ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་མཉམ་ལས་ཆེ་མོའི་གྲོས་འགོ་བཏོན།
ས་གནས་དེ་གའི་དུས་ཚོད་ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུའི་ཁ་ཧྲན་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་པ་རེད། མཇལ་འཛོམས་གནང་རིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་དང་མཉམ་པར་བསྐྱོན་པ་རེད།
དང་ཐོག་ཞི་ཅིན་ཕིང་ཁྱབ་ཁོངས་ཆུང་བའི་ཚོགས་འདུར་ཞུགས་ནས། ཁོངས་གཏོགས་རྒྱལ་ཁབ་གསར་པ་འབོ་གསེར་ཁྱིམ་ཚང་ཆེ་མོའི་ནང་ཞུགས་པར་དགའ་བསུ་ཞུ་བ་དང་། དེ་བཞིན་རྒྱལ་ཁབ་མང་པོ་འབོ་གསེར་རོགས་ཟླའི་རྒྱལ་ཁབ་ཏུ་གདན་དྲངས་པ་རེད། ཞི་ཅིན་ཕིང་གིས། ཁོངས་གཏོགས་རྒྱལ་ཁབ་མང་དུ་གཏོང་རྒྱུ་ནི་འབོ་གསེར་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་ལ། རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་འགྲོ་བའི་མཚོན་རྟགས་རང་བཞིན་གྱི་བྱ་བ་ཞིག་ཀྱང་རེད་ཅེས་བསྟན།
དེ་རྗེས་ཞི་ཅིན་ཕིང་ཁྱབ་ཁོངས་ཆེན་པོའི་ཚོགས་འདུར་ཞུགས་ཏེ། མ་འོངས་འབོ་གསེར་འཕེལ་རྒྱས་ཐད་བསམ་འཆར་གལ་ཆེན་བཏོན་པ་དང་། ཞི་བདེའི་འབོ་གསེར་དང་། གསར་གཏོད་འབོ་གསེར། འབག་མེད་འབོ་གསེར། དྲང་གཞག་འབོ་གསེར། མི་ཆོས་འབོ་གསེར་བཅས་བསྐྲུན་རྒྱུའི་གྲོས་འགོ་ལྔ་བཏོན་པ་རེད།
མཇུག་ཏུ་ཞི་ཅིན་ཕིང་གིས། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཁག་དང་མཉམ་དུ་འབོ་གསེར་མཉམ་ལས་ཆེ་མོའི་སྤུས་མཐོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ། མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་མཇལ་འཛོམས་ནང་ཞུགས་རིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ཐུག་འཕྲད་གནང་བ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མཇལ་འཛོམས་ནང་ཞུགས་རིང་། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་དང་ཐུག་འཕྲད་གནང་བ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར། ཞི་ཅིན་ཕིང་མཇལ་འཛོམས་ནང་ཞུགས་རིང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་ཐུག་འཕྲད་གནང་བ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག