ཤ་བོ་སྐྱབས་ཀྱིས་ལོ་སར་དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།
ནུབ་མཚོ་ཞིང་ལས་ཉོ་ཚོང་ཁྲོམ་ར་དང་ནུབ་མཚོ་ཕྱོགས་བསྡུས་གོང་སྙོམ་ཚོང་ཁྲོམ་དུ་ཤ་བོ་སྐྱབས་ཀྱིས་ལོ་སར་གྱི་ཚོང་ཟོག་ཉོ་བར་ཡོང་བའི་མང་ཚོགས་དང་ཁྲོམ་རའི་ཚོང་པར་བརྗེ་རེས་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་ལོ་སར་ཉོ་སྒྲུབ་དགོས་མཁོ་དང་སྒེར་གཉེར་ཚོང་ཁང་གི་ཕྱིར་ཚོང་གནས་ཚུལ་ལ་རྒྱུས་ལོན་དང་ཚོང་རའི་མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ཏེ་ཟས་རིགས་བདེ་འཇགས་དང་མེ་གསོད་བདེ་འཇགས་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ནན་ཏན་བྱས། ཁོས་བསྟན་དོན། ལོ་སར་དུས་ཆེན་གྱི་ཉིན་སྔོན་མ་ནི་མང་ཚོགས་ཀྱིས་ལོ་སར་དངོས་ཟོག་ཉོ་བ་དང་གཅིག་སྡུད་ངང་ཕྱིར་སྐྱོད་བྱེད་ཚད་མང་བའི་དུས་སྐབས་ཡིན་པས། གྲོང་ཁྱེར་ལྟ་སྐུལ་དང་བཟོ་འཕྲིན། འཕྲལ་སྡོམ། མེ་གསོད་བདེ་འཇགས་སོགས་སྡེ་ཁག་གིས་ཞབས་ཞུའི་འགན་ལེན་དང་འཕྲལ་སྡོམ་བྱ་བར་ཁྱོན་ཡོངས་ནས་ནུས་ཤུགས་ཡོད་རྒུས་འགན་ལེན་གང་ལེགས་བྱེད་དགོས། གཅིག་ནས་ཁྲོམ་རའི་དངོས་རྫས་འགན་སྲུང་བྱ་བ་ཏན་ཏིག་ལེགས་པར་སྒྲུབ་དགོས། “ཚལ་སླེ”དང“འབྲས་ཁུག” “ཤ་འཐག་ས” “སིལ་སྡེར”ལ་དམིགས་ཏེ་ཐབས་ལམ་མང་པོའི་ཐོག་ནས་ཚོང་ཟོག་འདང་ངེས་གྲ་སྒྲིག་དང་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རིན་གོང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་གཉེར་སྐྱོང་སྔར་བས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་ལོ་སར་དུས་ཆེན་རིང་དངོས་རྫས་སྣ་ཚོགས་ཀྱི་གྲངས་འབོར་འདང་ངེས་དང་རིན་གོང་ངེས་གཏན། སྤུས་ལེགས་བཅས་ཡོང་བའི་འགན་ལེན་བྱ་དགོས། མང་ཚོགས་ཀྱི“ཟས་རིགས་བདེ་འཇགས”འགན་སྲུང་ཏན་ཏིག་བྱ་དགོས། གཉིས་ནས“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་སྐུད་པ་དམ་དུ་བསྒྲིལ་ནས་ཁོངས་གཏོགས་དོ་དམ་འགན་འཁྲི་དང་སྡེ་ཁག་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་གཙོ་བོའི་འགན་འཁྲི་བཅས་དམ་ཟབ་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་མངོན་པའི་ཉེན་ཁ་ཞིབ་བཤེར་གཏིང་ཟབ་དང་ཞིབ་ཕྲ་བྱས་ཏེ་ཁྱོན་ཡོངས་ནས་སྔོན་འགོག་དང་སེལ་ཐབས་དོན་འཁྱོལ་བྱ་དགོས། མེ་གསོད་བདེ་འཇགས་གསོ་སྦྱོང་ལ་ཤུགས་བསྣན་ནས་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་སྟེ་མང་ཚོགས་ལ་བདེ་འཇགས་དང་སྐྱིད་སྣང་གི་ཉོ་སྒྲུབ་ཁོར་ཡུག་མཁོ་འདོན་བྱ་དགོས། གསུམ་ནས་ལས་རེས་བརྟན་སྲུང་ཤུགས་སྣོན་བྱས་ཏེ་ཆུ་ཚོད24ལ་ཆེད་མངགས་ལས་རེས་དང་མགོ་ཁྲིད་ལས་བྱེད་པས་ལས་གནས་སུ་ལས་ཁྲིད་བྱེད་པ་དང་ཕྱི་བསྐྱོད་སྙན་སེང་ཞུ་བ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་འཕྲིན་ཐུང་ཤར་གཏོང་ཐུབ་པ་དང་མཐུན་སྦྱོར་བཀོད་གཏོང་ཐུབ་པ། ཆ་འཕྲིན་ཡར་སྤྲོད། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་སྟེ་ཐོལ་བྱུང་དོན་རྐྱེན་སོགས་མགྱོགས་མྱུར་ངང་ཐག་གཅོད་ཐུབ་པར་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ལ་བདེ་འཇགས་དང་བག་ལྷོད་པོའི་ལོ་གསར་དུས་ཆེན་ཞིག་རོལ་དུ་འཇུག་པར་ནུས་ཤུགས་ཡོད་རྒུ་འདོན་དགོས་ཟེར།
夏吾杰督导检查春节期间安全生产工作
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北党务 文/陈文龙 图/祁连山报社记者 陈文年
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系