེ་བསྒོངས་ཏེ་དྲོད་སྐྱེད་པ་རེད།


འཚོ་བའི་མཁོ་སྒྲུབ་ལ་འགན་ལེན་བྱས་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་ཀ་རྩེ་ཉིང་ལག་རུ་ཁག་འཚོ་བའི་མཁོ་སྒྲུབ་འཕྲལ་སྡོམ་འགན་ལེན་དཔོན་དམག་ཡོམ་ཁུལ་དུ་འབྱོར་མ་ཐག མགྱོགས་མྱུར་ངང་གུར་ཕུབ་རྗེས་ཟ་མ་བཟོས་ཏེ་མང་ཚོགས་ལ་ཁ་ལག་སྤྲད་པ་རེད།


སྨན་བཅོས་བྱས་པ། བོད་ལྗོངས་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གིས་འཕྲལ་སྡོམ་སྨན་བཅོས་རུ་ཁག་གིས་མྱུར་སྐྱོབ་རླངས་འཁོར་དང་གཤག་བཅོས་རླངས་འཁོར་སོགས་ཡོམ་ཁུལ་དུ་བཏང་ནས་རོགས་སྐྱོབ་བྱས་པ་རེད།


མགུ་རིང་གྲོང་ཚོའི་གྲོང་མི་ཚེ་རིང་བཀྲ་ཤིས་ཀྱིས་བཅིངས་འགྲོལ་དམག་མི་ཡོད་པས་སྐྲག་དགོས་དོན་ཅི་ཡང་མེད་ལ། ཡོད་ཚད་བདེ་ལེགས་ཡོང་ངེས་ཞེས་བརྗོད་པ་རེད། 


全力搜救——武警西藏总队日喀则支队执勤三大队定日中队的官兵们,用双手刨挖废墟中的砖石,救出一名老人和母子二人,卫生员魏大茌立即为老人做人工呼吸,为母子二人包扎、简单救治;


抢通道路——西藏军区某团官兵在进入灾区途中,发现道路损毁,当即组织力量抢修;


搭建帐篷——巴桑普次一家的房屋在地震中开裂成为危房,在日喀则军分区官兵的帮助下,他们在地震当天就住进保温帐篷,用上煤炭取暖炉;


后勤保障——武警西藏总队日喀则支队后勤应急保障官兵,一到目的地,便迅速搭建帐篷、卸运物资,只为第一时间让灾区群众吃上一口热乎乎的饭菜;


义诊巡诊——西藏军区总医院派出应急医疗队及野战手术车、救护车、发电车等,从拉萨驰援日喀则;


……


灾难来临,他们永远是人民最坚实的依靠;危难时刻,他们用自己的生命和安全,保障人民的生命和安全。古荣村村民次仁扎西说:“怕什么,有解放军在,一切都会好起来的。”这是人民对子弟兵的信任和依赖。


པར་རིས་འི་ནི་ཟླ་༡པའི་ཚེས་༡༧ཉིན་དིང་རི་རྫོང་གྲང་སོ་ཤང་དགའ་ལྡན་གྲོང་ཚོའི་མང་ཚོགས་རྣམས་ཀྱི་བོད་ལྗོངས་དམག་ཁུལ་ག་གེ་མོའི་དམག་མི་ཚོར་ཁ་བཏགས་འབུལ་བཞིན་པའི་ཚུལ་རེད། གསར་འགྱུར་བ་ལིའུ་ཏ་ཧུའེ། སུང་ཝུའེ་ཁུན། ཝང་ཅ་ཧྲེང་བཅས་ཀྱིས་པར་བླངས། 


