འཛམ་གླིང་དཀར་ཟས་ཉིན་མོར་གནང་བའི་བཀའ་སློབ།གསུང་མཁན། མཁན་ཚུལ་ཁྲིམས་བློ་གྲོས།འཛམ་གླིང་དཀར་ཟས་ཉིན་གནང་བའི་བསླབ་བྱ།
བོད་གངས་ཅན་གྱི་སྤུན་ཟླ་རྣམ་པ། ཚང་མ་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ། དེ་རིང་ནི་འཛམ་གླིང་དཀར་ཟས་ཀྱི་ཉི་མ་རེད། ཉི་མ་འདིར་འཛམ་བུ་གླིང་གི་ས་ཆ་སོ་སོ་ནས་སེམས་ཅན་གྱི་ཚེ་སྲོག་སྲུང་སྐྱོབ་དང་། དཀར་ཟས་འབོད་སྐུལ་གྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་རེད། ང་ཚོ་བོད་གངས་ཅན་གྱི་མི་རིགས་ལ་མཚོན་ན། ཚང་མ་ལས་རྒྱུ་འབྲས་ཁས་ལེན་མཁན་དང་། བྱམས་སྙིང་རྗེའི་བདག་པོ་ཡིན་པས། སེམས་ཅན་གྱི་ཚེ་སྲོག་སྲུང་སྐྱོབ་བྱེད་པ་དང་། དཀར་ཟས་ཀྱི་ཐོག་ལ་ཤུགས་རྒྱག་པ་ནི། འོས་ཤིང་འཚམས་པར་མ་ཟད། ཅིས་ཀྱང་རྒྱག་དགོས་པ་ཞིག་ཀྱང་རེད། ཁྱད་པར་དུ་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མཁན་གྱི་དགེ་འདུན་པ་ཞིག་ཡིན་ན། ངེས་པར་དུ་སེམས་ཅན་གྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་དང་། དཀར་ཟས་ཀྱི་ཐད་ལ་བྱ་བ་སྒྲུབ་རྒྱུ། སོ་སོ་རང་གིས་ཀྱང་དེའི་ཐོག་ལ་ཉམས་ལེན་སོགས་བྱེད་དགོས། མི་སྐྱ་ཕོ་མོ་རྣམས་ལ་མཚོན་ནའང་སྤྱིར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྒེར་རང་རང་གི་ལུས་པོའི་བདེ་ཐང་། གཞན་ཡང་ཚེ་སྲོག་འདྲ་མཉམ་སོགས་གང་གི་ཐོག་ལ་བསམ་བློ་བཏང་ནའང་། སེམས་ཅན་གྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་དང་། ཚེ་སྲོག་ཚང་མ་ལ་འདྲ་མཉམ་དུ་ལྟ་རྒྱུ། དཀར་ཟས་ཀྱི་ཐོག་ལ་ཤུགས་རྒྱག་རྒྱུ། སོ་སོ་རང་རང་གིས་ཀྱང་ཅི་ནུས་གང་ནུས་དང་། གཞན་ལའང་སྐུལ་མ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེས་ན་རྣམ་པ་ཐམས་ཅད་ཀྱིས་དེའི་ཐོག་ལ་ནུས་པ་གང་ཡོད་འདོན་རྒྱུར་བཀའ་དྲིན་ཆེ་ཞུ་བ་ཡིན།མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གིས།
དཀར་ཟས་འབོད་སྐུལ་དང་འབྲེལ་བའི་གློག་བརྙན་འོས་སྦྱོར། ཁོར་ཡུག་སྲུང་སྐྱོབ་དང་ལུས་ཁམས་བདེ་ཐང་། ཚེ་སྲོག་འདྲ་མཉམ་བཅས་ལ་བསམས་ཏེ། དཀར་ཟས་ལ་འབད་པ་གནང་བར་ཞུ། དམར་ཟས་པ་རྣམས་ཀྱི་ཁ་ལྟོའི་ཆེད་དུ་སེམས་ཅན་རྣམས་ལ་སྡུག་བསྔལ་གང་འདྲ་ཞིག་འོང་གིན་འདུག ཅིས་ཀྱང་བསམ་བློ་ལན་གཅིག་གཏོང་བར་མཛོད།མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གིས།བོད་ཡུལ་གྱི་དཀར་ཟས་རིང་ལུགས།
མདོ་དང་བསྟན་བཅོས་ལས་ཤའི་ཉེས་དམིགས་གསུང་པ་ཕྱོགས་བསྒྲིགས།
སའི་གོ་ལའི་སྤྱི་དམངས།
