བན་རྒན་བགྲེས་པོའི་སེམས་གཏམ།
མཁན་ཆེན་འཆི་མེད་རིག་འཛིན།
ཚོགས་ཆེན་གྲྭ་ཁང་མདུན་ནས། །བདུན་ཅུའི་བན་རྒན་ང་རང་། །ཡུན་རིང་སྡོད་ཚོད་མ་རེད། །ཉམས་མྱོང་བསླབ་བྱ་ཚིག་གསུམ། །བུ་ཆུང་ཁྱོད་ལ་གདམས་གསུངས། །ཁྱེད་རང་དགུང་ལོ་གཞོན་པས། །གྲོགས་ངན་རྐྱེན་གྱིས་བསྒྱུར་འགྲོ། །བར་དུ་འཆད་རྩོད་བྱེད་དུས། །བསྟོད་བཀུར་སྙན་གྲགས་མ་བསམ། །ཆོས་པ་སད་ཀྱིས་ཁྱེར་འགྲོ། །བརྩོན་འགྲུས་ཐང་ལྷོད་མ་བྱེད། །འཆི་བ་གློ་བུར་སླེབས་ཉིན། །སེམས་ཀྱི་གདེངས་ཤིག་ཡོད་དགོས། །གདམས་པའི་ཚིག་དོན་རེ་རེ། །རིན་ཆེན་གསེར་ལས་ལྷག་ཀྱང་། །ཞེས་པའང་འཆི་མེད་རིག་འཛིན་གྱིས་སོ། །