གསུང་གི་མཛད་པས་དུས་ཚེས་དགེ་བ་བསུ། དྲིན་ཆེན་བླ་མ་སྐུ་ཚེ་བརྟན།

文化   2024-12-11 08:30   青海  

དུས་ཚེས་དགེ་བ་མཉམ་དུ་བསུ།

དྲིན་ཆེན་བླ་མ་སྐུ་ཚེ་བརྟན།


རྣམ་དག་ཚུ༷ལ་ཁྲི༷མས་གཙང་མས་ཐུགས་རྒྱུད་མཛེས།།

བཅུ་ཕྲག་རིག་པའི་གནས་ལ་བློ༷་གྲོ༷ས་ཡངས།།

ཉམ་ཐག་སྐྱེ་དགུའི་མགོན་གྱུར་དགེ་བའི་བཤེས།།

ལྷོ་གླིང་འཛིན་མའི་རྒྱན་ཏུ་འཚོ་བཞེས་གསོལ།།
























མ་སྨད་ཚུ༷ལ་ཁྲི༷མས་དག་པའི་དབྱིག་གི་ནོར།།
ཡོན་ཏན་རིན་ཆེན་བྱེ་བའི་གཏེར་འཛིན་པ།།
རྒྱ་ཆེན་བློ༷་གྲོ༷ས་མཚུངས་པ་མེད་པའི་སྡེ།།
ངེས་དོན་བཤེས་གཉེན་ཆེན་པོར་གསོལ་བ་འདེབས།།
སྤྱན་རས་གཟིགས།
སྡོམ་གསུམ་ཚུ༷ལ་ཁྲི༷མས་གཙང་མའི་ལུས་མཛེས་ཤིང་།།
མ་ནོར་ལེགས་བཤད་སྒྲོག་པའི་མགྲིན་པ་སྙན།།
ཟབ་དོན་ཇི་བཞིན་རྟོགས་པའི་བློ༷་གྲོ༷ས་ཅན།།
མཁན་ཆེན་སྨྲ་བའི་སེང་གེར་གསོལ་བ་འདེབས།།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།
མི་སྐྲག་པའི་བྱེའུ་ཆུང་ཆུང་ཞིག
འཛམ་གླིང་གི་སློབ་ཆེན40ལྷག་ལ་བྱོན་པ།
མི་ལོ་སུམ་ཅུ་སྔོན་ནས་ཆོས་ར་ནང་གི་མཁན་ཆེན།
འགྲུལ་བཞུད་ཐེངས་གསུམ་གྱི་མཛད་པ་ངོ་མཚར་ཅན།
མུན་དང་གྱི་ནར་འཁྱམས་པའི་སྐྱེ་འགྲོ་ལ།།
ལམ་དང་ལམ་མིན་གནད་དང་གནད་མིན་གྱི།།
དོན་སྟོན་ཤཱཀྱ་སེང་གེའི་ང་རོ་ཡིས།།
ཆོས་འཁོར་མི་ནུབ་བསྐལ་བརྒྱར་བསྐོར་དུ་གསོལ།།
སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་མཆོག་གིས།
       

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章