དེ་རིང་དུང་འགྱུར་ལྷ་བབས་དུས་ཆེན་ལ་ཆེད་ཕུལ་གྱི་ཟབ་ཆོས་བྱིན་ཆེན།

文化   音乐   2024-11-22 07:52   青海  
ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །
གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །
གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །

ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །

བྱང་ཆུབ་སེམས་ཀྱི་སྡོམ་པ།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

ལྷ་བབས་དུས་ཆེན་གྱི་བྱུང་བ་མདོར་བསྡུས།

བོད་ཟླ་༩པའི་ཚེས་༢༢ཉིན།‍‍

 དེ་རིང་ནི་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་ཡིན་ལ། དེ་ཡང་ལྷ་བབས་དུས་ཆེན་ཞེས་པ་ནི། སྔོན་སྟོན་པ་ཤཱཀྱ་ཐུབ་པ་མཆོག་སངས་རྒྱས་ནས་དགོང་ལོ་ཞེ་གཅིག་ལ་སླེབས་པའི་ཚེ། ཡུམ་སྒྱུ་འཕྲུལ་མ་ལྷ་ཡུལ་དུ་སྐྱེ་བ་བཞེས་པ་མཁྱེན་ནས། སྟོན་པ་འཁོར་དང་བཅས་པ་ལྷ་གནས་སུ་དབྱར་གནས་མཛད་དེ། གདུལ་བྱ་རྣམས་ལ་ཆོས་སྟོན་བཞིན་བཞུགས། དེའི་དུས་སུ་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ཀྱིས། རྫུ་འཕྲུལ་ཅན་འཕགས་པ་མོའུ་འགལ་བུ་ཁྱེད་ཀྱིས། བཅོམ་ལྡན་འདས་འཛམ་གླིང་དུ་སྤྱན་དྲོངས་རོགས་ཞེས་གསོལ་བས།  མོའུ་འགལ་གྱི་བུས་དེ་ལྟར་གསོལ་བ་བཏབ་པས། སྟོན་པ་མཆོག་གིས་ཞལ་བཞེས་གནང་ནས། ལྷ་མིའི་འཁོར་དང་བཅས་ཏེ་རྫུ་འཕྲུལ་གྱི་སྐས་འཛེག་ལ་བརྟེན་ནས། འཕགས་ཡུལ་གསལ་ལྡན་གྱི་གྲོང་ཁྱེར་དུ་བྱོན་ཏེ། འགྲོ་བ་མཐའ་ཡས་པ་ལ་སྐལ་བ་དང་འཚམ་པའི་ཆོས་བསྟན་ནས། ཐར་བ་དང་སྨིན་གྲོལ་གྱི་ལམ་དུ་འགོད་པར་མཛད་པའི་དུས་ཆེན་ཁྱད་པར་བ་ཡིན་པས། ཉིན་འདིར་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་པ་དང་། ཕྱག་མཆོད་དང་དགེ་འདུན་ལ་བསྙེན་བཀུར། ངན་སློང་ལ་སྦྱིན་གཏོང་སོགས་རྣམ་དཀར་དགེ་བའི་ལས་ལ་འཇུག་པ་ཤིན་ཏུ་གལ་ཆེ་བས། ཀུན་གྱིས་གོ་སྐབས་མ་ཤོར་བ་མཛད་པར་ཞུའོ། །

སུམ་ཅུ་རྩ་གསུམ་གནས་སུ་དབྱར་གནས་མཛད། །

སྐལ་ལྡན་སྨིན་གྲོལ་ལམ་ལ་ལེགས་བཀོད་དེ། །
སྨིན་དྲུག་ཅན་ལ་ཚངས་དབང་ཚོགས་འཁོར་བཅས། །

སླར་ཡང་གླིང་འདིར་བྱོན་ལ་ཕྱག་འཚལ་ལོ། །

སངས་རྒྱས་རྣམ་ཐར།

佛陀 国语版 完整

རྒྱ་སྐད། ཨམ་སྐད། ཁམས་སྐད། བརྙན་ཆ་ཚང་།

阿魄羊倌
འདིར་འབྲེལ་བ་གྱིས་དང་། ཁྱོད་ལ་མཁོ་བའི་རིག་དངོས་ཀྱིས་སྒུག་ནས་ཡོད་ངེས།
 最新文章