མ་འོངས་པའི་གཟའ་འཁོར་གཅིག་རིང་གི་གནམ་གཤིས་སྔོན་བརྡ།(ཟླ1པོའི་ཚེས27ཉིན་ནས་ཟླ2པའི་ཚེས2ཉིན་བར།)
སྔོན་དཔག་བྱས་ན་ཟླ2པའི་ཚེས2ཉིན་མདོ་ལ་རི་ཁུལ་དུ་ཁངས་འབབ་པའི་གནམ་གཤིས་འབྱུང་རྒྱུ་ཡིན་པ་དང་། གཟའ་འཁོར་འདིའི་དུས་ཚོད་གཞན་དག་ནང་ཁུལ་ཡོངས་ལ་གནམ་ཐང་རྒྱུ་རེད། ཞིབ་ཕྲའི་སྔོན་བརྡ་གཤམ་གསལ་ལྟར།
ཟླ1པོའི་ཚེས27ནས་ཟླ2པའི་ཚེས1ཉིན་བར། ཁུལ་ཡོངས་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད།
ཟླ2པའི་ཚེས2ཉིན། མདོ་ལ་དང་འཇུ་ལག་ལ་ཁངས་ཆུང་ཆུང་འབབ་རྒྱུ་ཡིན་ཞིང་། མདའ་བཞི་དང་རྐང་ཚར་སྤྲིན་མང་བ་དང་ཕྱི་དྲོར་མཚོ་སྐོར་ས་ཁུལ་དུ་རིམ་པ5ནས6བར་གྱི་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་རེད།
1.ཟླ2པའི་ཚེས2ཉིན། མདོ་ལ་རི་ཁུལ་དུ་ཁངས་འབབ་པའི་གནམ་གཤིས་ཡོད་པས་འགྲིམ་འགྲུལ་བདེ་འཇགས་དང་ནུས་ཁུངས་མཁོ་སྤྲོད་འགན་ལེན་སོགས་ལ་ཤུགས་རྐྱེན་ཅུང་ཆེ་བས། བྱ་བའི་བཀོད་སྒྲིག་ལ་ཤུགས་བསྣན་ཏེ་གནམ་གཤིས་མི་ལེགས་པས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐེབས་པའི་ཤུགས་རྐྱེན་སྔོན་འགོག་བྱེད་དགོས།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州气象台
责编/彭毛才旦
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系