བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་སྤེལ་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་ཐང་དོ་དམ་དགོས་མཁོ་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཐ་མལ་ནད་མེད་ལྟེ་གནས་ཀྱིས་སྨན་ཁང་གི་འཇོན་ལྡན་སྨན་པ་བཀོད་སྒྲིག་བྱས་ཏེ། ཐ་མལ་ནད་མེད་སྒོ་བསྟེན་སྨན་ཁང་བཙུགས་ཡོད་པ་དང་། དེར་གཙོ་བོ་ལས་བྱེད་པ་དང་། མང་ཚོགས། རྒན་རྒོན། གཟུགས་གཞི་སྐྱོ་བའི་མི། མཚན་མའི་ནུས་པ་ཤོར་བ། གཉིད་མི་ཁུག་པ། ཤ་རྒྱགས་པ་ཅན། ཡིད་མུག་པ་ཅན། བློ་གཡེང་བ་ཅན་བཅས་ཀྱི་ནད་པར་བོད་ལུགས་གསོ་རིག་གི་ཐ་མལ་ནད་མེད་སྨན་བཅོས་བྱ་ཐབས་བརྒྱུད་ནས་མཛུབ་ཁྲིད་ཞབས་ཞུ་སྤེལ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་བོད་ལུགས་གསོ་རིག་གི་རྒྱུན་མཐོང་ནད་ཀྱི་བརྟག་དཔྱད་དང་། ནད་གཞི་སྔོན་བཤེར། སྨན་བཅོས་མཛུབ་ཁྲིད་སོགས་ཞབས་ཞུ་ཡང་སྤེལ་རྒྱུ་རེད།
据“西藏自治区藏医院”最新消息,结合我区干部群众健康管理需求,西藏自治区藏医院治未病科将整合医院精干力量,开设“治未病门诊”,针对广大干部群众、老年群体、体质虚弱人群以及性功能障碍、睡眠障碍、肥胖、抑郁及焦虑前期等人群开展藏医特色治未病指导服务,同时,对藏医常见病进行诊疗、疾病预检以及就诊科室指导等服务。
ས་གནས།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་བདེ་ཐང་དོ་དམ་ཐ་མལ་ནད་མེད་ལྟེ་གནས། སྒོ་རྟགས་ཁྲེང་ཀོན་ཆུས་ཉང་བྲན་ལམ་ཨང་༢༦པ་ཡིན།
སྨན་པ།
སྐལ་ལྡན་ཉི་མ། ཉི་མ་ལྷ་འཛོམས། བློ་བཟང་ཟླ་བ། ལྷ་མོ། མཚམས་གཅོད་རྒྱལ་པོ།
སྨན་བཅོས་བྱེད་པའི་དུས་ཚོད།
གཟའ་ཟླ་བ་ནས་གཟའ་པ་སངས་བར། སྔ་དྲོའི་ཆུ་ཚོད་༩:༣༠-༡༣:༠༠་དང་། ཕྱི་དྲོའི་ཆུ་ཚོད་༡༥:༠༠-༡༨:༠༠བར་ཡིན།
གཟའ་སྤེན་པར། སྔ་དྲོའི་ཆུ་ཚོད་༩:༣༠ -༡༣:༠༠བར་ཡིན།
བློ་འདྲིའི་ཁ་པར།
༠༨༩༡ -༦༣༣༠༣༢༩
༡༣༣༠༨༩༡༢༤༣༠
༡༣༣༩༨༠༠༠༨༠༦
科室地点:
西藏自治区藏医院健康管理(治未病) 中心(城关区娘热路26号)
出诊医师:
嘎登尼玛、尼玛拉宗、洛松达瓦、拉姆、仓决加布。
出诊时间:
周一至周五:9:30-13:00;15:00-18:00
周六:9:30-13:00
咨询电话:
0891-6330329
13308912430
13398000806
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་། རྒྱལ་མཚན།
主编 | 吾见才让
副主编 | 平多 桑布
编辑 | 先巴 格桑 坚参
来源 | 西藏自治区藏医院
译文 | 阳光西藏