སྡུག་བསྔལ་ལ་བཟང་ཆ་ཡོད་ལ། བདེ་སྐྱིད་ལ་ཞན་ཆ་ཡོད། མཁན་ཆེན་མཆོག་གིས།

文化   2024-11-23 18:30   青海  

སྡུག་བསྔལ་ལ་བཟང་ཆ་ཡོད་ལ། བདེ་སྐྱིད་ལ་ཞན་ཆ་ཡོད། བེད་སྤྱོད་ཀྱི་ཐབས་ལམ་ལེགས་པོ་ཡོད་ན། སྡུག་བསྔལ་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་འགྱུར་ཐུབ་པ་དང་། རང་ཉིད་ལ་གཅིན་སྡོམ་བྱེད་མ་ཤེས་ན། བདེ་སྐྱིད་ཀྱིས་ཀྱང་མི་རྣམས་ངན་རུལ་དུ་གྱུར་བར་བྱེད། དེའི་རྐྱེན་གྱིས། ང་ཚོས་སྐྱིད་སྡུག་ཐམས་ཅད་ལ་ཧུར་བརྩོན་གྱིས་གདོང་ལེན་བྱེད་དགོས་ལ། ཅི་ནུས་གང་ནུས་ཀྱིས་སྤྲོ་སྣང་གི་སེམས་ཁམས་རྒྱུན་འཁྱོངས་བྱེད་དགོས། སངས་རྒྱས་ཀྱི་ཞལ་སྔ་ནས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ནི་འོད་གསལ་བ་དང་ཉོན་མོངས་མེད་པའོ།། ཞེས་གསུངས་སོ།།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章