ང་ཚོ་མཉམ་དུ་ལྷ་སའི་ཡན་ལག་ཚོགས་རར་འགྲོ།

时事   2025-01-26 17:41   西藏  




春晚倒计时


ཉི་ཤུ་དགུ་ཟིན་པར་ཉིན་༢ལས་མེད་པ་དང་།

དཔྱིད་གསར་དགོང་ཚོགས་ཡང་སླེབས་ལ་ཉེ་ཡོད།

ཚང་མས་རེ་སྒུག་བྱེད་བཞིན་པའི་བོད་ལྗོངས་ལྷ་སའི་འོད་མཐོའི་དུས་ཚེགས་ཡང་དལ་པོར་གམ་དུ་བཅར།

ལེ་ཚན་སྔོན་བརྡ་རེ་རེ་དང་བསྟུན། ༢༠༢༥ལོའི་དཔྱིད་གསར་དགོང་ཚོགས་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་ངོ་མཚར་ཡང་ང་ཚོ་དང་དེ་བས་ཐག་ཉེ་རུ་ཕྱིན་ཡོད།

དཔྱིད་གསར་དགོང་ཚོགས་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རར་ད་དུང་ངོ་མཚར་ལྡན་པའི་ལྟད་མོ་གང་དག་ཡོད་ཅེ་ན།

མགྱོགས་པོར་གསར་འགོད་པ་དང་མཉམ་དུ་ས་ཡུལ་དངོས་ལ་འབྱོར་ཐོ་འགོད་པར་འགྲོ།

今天距离除夕还有2天

春晚也进入倒计时

大家期待的西藏拉萨的

高光时刻即将来临

随着一波波剧透

总台2025年春晚

西藏拉萨分会场的

神秘面纱也即将揭开


春晚西藏拉萨分会场

还将有哪些惊喜亮相?

快跟本台记者

一起去现场打卡吧






春晚舞台上的西藏非遗




ད་ལོ་ལྷ་སའི་ཡན་ལག་ཚོགས་རའི་གར་སྟེགས་དེ་འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏཱ་ལའི་འདབས་སུ་ཡོད་ལ། ཉིན་ཤས་རྗེས་སུ་མི་སེམས་འགུལ་བའི་འཁྲབ་སྟོན་མང་པོ་གནས་འདི་གར་འཁྲབ་འགོ་ཚུགས་རྒྱུ་རེད། དེའི་ནང་དམིགས་གསལ་ཁྱད་ཆོས་ལྡན་པའི་དངོས་མིན་རིག་གནས་ཤུལ་བཞག་ལྷ་རྩེའི་སྟོད་གཞས་དང་། སྨར་ཁམས་པི་ཝང་། ནག་ཆུའི་སྒོར་གཞས། གུ་གེའི་ཤོན་སོགས་མང་པོ་ཡོད་པས། ང་ཚོས་མཉམ་དུ་བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་དཔྱིད་གསར་དགོང་ཚོགས་གར་སྟེགས་ཐོག་གི་གཟི་ཉམས་ལ་རེ་སྒུག་བྱའོ།


今年春晚拉萨分会场的舞台,位于世界文化遗产布达拉宫的脚下,几天后一场震撼人心的文化盛宴将在这里上演,其中的非遗元素更是独具特色,拉孜堆谐、芒康弦子、那曲锅庄、古格宣舞...让我们一同期待西藏非遗在春晚舞台上的高光时刻。


全世界独有的舞台背景




ད་ལོ་ནི་དཔྱིད་གསར་དུས་ཆེན་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་རྗེས་ཀྱི་དཔྱིད་གསར་དགོང་ཚོགས་ཐོག་མ་དེ་ཡིན་པ་དང་། བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་ར་ནི་ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་དུ་ཡོད་ལ། བཙུགས་པ་དང་གར་སྟེགས་ཐོག་གི་དཀར་གཙང་མཇལ་དར་གྱིས་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་མཚོན་པར་མ་ཟད། གློག་རྡུལ་བརྙན་ཤེལ་ཐོག་གི་རྒྱབ་ལྗོངས་ཀྱང་འཁྲབ་སྟོན་གྱི་ནང་དོན་དང་བསྟུན་ནས་འགྱུར་ལྡོག་འགྲོ་གི་ཡོད། མཚན་མོར་སླེབས་པ་དང་། མཚོན་མདོག་བཀྲ་བའི་གློག་སྒྲོན་འོག ཕོ་བྲང་པོ་ཏཱ་ལའི་བརྗིད་ཉམས་ལྡན་པའིགཟི་བྱིན་ཡང་གསལ་པོར་མངོན་ཞིང་། ད་ལོའི་དཔྱིད་གསར་དགོང་ཚོགས་སྐབས་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དེར་བརྟེན་ནས་རྒྱལ་ཡོངས་ཀྱི་གཟིགས་མོ་བ་ཚོར་ལོ་གསར་གྱི་སྨོན་འདུན་ཡང་འབུལ་རྒྱུ་རེད།    

