གཟིགས་དང་། ལོ་གསར་ལ་གྲ་སྒྲིག་བྱེད་པར་འགན་ལེན་བྱས་འདུག

时事   2025-01-18 16:32   西藏  


དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར།  ལྷ་སའི་ཁྲོམ་ར་ཆེ་གྲས་ཁག་གིས་ཉོ་ཚོང་ལ་གྲ་སྒྲིག་བྱེད་ཀྱིན་ཡོད། ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ལྷ་སའི་འབྲེལ་ཡོད་ཚན་པས་དཔྱིད་གསར་དུས་ཆེན་སྐབས་སུ་ཅ་ལག་ཉོ་བར་འགན་ལེན་བྱ་ཆེད། ཁྲོམ་རར་ཞིབ་བཤེར་ནན་མོ་བྱས་ཏེ་འཛད་སྤྱོད་པར་བློ་བདེ་བའི་ཉོ་ཚོང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུར་འགན་ལེན་བྱས་འདུག 


随着春节临近,拉萨各大市场迎来购销两旺时期。近日,记者走访发现,拉萨常态化开展节前市场检查,全力保障市场供应稳定,营造安全放心的消费环境。




ཞིང་ཞོར་ཐོན་ཟོག་ཁྲོམ་རའི་མཁོ་སྤྲོད་འདང་ཡོད་ལ་རིན་གོང་རྒྱུན་ལྡན་རེད། 

农贸市场供应足价格稳


གསར་འགོད་པ་གྲོང་ཤར་སྐུ་འབུམ་ཐང་གི་ཕྱོགས་བསྡུས་ཞིང་ཞོར་ཐོན་ཟོག་ཁྲོམ་ར་སོགས་སུ་བཅར་འདྲི་བྱེད་པར་སོང་ཡོད་པ་དང་། ཁྲོམ་ར་དེ་དག་གི་ཁག་གི་ཅ་ལག་མཁོ་སྤྲོད་འདང་ངེས་ཡིན་ལ། རིན་གོང་ཡང་འཕར་མེད་པར་རྒྱུན་ལྡན་རེད། དེར་སྔོ་ཚལ་དང་། ཤིང་ཏོག ཤ་རིགས། འབྲུ་སྣུམ་སོགས་རྒྱུན་མཁོའི་དངོས་ཟོག་སྣ་མང་འཛོམས་ཡོད། 


记者走访了城东贡布堂综合农贸市场等地,发现各消费市场整体呈现出供应足、价格稳、销售旺的态势。

走进城东贡布堂综合农贸市场,新鲜的蔬菜水果、各类生鲜肉类,以及米面粮油等生活必需品琳琅满目。市场内环境整洁,前来选购的市民络绎不绝。

སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་འགན་འཁུར་བ། ཧྲུའུ་ཧྲེང་ཆང་། 

贡布堂综合农贸市场负责人 舒胜强


ཧྲུའུ་ཧྲེང་ཆང་གིས་ཁྲོམ་རའི་ཚོང་པ་རྣམས་ལ་དུས་ཆེན་དང་གུང་གསེང་གི་སྐབས་སུ་ངལ་གསོ་མེད། ལྷག་པར་དུ་དཔྱིད་གསར་དུས་ཆེན་གྱི་སྐབས་སུ་གྲོང་མི་རྣམས་ལ་དངོས་ཟོག་མཁོ་སྤྲོད་བྱ་ཆེད། ང་ཚོས་སྔར་ལས་ཤུགས་བརྒྱབ་ནས་དངོས་ཟོག་གྲབས་གསོག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད། 


市场商户在节假日期间正常营业。为满足节假日的供应需求,我们提前进行了统计,要求所有商户在节前做好物资的储备工作。目前,已经有部分商户完成储备。

དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཐོན་ཟོག་ཁྲོམ་རས་བྱ་ཐབས་རབ་དང་རིམ་པ་སྤྱད་ཡོད། དཔེར་ན་སྔོ་ཚལ་རིན་གོང་གསལ་བསྒྲགས་དང་། གཅིག་གྱུར་ཐོག་རྒྱ་མ་སྤྲོད་པ་སོགས་བྱ་ཐབས་སྤྱད་ནས་གྲོང་མིའི་ཉོ་ཚོང་གི་ཁེ་དབང་ལ་སྲུང་སྐྱོབ་བྱས་འདུག 


