ཚེ་བརྟན་སྒྲོལ་མ།
才旦卓玛
སྤྱི་ལོ་༡༩༣༧ལོའི་ཟླ་༨པར་འཁྲུངས་པའི་རྒན་ཚེ་བརྟན་སྒྲོལ་མ་ལགས་ད་ལོ་དགོང་ལོ་༨༨ཕེབས་ཀྱི་ཡོད་པ་དང་། ཁོང་ནི་རང་རྒྱལ་གྱི་བོད་རིགས་གཞས་མ་ཐོག་མའི་གྲས་ཡིན་ཞིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་རེད། དུས་རབས་ཕྱེད་ཀ་ཙམ་གྱི་སྒྱུ་རྩལ་ལམ་བུའི་ཁྲོད། ཁོང་གིས་པེ་ཅིང་གསེར་གྱི་རི་ལ་ཞེས་པ་དང་། གླུ་ཞིག་བླངས་ནས་ཏང་ལ་ཕུལ་ཞེས་པ། ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན་ཞེས་པ་སོགས་ང་ཚོ་ཚང་མས་ཤེས་པའི་གཞས་མང་དག་ཅིག་བཏང་ཡོད།
1937年8月出生的才旦卓玛,今年已经近88岁了,是我国第一代藏族歌唱家,国家一级演员。在半个多世纪的艺术生涯中,由她演唱的《北京的金山上》《唱支山歌给党听》《翻身农奴把歌唱》等作品家喻户晓,久唱不衰,传唱至今。
ཞིང་བྲན་གྱི་བུ་མོ་ནས་མི་དམངས་སྒྱུ་རྩལ་པར་གྱུར་བ།
从农奴的女儿到人民艺术家
སྤྱི་ལོ་༡༩༥༨ལོར། རྒན་ཚེ་བརྟན་སྒྲོལ་མ་ལགས་རིག་རྩལ་ཚོགས་པའི་ནང་ཞུགས་པ་དང་། རྗེས་སུ་ཧྲང་ཧའེ་རོལ་དབྱངས་སློབ་གླིང་མགྲིན་དབྱངས་སྡེ་ཁག་ཏུ་སློབ་སྦྱོང་གནང་། ༡༩༦༡ལོར། ཁོང་ཧྲང་ཧའེ་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སྐབས་གཉིས་པར་ཞུགས། ༡༩༦༢ལོར། ཀྲུང་གོའི་ན་གཞོན་འཐུས་མི་ཚོགས་པ་དང་མཉམ་དུ་འཛམ་གླིང་གི་གཞོན་ནུའི་མཉམ་སྤྲོའི་འདུ་ཚོགས་འཁྲབ་སྟོན་ནང་ཞུགས།
1958年,才旦卓玛加入文工团,后被上海音乐学院声乐系录取 。1961年,才旦卓玛参加第2届上海之春国际音乐节。1962年,才旦卓玛随中国青年代表团参加了世界青年联欢节的演出。
༡༩༦༣ལོར། ཁོང་སླར་ཡང་ཧྲང་ཧའེ་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་ནང་ཞུགས་ནས་གླུ་ཞིག་བླངས་ནས་ཏང་ལ་ཕུལ་ཞེས་པ་དེ་བཏང་བ་རེད།
1963年,才旦卓玛再次登上上海之春国际音乐节舞台,演唱歌曲《唱支山歌给党听》。
༡༩༦༤ལོའི་ཟླ་༡༠ཚེས་༢ཉིན། གླུ་གར་ལོ་རྒྱུས་སྙན་ངག་ཆེ་གྲས་ཤར་ཕྱོགས་དམར་པོ་ཞེས་པ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཁྲབ་སྟོན་ཐེངས་དང་པོ་བྱས་པ་དང་། རྒན་ཚེ་བརྟན་སྒྲོལ་མ་ལགས་ཀྱིས་རྒྱལ་ཡོངས་ཀྱི་རིག་རྩལ་ལས་དོན་པ་༣༥༠༠ལྷག་དང་མཉམ་དུ་འཁྲབ་སྟོན་གནང་བ་རེད།
1964年10月2日,大型音乐舞蹈史诗《东方红》在人民大会堂隆重首演,才旦卓玛和全国3500多名文艺工作者参加了演出。
༡༩༧༢ལོར། རྒན་ཚེ་བརྟན་སྒྲོལ་མ་ལགས་ཀྱིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྒྲ་འཇུག་བྱས་པའི་གླུ་གཞས་པེ་ཅིང་གསེར་གྱི་རི་ལ་ཞེས་པ་དེ་བཏང་བ་རེད། ༡༩༨༠ལོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་སྐོང་འཁྲབ་སྐབས་དང་པོའི་ནང་ཞུགས་པ་རེད།
