བྱ་དགའ་མཐོ་ཤོས་སྒོར་ཁྲི་༡༥༠སྤྲད་རྒྱུ་རེད་འདུག

时事   2025-02-02 12:31   青海  

ཉེ་ཆར། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་སྡེ་ཚན་༩ཡིས་༼བོད་རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག༽ཐོག་མར་འགྲེམས་སྤེལ་བྱས་འདུག གཙོ་བོ་ཚོང་ཁང་གསར་པ་འཛུགས་པ་དང་། ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། འཛད་སྤྱོད་རིམ་སྤོར་བྱེད་པ་སོགས་ལ་དམིགས་ནས་ཞིབ་ཕྲའི་སྲིད་ཇུས་༨བཏོན་འདུག སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱ་ཐབས་འདི་བརྒྱུད་ནས་བོད་ལ་རྒྱལ་སྤྱིའི་ཚོང་ལས་དཔལ་འབྱོར་ཚུར་འགུགས་རྒྱུའི་མཐོ་སྒང་ཞིག་འཛུགས་འཆར་འདུག


近日

西藏自治区商务厅等9部门印发

《西藏自治区促进首发经济

高质量发展若干措施》

聚焦首店首发、新业态培育

消费场景升级等领域

提出8条具体政策

旨在通过政策支持和环境优化

加快融入新发展格局

培育消费新动能

将西藏打造成为

具有国际吸引力的首发经济新高地


༼བྱ་ཐབས༽འདིའི་ནང་བོད་ནས་ཐོག་མའི་དཔལ་འབྱོར་གོང་འཕེལ་དང་འཛད་སྤྱོད་རྣམ་པ་གསར་པ་ཞིག་གཏོད་རྒྱུར་དམིགས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཚོང་རྟགས་གྲགས་ཅན་གྱི་ཐོག་མའི་ཚོང་ཁང་དང་སྤུས་དག་ཚོང་ཁང་དེ་བོད་དུ་ཐོག་མར་འཛུགས་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་གི་སྤུས་དག་ཁེ་ལས་གྲགས་ཅན་བོད་དུ་ནང་འདྲེན་བྱེད་མཁན་གྱིས་ལོ་༢དང་དེའི་ཡན་གྱི་བཅའ་སྡོད་གྲོས་མཐུན་བཞག་པའི་ཀྲུང་གོའི་སྤུས་རྟགས་ཚོང་ཁང་ཐོག་མ་དང་། ལྷོ་ནུབ་ཀྱི་ཚོང་ཁང་ཐོག་མ། བོད་ཀྱི་ཚོང་ཁང་ཐོག་མ། སྤུས་དག་ཚོང་ཁང་ཐོག་མ་བཅས་ལ་རེ་བ་ལྟར། སོ་སོར་སྒོར་ཁྲི་༡༥༠དང་། སྒོར་ཁྲི་༡༠༠། སྒོར་ཁྲི་༧༠། སྒོར་ཁྲི་༤༠བཅས་ཀྱི་གཞིས་ཆགས་བྱ་དགའ་སྤྲད་རྒྱུ་དང་།  ཐོག་མའི་འགྲེམས་སྤེལ་བྱེད་སྒོ་སྤེལ་མཁན་ལ་རྒྱབ་སྐྱོར་ཁ་གསབ་སྒོར་ཁྲི་༡༠༠སྤྲད་རྒྱུ་རེད།


《措施》明确,西藏将聚焦首发经济与消费场景创新,大力支持国内外知名品牌首店在藏设立首店、旗舰店。对国内外知名品牌企业在西藏与引进方签订2年及以上入驻协议或自持物业开设独立法人性质的品牌首店,符合中国(内地)首店、西南首店、西藏首店、旗舰店要求的,分别给予150万元、100万元、70万元、40万元的一次性落户奖励。并在支持举办首发活动方面,给予最高100万元补贴。


གོང་གསལ་གཞིས་ཆགས་བྱ་དགའ་སྤྲོད་པ་ཕུད་། ད་དུང་ཀྲུང་གོའི་སྤུས་རྟགས་ཚོང་ཁང་ཐོག་མ་དང་། ལྷོ་ནུབ་ཀྱི་ཚོང་ཁང་ཐོག་མ། བོད་ཀྱི་ཚོང་ཁང་ཐོག་མ། སྤུས་དག་ཚོང་ཁང་ཐོག་མ་བཅས་ལ་ལོ་༢ཡན་གྱི་བཅའ་སྡོད་གྲོས་མཐུན་བཞག་པའི་ཚོང་ལས་གཉེར་སྐྱོང་ཚོང་པ་དང་། ཕྱོགས་གསུམ་པའི་ལས་ཁུངས། མཐུན་ཚོགས་བཅས་ལ་ནང་འདྲེན་གྱི་རིམ་པ་དང་གྲངས་འབོར་ལ་གཞིགས་ནས། བྱ་དགའ་མཐོ་ཤོས་སྒོར་ཁྲི་༡༠༠སྤྲད་རྒྱུ་རེད། 