春节临近,贡布堂综合农贸市场采取了一系列有效措施,如菜价公示、明码标价、统一发放溯源秤等,确保市民在购买蔬菜时的权益,提升市场的透明度和消费者的信任度。

སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་འགན་འཁུར་བ། ཧྲུའུ་ཧྲེང་ཆང་།

贡布堂综合农贸市场负责人 舒胜强


ཧྲུའུ་ཧྲེང་ཆང་གིས་དུས་ཆེན་གྱི་སྐབས་སུ་ཉོ་ཚོང་ཁོར་རྒྱུག་བྲིན་པོ་ཡོང་ཆེད། ང་ཚོས་ཚོང་ཟོག་གི་རིན་གོང་གཅོག་པའི་བྱེད་སྒོ་དང་བྱ་དགའི་རྒྱན་ལེན་པའི་བྱེད་སྒོ་སྤེལ་བཞིན་ཡོད། བྱེད་སྒོ་འདི་ཟླ་༡པའི་ཚེས་༢༥ཉིན་བར་དུ་སྤེལ་རྒྱུ་ཡིན།  དེ་མིན་ཟླ་༢པའི་ཚེས་༡༠ཉིན་ནས་ཚེས་༢༤ཉིན་བར། ང་ཚོས་ད་དུང་ཚོང་ཟོག་འགྲེམས་ཚོང་གི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞེས་བརྗོད་འདུག


为了营造浓厚的节日氛围,我们推出了商品特价活动与抽奖活动,将持续至1月25日;此外,在2月10日至2月24日期间,我们还将举办商品展销活动。
































































རང་བྱུང་འབར་རླངས་གྲབས་གསོག་ལེགས་འགྲུབ་བྱུང་འདུག

天然气储备充足


ཉེ་ཆར། གསར་འགོད་པས་ཁུ་ནུ་ནུས་རྒྱུ་བོད་ལྗོངས་ཚད་ཡོད་ཀུང་སི་ལྷ་ས་རང་བྱུང་འབར་རླངས་ས་ཚིགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་ཚིགས་དེས་ད་ཆ་རང་བྱུང་འབར་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་༡༣༡གསོག་འཇོག་བྱས་ཡོད། ལྷ་སའི་རང་བྱུང་འབར་རླངས་ས་ཚིགས་ཀྱི་རླངས་གསོག་ནུས་པ་ཆེ་ཤོས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་༡༦༦ཡོད་ཅིང་། ཉིན་རེར་LNGཅན་གྱི་གཞོང་ཆེན་རླངས་འཁོར་༡༢ཙམ་ལྷ་སར་འབྱོར་གྱི་ཡོད་པར་མ་ཟད། དེའི་གཤེར་འགྱུར་རང་བྱུང་འབར་རླངས་སྐྱེལ་འདྲེན་བྱེད་ཚད་བསྡོམས་འབོར་ཏུན་༢༦༡ཙམ་ཡོད། གཤེར་འགྱུར་རང་བྱུང་འབར་རླངས་འདི་དག་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་༣༩ཙམ་གྱི་རང་བྱུང་འབར་རླངས་སུ་བསྒྱུར་ཐུབ་པས། དཔྱིད་གསར་དུས་ཆེན་སྐབས་སུ་གྲོང་མི་རྣམས་ཀྱི་རང་བྱུང་འབར་རླངས་བེད་སྤྱོད་བྱེད་པར་འགན་ལེན་བྱ་ཐུབ། 


近日,记者从昆仑能源西藏有限公司拉萨天然气站了解到,该站当前已储备了131万立方米的天然气。此外,拉萨天然气站的最大储气能力达到166万立方米。每日约有12辆LNG槽车抵达拉萨,运输液化天然气总量达261吨,这些液化天然气可转化为约39万立方米的天然气,足以保障节日期间全市居民的用气需求。


