སེམས་ཁོང་གི་འབོད་སྐུལ། ཚིག རྨེ་སྤྲུལ། གཞས་མ། དངོས་གྲུབ་སྒྲོལ་མ།

文化   2024-11-30 16:27   青海  

སེམས་ཁོང་གི་འབོད་སྐུལ།

ཚིག་མཛད་མཁན། རྨེ་སྤྲུལ།
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་། 

གཞས་མ། དངོས་གྲུབ་སྒྲོལ་མ།

 འཛམ་གླིང་ཡང་རྩེར་ཆགས་པའི།།
 མི་ཡུལ་དག་པའི་ཞིང་ཁམས།།
 ཁྱེད་ཀྱི་ཕྱི་ནང་སྣོད་བཅུད།།
གཏན་དུ་གཙང་མར་གནས་དགོས།།

ནམ་མཁའ་སྔོ་བསངས་དྭངས་པ།།
བྱང་ཁོག་སྟོད་ཀྱི་དཔེ་རེད།།
དེ་ལ་དུག་རླངས་རྐྱེན་གྱིས།།
བསླད་པ་མེད་པ་གནང་རོགས།།

 ཨེ་ཛི་དང་གློ་གཅོང་། མཆིན་ནད་དང་ཐུམ་འབུ། རྩད་ནས་འགོག་ཐབས་ལ་རེམས།

 སྤྲིན་པ་དཀར་ཞིང་དྭངས་པ།།
 སེམས་ཁམས་གཙང་མའི་དཔེ་རེད།།
 དེ་ལ་ཕྱི་ནང་གྲིབ་ཀྱིས།།
 འབག་བཙོག་མེད་པ་གནང་རོགས།།

 གཙང་ཞིང་དག་པའི་རི་ལྗོངས།།
 དོན་ལྔ་སྣོད་དྲུག་དཔེ་རེད།།
 དེ་ལ་འགོ་བའི་རིམས་ཀྱིས།།
 ཕོག་ཐུག་མེད་པ་གནང་རོགས།།

 ཨེ་ཛི་དང་གློ་གཅོང་། མཆིན་ནད་དང་ཐུམ་འབུ། རྩད་ནས་འགོག་ཐབས་ལ་རེམས།

 གངས་ཆབ་སིལ་མའི་ཀླུང་རྒྱུན།།
 ཟུངས་ཁྲག་དྭངས་མའི་དཔེ་རེད།།
 དེ་ལ་དུས་ནད་སྣ་དགུས།།
 རྙོག་པ་མེད་པ་གནང་རོགས།།

 འཕྲོད་བཞེས་འཕྲོད་བཞེས་ཟེར་བའི།།
 ཁ་གཡང་བསྒྲགས་པས་ཅི་བྱ།།
 སོ་སོས་འཚོ་བའི་ཁྲོད་ནས།། 
 ལག་ལེན་དངོས་བསྟར་གནང་རོགས།།

 ཨེ་ཛི་དང་གློ་གཅོང་། མཆིན་ནད་དང་ཐུམ་འབུ། རྩད་ནས་འགོག་ཐབས་ལ་རེམས།

 མི་རབས་ཕྱི་མའི་ཆེད་དུ།། 
 ང་ཚོའི་ལག་གདང་སྦྲེལ་ནས།།
 མ་འོངས་བདེ་ཐང་གངས་རིའི།།
 རྨི་ལམ་མངོན་དུ་འགྱུར་དགོས།།

 ཨེ་ཛི་དང་གློ་གཅོང་། མཆིན་ནད་དང་ཐུམ་འབུ། རྩད་ནས་འགོག་ཐབས་ལ་རེམས།

       

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章