དྲ་བའི་ཁོར་ཡུག་གཙང་སེལ་དང་མི་དམངས་མང་ཚོགས་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོང་བྱ་ཆེད། བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་དྲ་རྒྱའི་བདེ་འཇགས་ཚན་པས་དིང་རིའི་རིམ་པ་༦.༨ཀྱི་ས་ཡོམ་དང་འབྲེལ་བའི་དྲ་བའི་དཀྲོག་གཏམ་ལ་རྡུང་རྡེག་བཅོས་སྒྲིག་ལས་དོན་མུ་མཐུད་སྤེལ་རྒྱུ་དང་། ད་ལྟའི་བར་འབྲེལ་ཡོད་དྲ་དམངས་༢༡ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད། དེ་ལས་དཔེ་མཚོན་གྱོད་དཔེ་ཁག་ཅིག་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།
གྱོད་དཔེ་དང་པོ།
案例一
དྲ་དམངས་ལིའི་ཆེ་གེ་མོ་དང་། ཕང་ཆེ་གེ་མོ། ཚེ་ཆེ་གེ་མོ་བཅས་ཀྱིས་རང་གི་ཁེ་ཕན་ཆེད་སྔ་རྗེས་སུ་དྲ་བའི་ཐོག་གཞིས་ཀ་རྩེའི་དིང་རིའི་ས་ཡོམ་ཁྲོད་མི་༢༠༨རྐྱེན་ལམ་དུ་ཤོར་བ་དང་། གཞིས་ཀ་རྩེའི་དིང་རིའི་ས་ཡོམ་ཁྲོད་མི་༢༠༠ལྷག་རྐྱེན་ལམ་དུ་ཤོར་འདུག རྐྱེན་ལམ་དུ་ཤོར་བའི་མི་གྲངས་༢༦༥ལ་འཕར་འདུག་ཅེས་ཆ་འཕྲིན་རྫུན་མ་སྤེལ་ནས། སྤྱི་ཚོགས་སྒྲིག་ལམ་ལ་གཏོར་སྐྱོན་བཟོས་པ་རེད།
网民李某、彭某、次某为博取关注,先后在网络社交群组分别发布“日喀则定日地震致208人遇难”“ 日喀则定日地震致200多人遇难!”“遇难人数升至265人”等不实信息,造成虚假内容被传播扩散,扰乱社会公共秩序。
གྱོད་དཔེ་གཉིས་པ།
案例二
དྲ་དམངས་བུ་ཆེ་གེ་མོས་ཀྱང་དྲ་ཐོག་ནས་ས་ཆ་གཞན་ལ་ས་ཡོམ་བརྒྱབ་པའི་བརྙན་ཐུང་དུམ་བུ་གཅིག་ཕབ་ལེན་བྱས་ནས། རང་འདོད་ལྟར་བོད་ལྗོངས་གཞིས་ཀ་རྩེའི་ས་ཡོམ་དང་འབྲེལ་བ་ཡོད་ཁུལ་བྱས་ནས་དྲ་རྒྱའི་ཐོག་ཆ་འཕྲིན་རྫུན་མ་རྒྱ་ཆེར་སྤེལ་ཏེ། སྤྱི་ཚོགས་སྒྲིག་ལམ་ལ་གཏོར་སྐྱོན་བཟོས་པ་རེད།
གྱོད་དཔེ་གསུམ་པ།
案例三
དྲ་དམངས་བདེ་ཆེ་གེ་མོས་ཀྱང་རང་གི་ཁེ་ཕན་གྱི་ཆེད་དུ་བརྙན་ཐུང་ཞིག་པར་བླངས་ནས་རང་འདོད་ལྟར་ས་ཡོམ་གྱིས་རྐྱེན་པས་ཁང་པ་ལོག་པ་དང་། འབྲེལ་ཡོད་མི་སྣར་རོགས་སྐྱོབ་ཐོབ་མེད་ཅེས་མཆན་འགོད་བྱས་ནས་ཆ་འཕྲིན་རྫུན་མ་བརྙན་ཐུང་སྤྱི་སྟེགས་ཐོག་རྒྱ་ཆེར་སྤེལ་ཏེ། སྤྱི་ཚོགས་སྒྲིག་ལམ་ལ་གཏོར་སྐྱོན་བཟོས་པ་རེད།
网民德某为博取关注,拍摄了一段视频,并肆意配文“受地震影响造成倒塌,涉及人员‘未得到救援’”后在短视频平台发布,造成虚假视频在网上被大量传播,扰乱社会公共秩序。
གོང་གསལ་དཀྲོག་གཏམ་བཟོ་མཁན་དང་དཀྲོག་གཏམ་སྤེལ་མཁན་རྣམས་སྤྱི་བདེ་ཚན་པས་སྐྱོན་བརྗོད་སློབ་གསོའམ་སྲིད་འཛིན་ཆད་གཅོད་བྱས་ཟིན་པ་དང་། འབྲེལ་ཡོད་མི་སྣས་རང་ཉིད་ཀྱི་ནོར་འཁྲུལ་ཤེས་རྟོགས་བྱུང་ནས་རྗེས་སུ་དྲ་རྒྱའི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ཏན་ཏིག་ཞུས་ཏེ། དྭངས་ཤིང་གཙང་བའི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་དམ་བཅའ་ནན་པོ་བཞག་པ་རེད།
སྤྱི་བདེ་ཚན་པས་དྲན་སྐུལ་ཞུ་རྒྱུར།
དྲ་རྒྱའི་ཐོག་ཏུའང་ཁྲིམས་ལུགས་ལ་བརྩི་སྲུང་བྱ་དགོས་པས། གཏམ་བརྗོད་སྤེལ་བར་ཁྲིམས་དང་མཐུན་དགོས། སྤྱི་བདེ་ལས་ཁུངས་ཀྱིས་མུ་མཐུད་དྲ་བའི་ཐོག་དཀྲོག་གཏམ་བཟོ་བ་དང་། དཀྲོག་གཏམ་སྤེལ་རེས་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏང་རྒྱུ་ཡིན་པས། རྒྱ་ཆེའི་དྲ་དམངས་རྣམས་ཀྱིས་རང་འགུལ་ངང་ཆ་འཕྲིན་རྫུན་མར་དོགས་ཟོན་བྱས་ཏེ། དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་མི་སྤེལ་བ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་བཅས་བྱས་ནས། དྭངས་ཤིང་གཙང་བའི་དྲ་རྒྱའི་ཁོར་ཡུག་ཅིག་མཉམ་དུ་བསྐྲུན་དགོས།
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། རྒྱལ་མཚན། སྐལ་བསྟན། དབང་མོ།
主编 | 吾见才让
副主编 | 平多 桑布
编辑 | 坚参 格丹 旺姆
来源 | 西藏日报
译文 | 阳光西藏