བདེ་འཇགས་ལ་འགན་ལེན་བྱེད་པ།

安全隐患排查


ཉེ་ཆར། ལྷ་ས་མཐོ་གསར་ཁུལ་གྲོང་ཁྱེར་ལྟ་སྐུལ་ཅུད་ཀྱིས་དུས་ཡུན་ཟླ་བ་གཅིག་རིང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། བཟའ་བཅའ་དང་། སྨན་རྫས། དམིགས་གསལ་གྱི་ཅ་ལག གློག་སྒུལ་སྦག་སྦག་སོགས་ཀྱི་བདེ་འཇགས་ལ་ཞིབ་བཤེར་ནན་མོ་བྱེད་བཞིན་ཡོད་པ་དང་། གཙོ་བོ་དངོས་ཟོག་གི་རིན་གོང་ཧམ་སྤོར་བྱེད་པ་དང་། རིན་གོང་རྫུན་བཟོ་བྱས་ནས་མགོ་སྐོར་གཏོང་བ་སོགས་ལ་རྡུང་རྡེག་ཚ་ནན་བཏང་བ་རེད། 


近日,拉萨高新区市监局开展为期一个月的专项整治行动,涵盖食品、药品、特种设备、电动车安全等领域。
在食品安全检查中,执法人员以农产品、散装食品、乳制品、酒类等为重点品种,聚焦节日期间人流密集的区域开展检查。同时,密切关注生活必需品价格动态,严厉打击哄抬物价、价格欺诈等价格违法行为。

སྨན་རྫས་ལ་ཞིབ་བཤེར་བྱེད་སྐབས། ཁྲིམས་འཛིན་མི་སྣས་སྨན་རྫས་ཉོ་སྒྲུབ་ཐབས་ལམ་དང་། གསོག་ཉར་ཆ་རྐྱེན། ཕྱིར་ཚོང་ཟིན་ཐོ། སྨན་ཐོ་བཀོད་པའི་སྨན་རྫས་ཕྱིར་ཚོང་དོ་དམ། ལས་གཉེར་སྨན་པས་ལས་གནས་འགན་འཁྲི་བཅས་ལ་དམིགས་ནས་ཞིབ་བཤེར་བྱས་འདུག


在药品安全检查中,执法人员围绕药品的购进渠道、储存条件、销售记录、处方药销售管理、执业药师在岗履职等方面展开检查。针对近期流感高发的情况,特别提醒药店工作人员要做好药品的储备和供应工作,确保群众能够及时购买到所需药品。

ཆེད་དོན་ཞིབ་བཤེར་བྱ་སྤྱོད་སྤེལ་བའི་དུས་ཡུན་རིང་། ལྷ་ས་མཐོ་གསར་ཁུལ་གྲོང་ཁྱེར་ལྟ་སྐུལ་ཅུད་ཀྱིས་ལས་རིགས་གཉེར་སྐྱོང་ཚན་ཁག་༡༡༦ལ་ཞིབ་བཤེར་བྱས་པ་དང་། དེ་དག་ལསགནད་དོན་ཁག་༢༥ཤེས་རྟོགས་བྱུང་ཞིང་། གཉེར་སྐྱོང་ཚན་ཁག་༦ལ་དེ་མ་ཐག་བཅོས་སྒྲིག་བྱེད་དུ་བཅུག་པ་རེད། ལྟ་སྐུལ་དོ་དམ་གྱི་བསམ་འཆར་ཡི་གེ་༡༩གཉེར་སྐྱོང་ཚན་ཁག་དག་ལ་སྤྲད་དེ། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། ཁྲོམ་རའི་རིན་གོང་གི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱས་ནས་གྲོང་མི་ཚོས་དགའ་ཞིང་སྐྱིད་པའི་ངང་དཔྱིད་གསར་དུས་ཆེན་ལ་རོལ་བར་འགན་ལེན་བྱས་འདུག


自专项检查行动开展以来,拉萨高新区市监局共检查各类经营主体116家,发现问题25处,现场整改6处,下发监督意见书19份,通过加强市场监管,切实维护市场价格秩序,全力保障市民群众度过欢乐祥和的春节。

































































ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་།


主编 | 吾见才让

副主编 | 平多  桑布

编辑 | 先巴  格桑

来源 | 拉萨发布

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章