རིན་མི་དགོས་ཀྱང་ཁ་གྲངས་མང་པོ་མེད་པས་དུས་ཚོད་དམ་འཛིན་གནང་རོགས།

时事   2025-01-18 11:06   西藏  

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར། ལྷ་ས་གདོང་དཀར་ཞིང་ཞོར་ཐོན་ཟོག་ཁྲོམ་རས་རིན་མི་དགོས་པར་ཞིང་འབྲོག་མང་ཚོགས་ལ་ཁྲོམ་བཀྱག་དང་རླངས་འཁོར་འཇོག་ས་༢༧མཁོ་འདོན་བྱས་ཏེ། ཚགས་ཤ་གསར་པ་བཙོང་བར་ཁྲོམ་རྭའི་ཆ་རྐྱེན་བསྐྲུན་ཡོད། 


随着春节和藏历新年的临近拉萨东嘎农贸市场免费为农牧民提供27个摊位和停车场位置以便其将新鲜的牦牛肉直接销售给市民

ལྷ་ས་གདོང་དཀར་ཞིང་ཞོར་ཐོན་ཟོག་ཁྲོམ་ར་ནི་ལྷ་ས་གྲོང་ཁྱེར་གྱི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དང་། ཞིང་འབྲོག་མང་ཚོགས་ཞིང་ལས་ཐོན་རྫས་བཙོང་རྒྱུར་སྐུལ་འདེད་དང་འཁོར་རྒྱུག་བྱེད་པར་ཁྲོམ་རྭའི་ཆ་རྐྱེན་བསྐྲུན་ཡོད། ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་བྲིན་ཚོང་བྱེད་པའི་དགོས་མཁོར་དམིགས་ནས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར། ཁྲོམ་རས་ཆེད་དུ་བྱ་ཐབས་འདི་བཏོན་ནས་རྫོང་དང་ཆུས་ཁག་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་ལ་སྟབས་བདེའི་བྲིན་ཚོང་སྟེགས་བུ་མཁོ་འདོན་བྱས་པ་རེད། བྱ་ཐབས་འདིས་ཞིང་འབྲོག་མང་ཚོགས་ཀྱི་ཚོང་ལས་གཉེར་སྐྱོང་གི་མ་རྩ་ཇེ་དམའ་རུ་བཏང་ཡོད་པར་མ་ཟད་། ཁོ་ཚོའི་ཚགས་ཤ་དེ་ཡང་རིན་གོང་ཇེ་དམའ་རུ་བཏང་ནས་གྲོང་མི་ལ་བཙོང་ཐུབ་པར་འགན་ལེན་བྱས་ཡོད། 


东嘎农贸市场作为拉萨市的重要农副产品集散地,一直致力于促进农牧民与市民的对接,推动农产品流通。为响应农牧民的销售需求,尤其是在春节和藏历新年期间,市场特地推出了这一措施,为来自各县(区)的农牧民提供更便捷的销售平台。不仅大大降低了农牧民的经营成本,还确保了他们的牦牛肉能够以更实惠的价格走进市民的餐桌。



རིན་མེད་ཁྲོམ་བཀྱག་བོད་ཀྱི་ལོ་གསར་མཇུག་འགྲིལ་བར་མཁོ་འདོན་བྱ་རྒྱུ་ཡིན།

གཤམ་གྱི་ཁ་པར་བརྒྱུད་ནས་གདོང་དཀར་ཞིང་ཞོར་ཐོན་ཟོག་ཁྲོམ་རར་འབྲེལ་བ་བྱས་ཏེ་བློ་འདྲི་བྱས་ཆོག 

འབྲེལ་གཏུག་ཁ་པར། ༡༣༥༡༨༩༧༧༡༣༢    ༡༣༦༥༨༩༩༧༣༢༦


免费摊位时间将持续到藏历年后,可直接联系东嘎农贸市场进行咨询。

联系电话:13518977132、13658997326






ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་།


主编 | 吾见才让

副主编 | 平多  桑布

编辑 | 先巴  格桑

来源 | 西藏日报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章