ལྷ་སར་ཉེ་དུས་ཞིབ་བཤེར་ནན་པོ་བྱེད་ཀྱི་འདུག

时事   2025-01-24 16:13   西藏  



























































































































































































































































































































































































































































































































































































































































































































































































































































































































































































































































































































































































































































































































































































































ལོ་མཇུག་དང་དཔྱིད་གསར་དུས་ཆེན་སྔོན་གྱི་བཟའ་བཅའི་ཁྲོམ་རའི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་དམ་འཛིན་ཏན་ཏིག་བྱ་ཆེད། ཉིན་ཤས་རིང་ལྷ་ས་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་བཟའ་བཅའི་ཞིབ་བཤེར་ལྟེ་གནས་ཀྱིས་ཁྱོན་ཡོངས་ནས་དུས་ཆེན་སྔོན་གྱི་བཟའ་བཅའི་བདེ་འཇགས་ཞིབ་བཤེར་བྱས་ནས། དཔྱིད་གསར་དུས་ཆེན་གྱི་ཟས་རིགས་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད། 

为切实抓好年末节前食品市场安全监管工作连日来拉萨市市场监管部门拉萨市食品检测中心全面统筹开展节前食品安全检查检测为春节食品安全保驾护航









བཟའ་བཅའི་བདེ་འཇགས་ཞིབ་བཤེར།

食品安全检查

ཁྲེང་ཀོན་ཆུས་ཝན་ཏཱ་ཐང་ཆེན་གྱི་ཡུང་ཧེལ་ཚོང་རའི་ནང་། ཁྲིམས་འཛིན་མི་སྣས་ཚོང་ཟོག་ལ་ཞིབ་བཤེར་བྱེད་བཞིན་པ།

在城关万达广场的永辉超市,执法人员正在对商品展开细致的排查。

སྔོ་ཚལ་ཁུལ་དུ། ཁྲིམས་འཛིན་མི་སྣས་སྔོ་ཚལ་གྱི་སོས་ཚད་ལ་ལྟ་ཞིབ་ནན་ཏན་བྱས་པ་དང་། ཚོང་ཟོག་ནང་འདྲེན་བྱེད་པའི་ཐབས་ལམ་ལ་འདྲི་རྩད་ཞིབ་ཕྲ་བྱས་པར་མ་ཟད། ཚོང་པ་རྣམས་ཀྱིས་ཚོང་ཟོག་ནང་འདྲེན་བྱེད་པའི་དཔང་ཡིག་ཉར་ཚགས་ལེགས་པོ་བྱེད་པར་སྐུལ་འདེད་བཏང་ཏེ། སྔོ་ཚལ་གྱི་འབྱུང་ཁུངས་གསལ་པོ་དང་རྗེས་འདེད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། ཤ་རིགས་ཕྱིར་ཚོང་ཁུལ་དུ། ཁྲིམས་འཛིན་མི་སྣས་ཤ་རིགས་ཁག་གི་ནད་ཡམས་ཞིབ་བཤེར་ཚད་ལྡན་དཔང་ཡིག་ལ་ཞིབ་བཤེར་ནན་པོ་བྱས་པ་དང་། ཤའི་སྤུས་ཚད་དང་། ཁ་མདོག དྲི་མ་བཅས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ཏེ། གནད་དོན་ཡོད་པའི་ཤ་རིགས་ཁྲོམ་རར་འཛུལ་རྒྱུ་གཏན་འགོག་བྱེད་ཀྱི་ཡོད། དེ་བཞིན་ཞོར་ཟས་དང་སྐམ་ཟས་སོགས་ཀྱི་ཁྲོམ་སྟེགས་སུ་ཁྲིམས་འཛིན་མི་སྣས་ཟས་རིགས་ཐོན་སྐྱེད་དུས་ཚོད་དང་། སྤུས་ཚད་འགན་ལེན་དུས་ཚོད། ཟས་རིགས་སྦྱོར་རྟ་བེད་སྤྱོད་གནས་ཚུལ། དེ་བཞིན་ཐུམ་སྒྲིལ་ལ་སྐྱོན་ཡོད་མེད་སོགས་ལ་གཙོ་གནད་དུ་ཞིབ་བཤེར་བྱས་པ་རེད།