图为1月17日,定日县长所乡嘎旦村受灾群众为踏上归程的西藏军区某部官兵敬献哈达。通讯员 刘大辉 宋伟坤 王佳盛 摄

ད་ཆ་ཡོམ་འགོག་གེགས་སེལ་ལས་དོན་ཕྱོགས་ཡོངས་ནས་བར་བརྒལ་བཀོད་སྒྲིག་གི་ཕྱོགས་སུ་བསྒྱུར་ཡོད་པ་དང་། བཅིངས་འགྲོལ་དམག་མི་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོ་ཡང་ཕྱིར་ལོག་པའི་ལམ་ཁ་སྙེག་ཅིང་། མང་ཚོགས་སུན་པོ་མི་བཟོ་ཆེད་དཔོན་དམག་ཚོ་ཞོགས་པ་སྔ་མོ་ནས་ལངས་ཏེ་དངོས་ཟོག་གྲ་སྒྲིག་བྱས་ནས་ཕྱིར་ལོག་རྩིས་བྱས་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་མང་ཚོགས་རྣམས་རང་འགུལ་ངང་འཛོམས་ནས་དམག་མི་ཚོར་ཁ་བཏགས་ཕུལ་ནས་བཀའ་དྲིན་ཞུས་པ་རེད། 


如今,抗震救灾工作全面转向过渡安置,解放军指战员和武警官兵也默默踏上了归程。为了不打扰群众休息,官兵们一大早便整理好物资,准备返回驻地。但是令大家没想到的是,许多受灾群众自发聚集,为官兵们献上洁白的哈达,以最诚挚的方式向官兵们表达感激之情。


པར་རིས་འདི་ནི་ཟླ་༡པའི་ཚེས་༡༧ཉིན། དམག་མི་ཚོས་དིང་རི་རྫོང་གྲང་སོ་ཤང་དགའ་ལྡན་གྲོང་ཚོའི་མང་ཚོགས་རྣམས་ལ་གུས་འདུད་ཞུ་བཞིན་པའི་ཚུལ་རེད།  གསར་འགྱུར་བ་ལིའུ་ཏ་ཧུའེ། སུང་ཝུའེ་ཁུན། ཝང་ཅ་ཧྲེང་བཅས་ཀྱིས་པར་བླངས། 


图为1月17日,即将踏上归程的西藏军区某部官兵向定日县长所乡嘎旦村受灾群众敬礼。通讯员 刘大辉 宋伟坤 王佳盛 摄

གྲོང་ཚོའི་བཅའ་སྡོད་ལས་བྱེད་པ་ཝུའུ་ཆི་ཞུན་གྱིས་གོས་དར་བསྣམས་ནས་སེམས་འགུལ་ཐེབས་པའི་ངང་གལ་ཏེ་ཁྱོད་ཚོ་མེད་ན་ངས་ངོ་མ་ཅི་ཞིག་བྱ་དགོས་པ་མི་ཤེས་ཞེས་བརྗོད་པ་རེད། དགའ་ལྡན་གྲོང་ཚོའི་གཞོན་ནུ་དོན་གྲུབ་ཚེ་རིང་ད་ལོ་ལོ་༡༨ལ་སླེབས་ཡོད་པ་དང་། ཁོས་མ་འོངས་པར་ང་ཁྱེད་ཚོ་དང་འདྲ་བར་དམག་མི་ཞིག་བྱ་འདོད་ཅེས་བརྗོད་པ་ན། སློབ་སྟོན་པ་ཝུའུ་དབྱིན་ལུང་བཅས་དམག་མི་མང་པོ་ཞིག་གི་མིག་མཐར་ཡང་མིག་ཆུ་འཁྱུལ་ཞིང་། བཅིངས་འགྲོལ་དམག་མིའི་རླངས་འཁོར་དལ་བུར་གྲོང་ཚོའི་ཕྱི་རུ་ཐོན་པ་དང་། མང་ཚོགས་རྣམས་སྡེ་འདབས་སུ་ཀྲོང་ངེར་ལངས་ནས་འཐབ་མོ་བ་རྣམས་ལ་ལག་གཡུག་བྱེད་བཞིན་གྱེས་ཕྱག་ཕུལ་བ་རེད།


危难之中见真情。“如果没有你们,我真的不知道该怎么办了。”驻村干部吴奇洵手拿锦旗动情地说。嘎旦村青年顿珠次仁今年刚好18岁,他的新年目标是“当兵”,他对官兵们说:“谢谢你们来救我们,我想成为和你们一样的人。”很多官兵的眼眶也湿润了。“我们也很不舍。”指导员邬银龙说。


车辆缓缓驶出村庄,群众站在村口向战士们挥手告别……




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་།


主编 | 吾见才让

副主编 | 平多  桑布

编辑 | 先巴  格桑

来源 | 西藏卫视+

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章