དཔྱིད་གསར་དུས་ཆེན་རིང་། ལྷ་ས་གྲོང་ཁྱེར་ནི་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཞིག་ཡིན་པའི་ངོས་ནས་ཡུལ་སྐོར་བ་མང་པོ་ཞིག་ས་མཐོའི་ཡུལ་ལྗོངས་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་མྱོང་ཚོར་བྱེད་པར་ཡོང་གི་ཡོད། ལྷག་པར་དུ་ཀྲུང་དབྱང་ཀུན་ཁྱབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་༢༠༢༥ལོའི་དཔྱིད་གསར་དགོང་ཚོགས་བོད་ལྗོངས་ལྷ་ས་ཡན་ལག་ཚོགས་རར་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་རྗེས། ལྷ་ས་སྐད་གྲགས་ཆོད་ཚད་ཇེ་མཐོར་སོང་བ་དང་། ཁྲོམ་གཞུང་དང་སྲང་ལམ་དུ་དུས་ཆེན་གྱི་རྣམ་པ་དང་ཡུལ་སྐོར་གྱི་སྤྲོ་སེམས་ཟབ་མོ་ཞིག་གིས་ཁེངས་ཡོད།
春节期间,拉萨作为热门旅游目的地,吸引了大量游客前来感受高原风光与独特民俗文化。特别是在总台2025年春晚西藏拉萨分会场的精彩展示后,拉萨的知名度大幅提升,人气愈发火爆,大街小巷洋溢着浓厚的节日氛围与旅游热情。
ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ནས་བདེ་འཇགས་དང་། གོ་རིམ་ལྡན་པ། དཔལ་ཡོན་ལྡན་པ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་གཏོད་ཆེད། ཟླ་༡ཚེས་༣༡ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱིས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཁྲིམས་འཛིན་རུ་ཁག་དང་གྲོང་ཁྱེར་དོ་དམ་ཁྲིམས་འཛིན་སྡེ་ཚན་མཉམ་འབྲེལ་བྱས་ནས་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་གི་གནས་ཚུལ་ལ་དམིགས་ནས་བཅོས་སྐྱོང་བྱ་སྤྱོད་སྤེལ་བ་རེད།
为进一步规范旅游市场秩序,营造安全、有序、文明的旅游环境,1月31日,拉萨市公安局旅游警察大队联合市文旅执法队、城管执法部门,针对旅游市场乱象开展整治行动。
ཉིན་དེའི་སྔ་དྲོའི་ཆུ་ཚོད་༩པར་མཉམ་འབྲེལ་ཁྲིམས་འཛིན་དཔུང་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་གནའ་གྲོང་ལྷ་སའི་མཐའ་འཁོར་གྱི་གཙོ་གནད་ས་ཁོངས་ལ་སྐོར་ཞིབ་ཞིབ་མོ་བྱས་པ་རེད། ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་གྱི་ཉེ་འགྲམ་དུ་ཁྲིམས་འཛིན་མི་སྣས་ཚོང་པ་ཁག་གཅིག་གིས་གཞུང་ལམ་བཟུང་ནས་གཉེར་སྐྱོང་བྱེད་སྤྱོད་ཡོད་པ་ཤེས་རྟོགས་བྱུང་བས། གྲོང་མི་འགྲོ་འོང་བྱེད་པར་འགོག་རྐྱེན་བཟོས་པར་མ་ཟད། ད་དུང་ཁྲོམ་གཞུང་གི་གཙང་སྦྲར་གཏོར་བཤིག་བཏང་བ་རེད། ཁྲིམས་འཛིན་མི་སྣས་ངང་རྒྱུད་རིང་པོས་ཚོང་པ་ཚོར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བྱས་ནས་ཁོང་ཚོར་ལམ་བཟུང་བའི་དངོས་རྫས་གཙང་བཤེར་བྱ་རོགས་བྱས་ཏེ། གཉེར་སྐྱོང་ཚད་ལྡན་དུ་གཏང་རྒྱུར་ཁྲིད་སྟོན་བྱས་པ་རེད།
当天上午9点,联合执法队伍迅速行动,对古城周边的重点区域展开地毯式巡查。在布达拉宫广场附近,执法人员发现部分商户存在占道经营行为,不仅阻碍了行人通行,还破坏了街区的整洁美观。执法人员耐心地向商户讲解相关法律法规,帮助他们清理占道物品,引导其规范经营。
ར་མོ་ཆེ་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཁྲིམས་འཛིན་མི་སྣས་རྗེས་འདེད་ཕྱིར་ཚོང་གི་དོན་རྐྱེན་མང་པོ་དུས་ཐོག་ཏུ་བཀག་འགོག་བྱས་པ་དང་། དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་སྣར་སྐྱོན་བརྗོད་དང་སློབ་གསོ་ནན་པོ་བྱས་པར་མ་ཟད། ཁོང་ཚོར་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་པ་རེད། ཡུལ་སྐོར་ཚོང་པ་ཁག་གཅིག་གིས་མཆོད་མར་བཙོང་རྒྱུ་དང་རིན་པ་ཡོད་པར་དངུལ་སིལ་མ་བརྗེ་བ་སོགས་ཀྱི་སྒྲིག་འགལ་བྱ་སྤྱོད་ལ་ཁྲིམས་འཛིན་མི་སྣས་ཀྱང་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
在小昭寺附近,执法人员及时制止了多起尾随兜售事件,对涉事人员进行严肃批评教育,并向他们宣传维护旅游市场秩序的重要性。对于一些游贩售卖“酥油灯”和有偿“换零钱”的违规行为,执法人员也依法进行了查处。
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱི་ཁྲོམ་རའི་ཟང་ཟིང་བཅོས་སྐྱོང་ཚོགས་ཆུང་གི་ཉེན་རྟོག་པ་ཉི་མས།
ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་ཁྲོད་སྡེ་ཚན་ཁག་གིས་མཉམ་དུ་སྐོར་ཞིབ་དང་ལྟ་སྲུང་བྱས་པ་བརྒྱུད་སྒྲིག་འགལ་བྱ་སྤྱོད་སྣ་ཚོགས་བཀག་འགོག་ནུས་ལྡན་ཐུབ་པ་དང་། ཡུལ་སྐོར་བ་དང་ཚོང་ཁང་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། རྗེས་སུ་ང་ཚོས་མུ་མཐུད་དུ་རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་ཁྲིམས་འཛིན་ལམ་སྲོལ་བཙུགས་ནས་དུས་བཀག་ལྟར་ཞིབ་བཤེར་བྱས་ཏེ་ཁྲོམ་རའི་གནས་ཚལ་སྣ་ཚོགས་ལ་མུ་མཐུད་དོ་ཁུར་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ལྷག་པའི་གཙང་སྦྲ་དང་། གོ་རིམ་ལྡན་པ། དཔལ་ཡོན་ལྡན་པ་བཅས་ཀྱི་ཡུལ་སྐོར་གཟུགས་བརྙན་ཐོག་ནས་ཕྱོགས་གང་ས་ནས་ཕེབས་པའི་སྐུ་མགྲོན་ལ་བསུ་བ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
拉萨市公安局旅游警察大队市场乱象整治组民警 尼玛:
此次整治行动中各部门协同作战,通过巡查与盯防,让各类违规行为得到了有效遏制,为游客和商户营造了良好环境。后续,我们将建立常态化联合执法机制,定期开展检查,持续保持对各类市场乱象的高压态势,以更加整洁、有序、文明的旅游形象迎接八方来客。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། རྒྱལ་མཚན། སྐལ་བསྟན། བྱམས་པ།
主编 | 吾见才让
副主编 | 平多 桑布
编辑 | 坚参 格丹 先巴
来源 | 拉萨发布
译文 | 阳光西藏