བླ་རུང་དཀར་ཟས་ཚན་ཆུང་གིས་བསྒྱུར་སྐྲུན་བྱས།དམ་ཆོས་ངོ་བོ་འཚེ་མེད་ཞི་བ། རྒྱལ་སྤྱིའི་དཀར་ཟས་ཉིན་མོར། སེམས་ཅན་གྱི་ལུས་སྲོག་ལ་འཚེ་བ་སྤང་བའི་ཕྱིར་དུ་དཀར་ཟས་བསྟེན་པར་ཞུ། སེམས་ཅན་གྱི་སྡུག་བསྔལ་ལ་བསམ་བློ་གཏོང་མ་དགོས་ན། ཐེག་པ་ཆེན་པོའི་ལུགས་ལ་དེ་ལས་གཞན་བསམ་བློ་གཏོང་དགོས་ས་ནི་ཅི་ཡང་མེད་དོ།།མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གིས། མཐོ་དམན་ཐམས་ཅད་ཀྱི་ཚེ་སྲོག་ལ་འདྲ་མཉམ་དུ་བལྟ་བ་དང་། བརྩི་བསྲུང་བྱེད་པ་འདི་ནི་དངོས་གནས་ཡིད་འཕྲོག་པའི་བྱ་བ་ཞིག་རེད། ང་ཚོས་གཅན་གཟན་གྱི་གཤིས་ཀ་དོར་ནས་མིའི་གཤིས་ཀའི་ཕྱོགས་སུ་བསྐྱོད་དགོས་སོ།།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས།སྲོག་བླུ་ངོ་མ་ནི་དཀར་ཟས་བསྟེན་པ་ཡིན། ང་ཚོས་གཡག་བཤའ་ཤེས་པ་ཙམ་གྱིས་མུ་གེས་མ་ཤི་ཙམ་ཞིག་བྱུང་ན་རབ་ཡིན་གྱི། དཔལ་འབྱོར་ཡར་རྒྱས་སུ་མི་འོང་ཐག་ཆོད་ཡིན། དེས་ན་འཚོ་ཐབས་གཞན་པ་ལ་བརྩོན་དགོས། དེ་གང་ཞེ་ན། རབ་རིག་གནས་ཀྱིས་འཚོ་བ། འབྲིང་ལག་ཤེས་ཀྱིས་འཚོ་བ། ཐ་མ་ངལ་རྩོལ་གྱིས་འཚོ་བ་གསུམ་པོ་ཡིན་ནོ།།མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གིས། སྤུན་ཟླ་རྣམ་པ། ཚེ་སྲོག་ལ་མཐོ་དམན་གྱི་དབྱེ་བ་འབྱེད་པ་འདི་ལ་རྒྱབ་སྐྱོར་བྱས་ཚེ། མི་རྒྱུད་དཀར་པོ་རྣམས་ཀྱིས། མི་ནག་དག་གི་ཚེ་སྲོག་ལ་རིན་ཐང་མེད་པར་བལྟས་ནས། མི་ལོ་བཞི་བརྒྱའི་རིང་ལ་ནག་བྲན་གྱི་ཉོ་ཚོང་ཡ་ང་བ་བྱས་པ་དེ་ཡང་འཐད་པར་ཁས་ལེན་དགོས་ཤིང་། མཐར་སུ་སྟོབས་ཆེ་བ་དེས་ཅི་བྱས་ཀྱང་ཆོག་པ་ཞིག་ཏུ་འགྱུར་བས། འདི་ང་ཚོའི་རིག་གནས་མ་ཡིན་ནོ།།མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གིས།སྒོ་ཕྱུགས་ངན་གསོད་མི་བྱེད་པར་ཞུ།
རང་དབང་ཁ་ལ་ཁྱེར་བཞིན་དུ། རང་ལས་བརྒྱ་འགྱུར་གྱི་ཉམ་ཆུང་བའི་སྲོག་ཆགས་རྣམས་ལ། ཐ་ན་འཚོ་གནས་ཀྱི་རང་དབང་ཙམ་ཡང་མི་སྤྲོད་པའམ་སྤྲོད་མི་དགོས་སོ་ཞེས་སྨྲས་ན། རང་དབང་ལ་བརྩི་བསྲུང་རང་གིས་མ་བྱས་པར་འགྱུར་ཏེ། རང་དབང་ནི་སེམས་ཅན་ཐམས་ཅད་ཀྱི་སྨོན་གནས་ཡིན་པའི་ཕྱིར་རོ།།མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གིས། ཚེ་སྲོག་ལས་རིན་ཐང་ཆེ་བའི་དངོས་པོ་ཞིག་འཇིག་རྟེན་ཁམས་ན་མེད། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་འདྲ་མཉམ་ཡིན་གྱི། མཐོ་དམན་གྱི་ཁྱད་པར་དབྱེ་རྒྱུ་མེད། ས་སྒང་འདིའི་སྟེང་དུ་སྲོག་ཆགས་ཐམས་ཅད། འཚེ་མེད་མཉམ་གནས་འོང་བ་ལ་བརྩོན་པ་ནི། མིའི་རིགས་ཀྱི་བྱ་བ་རླབས་ཆེ་བ་ཞིག་གོ།མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གིས།