བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོ་བྱེད་མཚམས་འཇོག་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའི་གཏན་འབེབས།
༢༠༢༥ལོའི་ཟླ་༡ཚེས་༧ཉིན་གྱི་ཆུ་ཚོད་༩དང་སྐར་མ་༥ལ། གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་༦.༨བརྒྱབ་པས། རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུས་ས་ཡོམ་གྱི་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་ལ་གཞིགས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོ་བྱེད་འགོ་བཙུགས་ནས། ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་ཡོད། ས་ཡོམ་བརྒྱབ་པའི་ཚུན་དུ་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གེགས་ཁུལ་གྱི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱུང་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་འཕྲལ་སྡོམ་སྔོན་ཇུས་ནང་གི་འཕྲལ་སྡོམ་བྱེད་མཚམས་འཇོག་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལྟར། རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུས་༢༠༢༥ལོའི་ཟླ་༡ཚེས་༢༨ཉིན་གྱི་ཆུ་ཚོད་༢༤ནས་བཟུང་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོ་བྱེད་མཚམས་བཞག་ནས་ལས་དོན་ཁག་བཀོད་སྒྲིག་རོགས་སྐྱོབ་དང་སླར་གསོ་བསྐྱར་སྐྲུན་དུ་བསྒྱུར་རྒྱུ་རེད།
བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་ནས།
༢༠༢༥ལོའི་ཟླ་༡ཚེས་༡༨ཉིན།
西藏自治区应急指挥部关于
终止西藏自治区地震一级应急响应
的决定
2025年1月7日9时5分,日喀则市定日县发生6.8级地震,自治区应急指挥部根据震情灾情启动西藏自治区地震一级应急响应,全力组织开展抗震救灾工作。
地震发生以来,经各方共同努力,灾区各项秩序逐步恢复正常。按照《西藏自治区地震应急预案》关于终止响应的相关规定,自治区应急指挥部决定从2025年1月18日24时起,终止西藏自治区地震一级应急响应,转入安置救助及恢复重建。
西藏自治区应急指挥部
2025年1月18日
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། དབང་མོ། སྐལ་བསྟན།
主编:吾见才让
副主编:平多 桑布
编辑:旺姆 格丹
来源 | 西藏自治区应急指挥部
译文 | 阳光西藏