除对品牌首店给予落户奖励外,西藏对与中国(内地)首店、西南首店、西藏首店、旗舰店签订2年及以上入驻协议的商业运营商、第三方机构、协会,按照引进品牌首店能级和数量,将给予最高100万元奖励。


༼བྱ་ཐབས༽ནང་ཐོག་མར་དཔལ་འབྱོར་གོང་འཕེལ་དང་ཁྱད་ལྡན་ཐོན་ལས་མཉམ་དུ་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་གཏང་ཆེད། ཀྲུང་ཧྭའི་ཚོང་རྟགས་རྙིང་པ་དང་། བོད་ཀྱི་ཚོང་རྟགས་རྙིང་པ་སོགས་བོད་ཀྱི་ཚོང་ར་དང་ཁྱད་ལྡན་ཁྲོམ་གཞུང་། དེ་ལས་གཞན་ཡུལ་སྐོར་མཛེས་ལྗོངས་ཁུལ། ཐོན་ལས་འདུས་ཁུལ། འགྲིམ་འགྲུལ་ལྟེ་གནས་སོགས་ས་ཁོངས་སུ་ཐད་གཉེར་ཚོང་ཁང་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་རེད། དེ་ལས་བོད་ཀྱི་ཁེ་ལས་ཐོན་རྫས་ཞིང་ཆེན་གཞན་པར་བསྐྱོད་དེ་རྒྱུད་འབྲེལ་ཐད་གཉེར་ཚོང་ཁང་འཛུགས་པ་སོགས་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི་༨༠དང་། སྒོར་ཁྲི་༥༠སྤྲད་རྒྱུ་རེད། གཞན་ཡང་ལྗོངས་ཕྱིའི་རྒྱུད་འབྲེལ་ཐད་གཉེར་ཚོང་དོན་ཁེ་ལས་ཀྱིས་བོད་དུ་ཐད་གཉེར་ཚོང་ཁང་བཙུགས་ན་བྱ་དགའ་མཐོ་ཤོས་སྒོར་ཁྲི་༥༠སྤྲད་རྒྱུ་རེད།


《措施》明确,推动首发经济与特色产业协同发展,对中华老字号、西藏老字号在西藏商圈、特色街区、旅游景区、产业园区、交通枢纽等区域开设直营门店,本土品牌企业赴区外开设连锁直营门店,分别给予最高80万元、50万元奖励。此外,对区外连锁经营商贸企业在西藏开设直营门店,也将给予最高50万元奖励。

ཞབས་ཞུའི་འགན་ལེན་ཐད། ༼བྱ་ཐབས༽ནང་ཐོག་མའི་དཔལ་འབྱོར་གོང་འཕེལ་གཏང་རྒྱུར་ཐོགས་མེད་བགྲོད་ལམ་གསར་པ་འཛུགས་རྒྱུ་གཏན་ཁེལ་བྱས་ཡོད་པ་དང་། སྤུས་རྟགས་ཅན་གྱི་ཐོག་མའི་ཚོང་ཁང་དང་། ཚོང་ཁང་གསར་པ་འཛུགས་པ། དེ་བཞིན་ཐོན་རྫས་གསར་པ་འགྲེམས་སྤེལ་བྱ་བར་འཆར་འགོད་དང་། འཛུགས་སྐྲུན། མེ་གསོད། ཐོ་འགོད། བཟའ་བཅའ་གཉེར་སྐྱོང་། གྲོང་ཁྱེར་དོ་དམ་སོགས་ཀྱི་བྱ་བར། སྔུན་ལ་སྙོམ་སྒྲིག་ཞབས་ཞུ་སྒྲུབ་པ་དང་། ཞིབ་མཆན་འགོད་པའི་བརྒྱུད་རིམ་སོགས་དུས་ཚོད་ཐུང་ཐུང་ནང་གཉེར་སྒྲུབ་བྱས་ནས། ཚོང་རྟགས་གྲགས་ཅན་གྱི་ཚོང་ཁང་ཐོག་མ་བཙུགས་ནས་ཚོང་གཉེར་བྱེད་པ་དང་། བྱེད་སྒོ་སྤེལ་བ་སོགས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུ་རེད། དེ་ལས་གཞན་གྱོན་ཆས་དང་། ཨར་འདམ། མ་བཅོས་རྡོ་སྣུམ་སོགས་ཆ་རྐྱེན་འཛོམས་པའི་ནང་འདྲེན་ཚོང་ཟོག་ཐོན་རྫས་ལ་ཞིབ་བཤེར་དང་ཡིད་རྟོན་སྔོག་འདོན་དོ་དམ་བྱ་རྒྱུ་རེད།


在服务保障方面,《措施》提出建立首发经济“绿色通道”,对品牌首店入驻、开设新店及新品发布中所涉及的规划、建设、消防、登记注册、食品经营、城市管理等事项,靠前协调服务,优化审批流程,缩短办理时间,解决品牌首店落地经营、举办活动等方面的难点问题,并对服装、水泥、原油等符合条件的商品,实施进口商品检验采信管理。







ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། དབང་མོ།


主编 | 吾见才让

副主编 | 平多  桑布

编辑 | 先巴  旺姆

来源 | 西藏商报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章