1972年,才旦卓玛演唱由中央人民广播电台录音歌曲《北京的金山上》。1980年,参加第1届全国少数民族文艺会演。
༢༠༢༡ལོར། ཁོང་ལ་ཧྲང་ཧའེ་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་གྱི་དམིགས་བསལ་གཟི་བརྗིད་བྱ་དགའ་ཐོབ་པ་རེད།
2021年,才旦卓玛获上海之春国际音乐节“特别荣誉奖”。
才旦卓玛的央视春晚情缘
༡༩༩༨ལོར་རྒན་ཚེ་བརྟན་སྒྲོལ་མ་ལགས་ཐེངས་དང་པོར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་ནང་ཞུགས་པ་དང་། ཁེ་ལེ་མོ་དང་བདེ་བདེ་མ་སོགས་དང་ལྷན་དུ་མུ་འབྲེལ་གླུ་གཞས་ཁྲོད་པེ་ཅིང་གསེར་གྱི་རི་ལ་ཞེས་པ་བཏང་བ་རེད།
1998年央视虎年春晚,才旦卓玛第一次亮相央视春晚,与克里木、德德玛等在联唱歌曲《往日情怀》中演唱《北京的金山上》。
༢༠༠༧ལོའི་དཔྱིད་གསར་དགོང་ཚོགས་ནང་། རྒན་ཚེ་བརྟན་སྒྲོལ་མ་ལགས་དང་། འཛོམས་གཡང་སྒྲོལ་མ། རུང་པ་ཤིང་ན་བཅས་ཀྱིས་མུ་འབྲེལ་གླུ་གཞས་ཁྲོད་གངས་ལྷ་མེ་ཏོག་པེ་ཅིང་ལ་ཕུལ་ཞེས་པ་བཏང་བ་རེད།
2007年的央视猪年春晚,才旦卓玛和宗庸卓玛、茸芭莘娜在联唱节目《欢乐和谐·家乡美》中演唱《雪莲献北京》。
ལོ་༡༨རྗེས་སླར་ཡང་དཔྱིད་གསར་དགོང་ཚོགས་ནང་ཞུགས་པ།
时隔18年,再登央视春晚舞台
ད་ལོ་༢༠༢༥ལོའི་དཔྱིད་གསར་དགོང་ཚོགས་ཀྱིས་བོད་ལྗོངས་ལྷ་སར་ཡན་ལག་ཚོགས་ར་བཙུགས་པ་དང་། ལོ་༡༨རྗེས་རྒན་ཚེ་བརྟན་སྒྲོལ་མ་ལགས་སླར་ཡང་དཔྱིད་གསར་དགོང་ཚོགས་ནང་ཞུགས་རྒྱུ་བྱུང་ཡོད་པ་རེད། ད་ལོའི་ཟླ་༡པོར་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ས་ཡོམ་རིམ་པ་༦.༨བརྒྱབ་པ་དང་། ཕ་ཡུལ་གཞིས་ཀ་རྩེ་ནས་ཡིན་པའི་རྒན་ཚེ་བརྟན་སྒྲོལ་མ་ལགས་ཀྱིས་ཐེངས་འདིའི་དཔྱིད་གསར་དགོང་ཚོགས་ཀྱི་གོ་སྐབས་དང་བསྟུན། རྒྱལ་ཡོངས་ས་གནས་ཁག་གི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་རེད།
今年,总台2025年春晚首次在西藏拉萨设立分会场,时隔18年后,才旦卓玛将再次登上央视春晚舞台,这次上春晚,才旦卓玛多了一份以往任何时候都没有的情愫。今年1月初,西藏日喀则定日县发生了6.8级地震,出生于西藏日喀则的才旦卓玛挂念着家乡人民,借这次春晚的机会,才旦卓玛也想通过自己的歌声,对全国各地各族人民的关心帮助和支援表示感谢。
ད་ལོའི་དཔྱིད་གསར་དགོང་ཚོགས་ཐོག
བོད་ཀྱི་སྒྱུ་རྩལ་མཁས་པ་དང་ལེ་ཚན་གང་དག་ཡོད་ཅེ་ན།
མུ་མཐུད་ནས་ང་ཚོར་དོ་ཁུར་གནང་དང་།
今年的春晚
将有哪些西藏的艺术家和节目
出现在春晚的舞台上?
更多精彩
敬请期待
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ། རྒྱལ་མཚན།
主编 | 吾见才让
副主编 | 平多 桑布
编辑 | 格丹 先巴 坚参
来源 | 西藏卫视+
译文 | 阳光西藏