在蔬菜区域,执法人员认真查看蔬菜新鲜度,仔细询问进货渠道,督促商家保留好进货凭证,确保蔬菜来源清晰可溯。在肉类销售区,执法人员严格查验每一批次肉类的检疫合格证明,仔细检查肉质色泽、气味,杜绝问题肉流入市场。在副食、干货等摊位,执法人员着重检查食品的生产日期、保质期、食品添加剂使用情况以及包装完整性等。


ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་ལ་དོ་དམ་ཅུད་ཅུད་ཀྲང་། 

ལེའུ་ཧཱ་ཅོན།

城关区市场监管局局长 刘华娟



གོམ་སྟབས་རྗེས་མར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ནུས་ལྡན་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་དུས་ཆེན་རིང་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏང་རྒྱུ་དང་། དུས་མཚུངས་དུས་ཆེན་འཛད་སྤྱོད་ཆེ་རིགས་ལ་དོ་ཁུར་དམ་ཟབ་བྱས་ཏེ། འབྱུང་སྲིད་པའི་འཛད་སྤྱོད་ཀྱི་གཡོ་རྙི་དང་སྒྲིག་འགལ་གྱི་བྱ་སྤྱོད་ལ་དམིགས་ནས་སྔོན་ལ་ཁ་གཏད་གཅོག་པའི་སྔོན་ཇུས་བཟོས་ཏེ། དུས་ཐོག་ཏུ་རྡུང་རྡེག་དང་ཡོ་བསྲང་བྱས་ནས། རྒྱ་ཆེའི་འཛད་སྤྱོད་པར་བློ་བདེ་བའི་དུས་ཆེན་འཛད་སྤྱོད་ཁོར་ཡུག་ཅིག་ཧུར་ཐག་བསྐྲུན་ཐུབ་པར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།   

下一步,市场监管部门将采取一系列有力措施,持续加大节日期间的市场监管力度。同时,将密切关注节日消费热点,针对可能出现的消费陷阱和违规行为,提前制定应对预案,及时予以打击和纠正,努力为广大消费者营造一个安心、放心的节日消费环境










བཟའ་བཅའི་བདེ་འཇགས་བརྟག་དཔྱད།

食品安全检测

ལྷ་ས་གྲོང་ཁྱེར་བཟའ་བཅའ་ཞིབ་དཔྱད་ལྟེ་གནས་ལྕགས་རོང་མྱུར་བཤེར་ས་ཚིགས་སུ་གསར་འགོད་པས་ལས་དོན་མི་སྣས་འཚོལ་བསྡུ་བྱས་པའི་བཟའ་བཅའི་མ་དཔེའི་ཐོག་ནས་བཟའ་བཅའ་ཞིབ་བཤེར་ལས་དོན་སྤེལ་བཞིན་པ་མཐོང་ཞིང་། མ་དཔེའི་ནང་སྔོ་ཚལ་དང་། ཤ་རིགས། མཚོ་ཟས་སོགས་མང་ཚོགས་གྱི་ཅོག་ཙེའི་ཐོག་གི་རྒྱུན་མཐོང་བཟའ་བཅའ་ཚུད་ཡོད་པ་རེད།    

