པད་མཚོའི་གཞས་གསར། ཕ་རི་གངས་དཀར་ཞེས་པའི་གླུ་དབྱངས་སྙན་མོ།

文化   2024-12-03 16:06   青海  

ཕ་རི་གངས་དཀར།

གཞས་ཚིག དོན་གྲུབ་རྡོ་རྗེ།

གཞས་གདངས། རྫོགས་ཆེན་བསྟན་འཛིན།

གཞས་མ། པད་མཚོ།

མཛེས་སྡུག་གི་རི་བོ།

ཕ་རི་གངས་དཀར་ལྷུན་པོ།

གངས་རི་གོང་མའི་ཕང་ནས།

ས་ཆེན་དབང་དུ་བྱས་པའི། 

ཨ་་་་ཧ་ཧ་་་་་ང་ཡི་ཕ་ཡུལ།

བཙན་པོའི་གདུང་རབས་འཁྲུངས་བའི་ཡུལ།

དཔའ་བོའི་ལོ་རྒྱུས་བལྟམས་ནས་ཡོད།


མཛེས་སྡུག་གི་རི་བོ།

ཕ་ཡུལ་གངས་རི་དཀར་པོ།

འཛམ་གླིང་ས་ཡི་བླ་ན།

མ་འགྱུར་གཏན་དུ་བཞུགས་པའི།

ཨ་་་་ཧ་ཧ་་་་་ང་ཡི་ཕ་ཡུལ།

ཉི་ཟླ་སྐར་གསུམ་འཁྲུངས་བའི་ཡུལ།

བརྩེ་བ་ཆེན་པོ་འཁྲུངས་ནས་ཡོད།


ཞི་བདེ་ཡི་འཇིག་རྟེན།

ཕ་ཡུལ་གངས་ལྗོངས་ཕྱུག་མོ།

འགྲོ་དྲུག་ཕ་མ་བསམ་ནས།

བྱམས་སེམས་བརྩེ་བ་གནང་པའི།

ཨ་་་་་ཧ་ཧ་་་་ང་ཡི་ཕ་ཡུལ།

ལྷ་ཆོས་དགེ་བ་དར་བའི་ཡུལ།

ལས་འབྲས་སེམས་ལ་བཟུང་ནས་ཡོད།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章