今年是春节申遗成功后的首届总台春晚,西藏拉萨分会场设立在布达拉宫广场,舞台上,高高扬起的哈达代表着最诚挚的欢迎与祝福,电子屏上的背景也会随着演出内容不停变换。夜幕降临,华灯初上,布达拉宫被灯光勾勒出宏伟轮廓,今年春晚,西藏拉萨分会场将依托这独一无二的美景,为全国观众送上新春祝福。


高科技加持




ཚང་མས་དཔྱིད་གསར་དགོང་ཚོགས་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དངོས་སུ་མྱོང་ཚོར་བྱ་ཆེད། རྩེར་སོན་གྱི་སྒྲིག་ཆས་མང་པོ་ཞིག་ཀྱང་བེད་སྤྱོད་བྱས་ཡོད། དེའི་ནང་ད་ལྟ་རྒྱལ་ནང་དུ་ཆེས་སྔོན་ཐོན་ཡིན་པའི་རྗེས་འདེད་ལག་རྩལ་སྒྲིག་སྦྱོར་བྱས་པའི་པར་ཆས་ཚུད་ཡོད། དེས་གར་སྟེགས་ཐོག་སྐར་ཆ་རེར་སྨི་༨ཀྱི་མྱུར་ཚད་ཐོག་ནས་གར་སྟེགས་ཀྱི་རྣམ་པ་ཡོངས་སམ་ཡང་ན་དེའི་ཟུར་ཙམ་མགྱོགས་མྱུར་བརྗེ་ཐུབ་ཀྱི་ཡོད།  

为了让大家能身临其境般感受到西藏拉萨春晚分会场独特魅力,许多高精尖的设备也走上了高原。目前国内唯一一套配备了最先进跟踪技术的三维索道万象鹰眼设备。通过它可以在舞台上以每秒8米的速度,实现从超大景别到极小细节的快速转换,呈现更丰富和多角度的舞台效果。在现场,观众席、舞台上还有数不清的收声话筒,为观众带来一场“沉浸式”的演出体验。


明星艺人助阵




ཉིན་གཉིས་ཀྱི་རྗེས་སུ། དཔྱིད་གསར་དགོང་ཚོགས་ཚང་མའི་སྤྱན་ལམ་དུ་འབུལ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་༢༠༢༥ལོའི་དཔྱིད་གསར་དགོང་ཚོགས་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རར་ཚང་མས་རྒྱུས་མངའ་ཡོད་པའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་སྐྱོང་གྲགས་ཅན། ལྷ་སའི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་བ་ཀྲུའུ་ཤུན་དང་། དཔྱིད་གསར་དགོང་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་པའི་༢༠༠༠ལོའི་རྗེས་སྐྱེས་པའི་གཙོ་སྐྱོང་བ་སྲི་ཐར་ནོར་བུ། ད་དུང་ལོ་ངོ་༡༨རྗེས་སླར་ཡང་དཔྱིད་གསར་དགོང་ཚོགས་ནང་ཞུགས་པའི་དགུང་ལོ་༨༨ལ་ཕེབས་པའི་བོད་རིགས་གཞས་མ་རྒན་ཚེ་བརྟན་སྒྲོལ་མ་ལགས་སོགས་ཡོད།    

再过两天,春晚就即将和大家见面。据了解,目前已经确定亮相总台2025年春晚西藏拉萨分会场有大家熟悉的总台著名主持人、拉萨文旅宣传推广大使朱迅,第一次登上春晚的“00后主持人“斯塔罗布,时隔18年再次登上春晚的近88岁高龄的藏族女高音歌唱家才旦卓玛。

ལྷ་སའི་ཡན་ལག་ཚོགས་རའི་ནང་

ད་དུང་སྒྱུ་རྩལ་བ་སུ་དང་སུ་སླེབས་ཡོད་པ་ཤེས་འདོད་ན།

མུ་མཐུད་ནས་ང་ཚོའི་སྤྱི་སྟེགས་ལ་

དོ་ཁུར་གནང་རོགས།


还有哪些明星艺人助阵

总台2025年

春晚西藏拉萨分会场

我们将陆续为您揭晓

我们一同期待!


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། རྒྱལ་མཚན། སྐལ་བསྟན། བྱམས་པ།


主编 | 吾见才让

副主编 | 平多 桑布

编辑 | 坚参 格丹 先巴

来源 | 西藏卫视+

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章