在拉萨市食品检测中心加荣快检站,记者看到工作人员正用采集到的食材样本进行食品检测工作,样本涵盖了蔬菜、水果、肉类、海鲜等百姓餐桌上常见的食品。


ལྕགས་རོང་མྱུར་བཤེར་ས་ཚིགས་ཀྱི་ལས་དོན་མི་སྣ།

བློ་བཟང་ཆོས་སྒྲོན།

加荣快检站工作人员 落桑曲珍


ང་ཚོས་གཙོ་བོ་སྔོ་ཚལ་གྱི་ནང་དུ་ཞིང་སྨན་ལུས་ཡོད་མེད་དང་།  ཤའི་ནང་དུ་ཕྱུགས་སྨན་སོགས་ལུས་ཡོད་མེད། དེ་བཞིན་སྐམ་ཟས་དང་བྲོ་རྫས་ཀྱི་ནང་དུ་ཁྲིམས་འགལ་གྱི་སྦྱོར་རྟ་ཡོད་མེད་སོགས་ལ་ཞིབ་བཤེར་བྱེད་ཀྱི་ཡོད།    དུས་ཆེན་སླེབས་ལ་ཉེ་བའི་མཚམས་ལ། ང་ཚོས་ཀྱང་བཟའ་བཅའི་མ་དཔེ་བསྡུ་ཚད་ཆེ་རུ་བཏང་ནས་ཉིན་རེར་བརྟག་དཔྱད་ཁག་༣༥ནས་༤༠བར་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

我们主要检测蔬菜中是否有农药残留、肉里是否有瘦肉精和兽药残留,以及干货和调味品中是否有非法添加剂等。节日临近,我们也加大了食品抽样量,每天检测35-40批次。

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་ལྷ་ས་གྲོང་ཁྱེར་དུ་བཟའ་བཅའ་མྱུར་བཤེར་ས་ཚིགས་༡༠བསྐྲུན་ཡོད་པ་དང་། མྱུར་བཤེར་ས་ཚིགས་སུ་སྔོན་ཐོན་གྱི་ཞིབ་བཤེར་སྒྲིག་ཆས་དང་ཆེད་ལས་ཀྱི་ཞིབ་བཤེར་མི་སྣ་བཀོད་སྒྲིག་བྱས་ཡོད་པས་དཔེ་འཐེན་ཁྱབ་རྒྱ་ཆེ་བ་དང་། ཞིབ་བཤེར་ཚད་ལེན་གྱི་མྱུར་ཚད་མགྱོགས་པ། འབྲས་བུ་ཡང་དག་པ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་།  ཞིབ་བཤེར་ཚད་ལེན་པའི་བརྒྱུད་རིམ་ཁྲོད་གལ་ཏེ་ཚད་གཞི་མི་མཐུན་པའི་བཟའ་བཅའ་ཤེས་རྟོགས་བྱུང་ཚེ། འཕྲལ་དུ་བཀག་སྡོམ་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་མི་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།    

据悉,目前拉萨市已建成10个食品快检站,快检站配备先进的检测设备和专业的检测人员,具有抽样覆盖面广、检测速度快、结果准确等特点。在检测过程中,如果发现不合格的食品,将立即采取下架、封存等措施,保障市民群众舌尖上的安全。


ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་བཟའ་རིགས་དང་སྨན་རྫས་བརྟག་དཔྱད་ལྟེ་གནས་ཀྱི་

ཀྲུའུ་རེན་ཕུར་བུ་འཕྲིན་ལས།

拉萨市市场监管局食品药品检验

中心主任 普布赤烈



མྱུར་བཤེར་ས་ཚིགས་ཀྱིས་ཉིན་ལྟར་ཚང་མས་བཟས་པའི་ཞིང་ལས་ཐོན་རྫས་ལ་མྱུར་བཤེར་བྱེད་པ་དང་འབྲེལ། ཞིབ་བཤེར་འབྲས་བུ་ཡོངས་བསྒྲགས་བྱེད་ཀྱི་ཡོད་ལ། དེ་དང་ཆབས་ཅིག་ང་ཚོས་ད་དུང་རིན་མི་དགོས་པར་ཁྱེད་ཀྱི་མ་དཔེ་གཏན་འཁེལ་བྱེད་པ་དང་། ཁྱེད་ཀྱི་མ་དཔེ་བསྐྱལ་ནས་ང་ཚོས་བརྟག་དཔྱད་བྱེད་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ།    རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱང་ཐུན་མོང་ཐོག་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་བྱེད་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།    

快检站每天会对大家食用的农产品开展快检,并公示检测结果。同时我们还免费提供“你点我检,你送我检”的服务,欢迎广大市民群众也积极参与到共同治理食品安全的活动中来。


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། རྒྱལ་མཚན། བྱམས་པ། སྐལ་བསྟན། 


主编 | 吾见才让

副主编 | 平多 桑布

编辑 | 坚参 先巴  格丹 

来源 | 拉萨发布

译文 | 阳光西藏


阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章