ཤ་བོ་སྐྱབས་ཀྱིས་ལོ་སར་སྔོན་ལ་ཕུལ་བྱུང་ཏང་ཡོན་སོཊ་ལ་འཚམས་འདྲི་གནང

政务   2025-01-27 09:40   青海  

ཤ་བོ་སྐྱབས་ཀྱིས་ལོ་སར་གྱི་སྔོན་ལ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ་དང་ཕུལ་བྱུང་ཏང་ཡོན། ངལ་རྩོལ་དཔེ་བཟང་སོགས་ལ་འཚམས་འདྲི་གནང་།

ལོ་སར་སླེབས་ལ་ཉེ་སྐབས་ཏེ། ཟླ1པོའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ་དང་། ཕུལ་བྱུང་ཏང་ཡོན། ཆོས་ལུགས་ལས་རིགས་ཀྱི་མི་སྣ། ངལ་རྩོལ་དཔེ་བཟང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་ལ་སོ་སོར་འཚམས་འདྲི་གནང་བ་དང་། ཁོ་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་དང་གནས་པའི་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཞིང་ཆེན་དང་ཁུལ་གྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་དང་ལོ་གསར་པའི་བྱ་བའི་བསམ་ཕྱོགས་ངོ་སྤྲོད་ཞིབ་ཕྲ་བྱས་ཏེ་ཁོ་ཚོས་མཚོ་བྱང་གི་བྱ་གཞག་སོ་སོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཕུལ་བའི་ལེགས་སྐྱེས་ལ་བླ་ན་མེད་པའི་གུས་བཀུར་ཞུས་པར་མ་ཟད་དུས་ཆེན་གྱི་སྨོན་འདུན་ཞུས།       

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་དབྱང་ཧའེ་ལུང་གི་ཁྱིམ་དུ། ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁོས་མཚོ་བྱང་འཕེལ་རྒྱས་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས། མགོ་ཁྲིད་པ་དང་བློ་མཐུན་རྒན་པས་ལུས་པོར་བདག་སྐྱོང་བྱས་ཏེ་ནམ་རྒྱུན་མཚོ་བྱང་ཁུལ་གྱི་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་སུ་ཡོང་ནས་རིག་གནས་ལུས་རྩལ་བྱེད་སྒོར་ཞུགས་ནས་སྔར་རྒྱུན་ལྟར་མཚོ་བྱང་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ། མང་ཚོགས་ཀྱི་རྨང་གཞི་གཏིང་ཟབ་སོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། མུ་མཐུད་དུ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུའི་རེ་བ་ཡོད་པར་བཤད།

ནུབ་མཚོ་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་ཧྥ་ལན་གྱི་ཁྱིམ་དུ་སྡེ་ཁུལ་འཕེལ་རྒྱས་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་ཁོ་མོས་མཚོ་བྱང་འཕེལ་རྒྱས་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་གསན་པ་དང་འབྲེལ་ཉེ་བའི་ལོ་ཤས་རིང་རྒྱ་ཆེའི་ཏང་ཡོན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་སོགས་བྱ་བ་སོ་སོའི་ནང་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོ་མོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ནང་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་ཐོབ་ཐང་ཡིད་ལ་བཟུང་བ་དང་ཏང་ཡོན་གྱི་འོས་འགན་བསྒྲུབ་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པ་བཅས་བྱས་ཏེ་སྡེ་ཁུལ་འཕེལ་རྒྱས་ཆེད་ཧུར་ཐག་སྒོས་ལེགས་སྐྱེས་གསར་བ་དབུལ་དགོས་པའི་སྐུལ་ལྕག་གནང་། 

ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་དེ་སྔའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཚེ་བརྟན་གྱི་ཁྱིམ་དུ་ཁོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་ངང་གསན་པ་དང་ཁོས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཚམ་མཐུན་བཅས་ཀྱི་ཆེད་དུ་སེམས་ནུས་བཏོན་པ་དང་ལེགས་སྐྱེས་ཕུལ་བར་ཚད་མཐོའི་ཁས་ལེན་གནང་། ཁོས་ལུས་པོར་བདག་སྐྱོང་བྱེད་པ་དང་ཆབས་ཅིག་ཆོས་ལུགས་ཀྱི་དགེ་རྒན་དང་ལས་སྒྲུབ་མི་སྣ། དད་ལྡན་མང་ཚོགས་ལ་མུ་མཐུད་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་མཚོ་བྱང་ལག་ལེན་ལ་སྐུལ་འདེད་བཏང་ནས་རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པའི་རང་རྟོགས་རང་བཞིན་སྔར་ལས་ཆེ་རུ་བཏང་སྟེ། མཚོ་བྱང་གི་བྱ་གཞག་སོ་སོ་འཕེལ་རྒྱས་འགྲོ་རྒྱུར་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་དགོས་པའི་རེ་བ་ཡོད་པར་བཤད།

ཁུལ་རིམ་པའི་ངལ་རྩོལ་དཔེ་བཟང་འཐུས་ཚབ་པ་ཡའོ་ཡུང་ཁེའི་ཁྱིམ་དུ་ཤ་བོ་སྐྱབས་ཀྱིས་འཐབ་ཕྱོགས་དང་པོའི་ངལ་རྩོལ་དཔེ་བཟང་པ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་དཔེ་བཟང་ལས་བཟོ་པར་སྐུལ་ཁྲིད་བྱས་ནས་ངལ་རྩོལ་གྱི་སྙིང་སྟོབས་དང་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས། བཟོ་བའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་དུས་རབས་གསར་བའི“མཚོ་བྱང་ལྔ”འཛུགས་སྐྲུན་ལ་ངལ་རྩོལ་དཔེ་བཟང་གི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་གནང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བས་ངལ་རྩོལ་དཔེ་བཟང་ལ་ལྟ་སྦྱོང་དང་འབད་བརྩོན་དངོས་སྒྲུབ། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་བཅས་བྱས་ཏེ་ངལ་རྩོལ་དཔེ་བཟང་ལ་བརྩི་བཀུར་དང་ངལ་རྩོལ་དཔེ་བཟང་ལ་སློབ་སྦྱོང་། ངལ་རྩོལ་དཔེ་བཟང་བརྩོན་ལེན་བཅས་ཀྱི་རྣམ་པ་ཟབ་མོ་བསྐྲུན་ནས“ངལ་རྩོལ་ནི་ཆེས་གཟི་བརྗིད་ཆེ་བ་དང་ངལ་རྩོལ་ནི་ཆེས་བློ་སྤོབས་ཆེ་བ། ངལ་རྩོལ་ནི་ཆེས་རླབས་ཆེ་བ། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ”མཚོ་བྱང་གི་ས་གཞི་ཆེན་མོའི་གོམས་སྲོལ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན།

ཤ་བོ་སྐྱབས་ཀྱིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དབང་རྒྱལ་དང་བྱམས་བརྩེའི་གླེང་མོལ་བྱས་པ་དང་ཁོས་དེ་སྔའི་དམག་དཔུང་གི་འཚོ་བ་དང་དཔའ་ངར་ལྡན་པའི་བྱས་རྗེས་བཤད་པར་ཉན་ནས་གཟིགས་སྐྱོང་གི་ཐོབ་ཐང་དོན་འཁྱོལ་བྱས་ཚུལ་དང་དེ་བཞིན་ཁྱིམ་དུ་གནས་པའི་དཀའ་ངལ་གྱི་གནད་དོན་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་ཁོང་གིས་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ནི་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས་གཟིགས་སྐྱོང་སྲིད་ཇུས་སོ་སོ་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས་འཚོ་བའི་སྤུས་ཚད་འགན་ལེན་ཡག་པོ་བྱེད་དགོས། ཁོས“དམག་ཁོངས་ནས་ཕྱིར་ལོག་རྗེས་རང་མདངས་མི་འགྱུར་བ་དང་དམག་ཁོངས་ནས་ཕྱིར་ལོག་རྗེས་ལྷག་བསམ་མི་འགྱུར་བར”རྒྱུན་འཁྱོངས་བྱེད་དགོས་པའི་སྐུལ་མ་དང་དགེ་མཚན་ལྡན་པའི་ནུས་ཤུགས་མུ་མཐུད་དར་སྤེལ་གཏོང་དགོས་པར་མ་ཟད་ལུས་པོར་བདག་སྐྱོང་ཡག་པོ་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བརྒྱུད་སྤྲོད་བྱེད་སྐབས་གཟི་བརྗིད་ཀྱི་འདུ་ཤེས་དང་ཁོངས་གཏོགས་ཀྱི་འདུ་ཤེས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་དང་སི་ཅི་ཧྲིན། ཚོ་ཅི་ཆང་། ལིས་ཞན་རུང་བཅས་སོ་སོར་ཞུགས།    


