ངོ་མཚར་སྟོང་གི་མཛེས་རྒྱན། བློ་གྲོས་དཔལ་གྱི་གཟི་བྱིན།
༄༅། །ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ༧༥འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན།
庆祝新中国成立75周年系列书法作品展
འཇིགས་མེད་ཆོས་དར།
མཚོ་སྔོན་དཔའ་ལུང་རྫོང་གི་ཡིན།
འཇིགས་མེད་ཆོས་དར་ལགས་ནི། ༡༩༦༩ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་ཐོ་གྱ་ཡུལ་ཚོ་བཱེ་གྱ་སྐྱིད་སྡེ་བ་རུ་འཁྲུངས། སློབ་གྲྭ་འགྲིམས་པ་དང་ཆོས་སྒོར་ཞུགས་པའི་ལོ་ངོ་མང་པོའི་རིང་ལ་བོད་ཀྱི་ཆོས་དང་རིག་གནས་སྤྱི་ལ་སྦྱང་བ་གང་ལེགས་གནང་ཞིང་། ཁྱད་པར་དུ་ ༡༩༨༩ལོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཡོང་ནས་གཟབ་གཤར་ཡིག་རིགས་སྣ་ཚོགས་ལའང་དཔྱིས་ཕྱིན་པར་སྦྱངས།༡༩༩༩ལོའི་ཟླ༦པའི་ཚེས༥་ནས་༢༠༡༡ལོའི་ཟླ་༥བའི་ཚེས་༡༥བར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་ན་གཞོན་སྤྲུལ་སྐུའི་རིག་གནས་འཛིན་གྲྭའི་ཡིག་གཟུགས་དགེ་རྒན་གྱི་འགན་འཁུར་དང་དུ་བླངས། གཞན་ཡང་ཁོམ་ལོང་ནམ་ཡོད་ཀྱི་དུས་ཚོད་བེད་སྤྱད་ནས་ཕྱོགས་འདུས་ཀྱི་གྲྭ་སློབ་མང་པོ་ལ་ཡིག་གཟུགས་སྣ་ཚོགས་ཁྲིད་མས་སུ་བཞུགས། ༢༠༡༨ལོ་རྒྱལ་ཡོངས་ཀྱི་ཡིག་གཟུགས་འགྲན་སྡུར་ལས་གསེར་གྱི་རྟགས་མ་ཐོབ། ད་ལྟ་ཡང་ཀན་སུའུ་ཞིང་ཆེན་བསྟན་སློབ་གྲྭ་ན་ཡིག་གཟུགས་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།
ཡིག་གཟུགས་འཚོལ་བསྡུའི་བརྡ་ཐོ།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་༧༥འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་འདིར། ང་ཚོས་༼ངོ་མཚར་སྟོང་གི་མཛེས་རྒྱན། བློ་གྲོས་དཔལ་གྱི་གཟི་བྱིན་༽ཞེས་པའི་མུ་འབྲེལ་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་ཞིག་ངེད་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་སྟེང་ནས་སྤེལ་བཞིན་ཡོད་པས། རྒྱ་ཆེའི་ཡིག་མཁན་ནམ་བྲིས་པ་རྣམ་པ་ང་ཚོའི་བྱ་འགུལ་འདིར་ཞུགས་པར་དགའ་བསུ་ཞུ།
ཡིག་གཟུགས་བརྩམས་ཆོས་བསྐུར་བའི་བླང་བྱ་གཤམ་གསལ་ལྟར་ཡིན།
གཅིག བྲིས་པ་རང་གི་བོད་ལྭ་གྱོན་པའི་པར་གཅིག
གཉིས། བྲིས་པ་རང་གི་ངོ་སྤྲོད་མདོར་བསྡུས། ༼བོད་ཡིག་གི་ཡིག་འབྲུ་བརྒྱ་ནས་སུམ་བརྒྱ་ཙམ༽
གསུམ། ཡིག་གཟུགས་བརྩམས་ཆོས་བཅུ་ནས་བཅོ་ལྔའི་བར། ༼བརྩམས་ཆོས་བསྐུར་མི་དགོས། པར་བླངས་ནས་ཡིག་སྒམ་ནང་བསྐུར་ན་ཆོག ༽
བཞི། ནང་དོན་བསླབ་བྱ་དང་ལེགས་བཤད་སོགས་སྤྱི་ཚོགས་ཐུན་མོང་གི་སྤྱོད་བྱ་ཡིན་དགོས།
ལྔ། བསྐུར་སའི་ཡིག་སྒམ། 651158585@qq.com
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས། མགོན་དགའ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག