1 མཐེ་བོང་ནི་དབུགས་འབྱིན་རྔུབ་བྱེད་པའི་དབང་པོ་དང་འབྲེལ་བ་ཟབ་པས་གློ་ལུ་བ་དང་། གྲུམ་བུའི་ནད་ན་བ་སོགས་ལེགས་བཅོས་སུ་གཏོང་ཐུབ།
2 མཛུབ་མོ་ནི་འཇུ་བྱེད་མ་ལག་དང་འབྲེལ་བ་ཟབ་པས་རྒྱུ་མའི་གཉན་ཚད་དང་། ཕོ་བའི་གཉན་ཚད་ལེགས་བཅོས་བྱེད་ཐུབ།
3 དཀྱིལ་མཛུབ་ནི་རྣ་བར་འབྲེལ་བ་ཟབ་པས་རྣ་འུར་བ་ལེགས་བཅོས་ནུས་ལྡན་བྱེད་ཐུབ།
4 སྲིན་མཛུབ་ཀྱི་ཚོར་བའི་དབང་རྩ་ལ་ཟུག་ཕོག་བྱས་ནས་རིམས་འགོག་གི་ནུས་པ་ཆེ་རུ་གཏོང་ཐུབ།
5 མཛུབ་ཆུང་མ་ཁྲག་རྒྱུན་འཁོར་བྱེད་ཀྱི་དབང་པོར་འབྲེལ་བ་ཟབ་པས་སྙིང་ནད་དང་། མཁལ་མའི་ནད། ཁྲག་ཤེད་མཐོ་བ། གཅིན་མངར་གྱི་ནད། མིག་ནད་སོགས་ལ་ཕན་ནུས་ཆེན་པོ་ཡོད།
འཕུར་མཉེད་བྱེད་སྟངས་ནི་མཛུབ་མོ་རེ་རེར་སྐར་ཆུང་10~20 བར་དུ་བྱེད་དགོས། དེ་ཡང་གང་ཟག་སོ་སོའི་ཤེད་ཤུགས་མི་འདྲ་བས་རང་རང་གི་མཛུབ་མོར་ཟུག་གཟེར་གྱི་ཚོར་བ་ཐོན་ན་ཆོག དེ་ལྟར་རང་གི་བདེ་ཐང་གི་ཆེད་དུ་འགྲོ་ཞོར་འདུག་ཞོར་ཟླ་བ་གཅིག་ཙམ་ལ་ཚོད་ལྟ་བྱས་ན་མི་བདེ་བའི་ནད་རྟགས་མངོན་གསལ་ཇེ་ལེགས་སུ་གཏོང་ཐུབ་པ་དང་། མིག་སྔར་ནད་ཅི་ཡང་མེད་ནའང་ནད་རིགས་སྔོན་འགོག་དང་རིམས་འགོག་གི་ནུས་པ་མཐོ་རུ་གཏོང་བར་ཧ་ཅང་བཟང་།
བླ་རུང་བུད་མེད་བདེ་སྲུང་ཚན་ཆུང་གིས་བསྒྱུར།
སེམས་ཅན་ནད་པ་ཇི་སྙེད་པ།།
མྱུར་དུ་ནད་ལས་ཐར་གྱུར་ཅིག།
འགྲོ་བའི་ནད་རྣམས་མ་ལུས་པ།།
རྟག་ཏུ་འབྱུང་བ་མེད་པར་ཤོག།