夏吾杰春节前夕看望慰问离退休老干部、优秀党员、劳动模范等

在春节来临之际,1月25日,州委书记夏吾杰分别看望慰问离退休老干部、优秀党员、宗教界人士、劳动模范和退役军人,详细了解他们的工作生活情况和存在的困难问题。宣讲省州“两会”精神,详细介绍全州经济社会发展的最新成果以及新一年工作思路,向他们为海北各项事业高质量发展做出的贡献表示崇高敬意,并致以节日的祝福。
在州人大常委会原主任杨海龙家中,夏吾杰代表州委、州政府对他为海北发展建设做出的积极贡献表示感谢。衷心希望老领导、老同志保重身体,经常到海北州老干部活动中心参加文化体育活动,一如既往地关心和支持海北发展,持续发挥政治立场坚定、工作经验丰富、群众基础深厚等优势作用,继续为海北高质量发展贡献银发力量。
在西海镇城东社区党支部书记杨发兰家中,详细了解社区发展等有关情况,听取她对海北发展的意见建议,并对近年来团结带领广大党员,在基层党建、民族团结等各项工作中取得的优异成绩给予充分肯定,鼓励她在新征程中时刻铭记党员身份,履行党员义务,持续发挥党员先锋模范作用,积极为社区发展做出新的贡献。
在宗教界代表人士,原全国人大代表、州政协副主席才福旦家中,认真倾听他对州委、州政府的意见建议,对他长期以来为海北社会稳定、民族团结、宗教和顺付出的心血、做出的贡献给予高度肯定,希望他在保重身体的同时,继续团结带领宗教教职人员和信教群众不断铸牢中华民族共同体意识,坚定不移推进藏传佛教中国化海北实践,进一步增强爱国爱教爱家乡的自觉性,一如既往关心和支持海北各项事业发展。
在州级劳模代表姚永科家中,夏吾杰同一线劳模亲切交谈,了解工作生活情况。鼓励他带动全州广大劳模职工大力弘扬劳动精神、劳模精神、工匠精神,为新时代“五个海北”建设发挥好劳模示范引领带动作用。要求全州广大党员干部职工要向劳模先进看齐,苦干实干,无私奉献,大力营造尊崇劳模、学习劳模、争当劳模的浓厚氛围,努力让“劳动最光荣、劳动最崇高、劳动最伟大、劳动最美丽”在海北大地蔚然成风。
夏吾杰与退役军人项加亲切交谈,倾听他讲述当年的军旅生涯和英勇事迹,详细了解优抚待遇落实情况以及家中存在的困难问题,衷心感谢他为国家做出的贡献。指出,退役军人是国家的宝贵财富,要持续落实好各项优抚政策,保障好生活质量。勉励他要坚持“退役不褪色、退伍不退志”,持续弘扬正能量,叮嘱他要保重身体,在传递党和政府的暖心关怀之时,持续增强荣誉感与归属感。
州领导孙绣宗、司吉昇、曹际强、李贤荣分别陪同。

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

来源/海北党务 文/陈文龙 图/祁连山报社记者 陈文年

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章