མཁའ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་རིམ་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས། ས་ཁུལ་བར་གྱི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། འགྲུལ་པ་རྣམས་ཀྱི་འགྲོ་འོང་གི་དགོས་མཁོ་བསྐང་ཆེད། ༢༠༢༥ལོའི་ཟླ་༢པའི་ཚེས་༡༩ཉིན་ནས་བཟུང་། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་ལྷ་ས་ནས་ཁྲེང་ཏུའུ་ཐེན་ཧྥུའུ། དེ་ནས་ཤང་ཀང་བར་གྱི་མཁའ་ལམ་ཤར་གཏོང་བྱ་རྒྱུ་ཡིན་པ་རེད།
མཁའ་ལམ་དེ་བོད་ལྗོངས་མཁའ་འགྲུལ་གྱིས་ལག་བསྟར་བྱེད་ཀྱི་ཡོད་ཅིང་། འཆར་གཞི་ལྟར་ན་གཟའ་འཁོར་རེའི་གཟའ་ལྷག་པ་དང་གཟའ་ཉི་མར་འཕུར་རྒྱུ་ཡིན་པ་དང་། གནམ་གྲུའི་ཨང་རྟགས་TV༩༧༠༡དེ་སྔ་དྲོའི་ཆུ་ཚོད་༨དང་སྐར་མ་༡༠ཡི་ཐོག་ལྷ་ས་ནས་འཕུར་ཏེ། ཁྲེང་ཏུའུ་ཐེན་ཧྥུའུ་བརྒྱུད་ནས་ཕྱི་དྲོའི་ཆུ་ཚོད་༡༤དང་སྐར་མ་༣༥ཐོག་ཤང་ཀང་དུ་འབྱོར་རྒྱུ་དང་། ཕྱིར་ལོག་པའི་གནམ་གྲུའི་ཨང་རྟགས་TV༩༧༠༢དེ་ཕྱི་དྲོའི་ཆུ་ཚོད་༡༥དང་སྐར་མ་༤༥ཐོག་ཤང་ཀང་ནས་འཕུར་ཏེ། ཁྲེང་ཏུའུ་ཐེན་ཧྥུའུ་བརྒྱུད་ནས་དགོང་མོའི་ཆུ་ཚོད་༢༣དང་སྐར་མ་༣༠ཡི་ཐོག་ལྷ་སར་འབྱོར་རྒྱུ་རེད།
随着航空运输市场的逐步复苏,为进一步加强地区间的交流合作,满足广大旅客出行需求,2025年2月19日起,拉萨贡嘎国际机场将开通拉萨-成都天府-香港航线。
ཞིབ་ཕྲའི་དུས་ཚོད་སྐབས་དེའི་གནམ་གྲུ་འཕུར་བའི་དུས་ཚོད་གཞིར་འཛིན་དགོས།
具体时间以实际航班飞行为准
ལྷ་ས་ནས་ཁྲེང་ཏུའུ་ཐེན་ཧྥུའུ་བར་དང་། དེ་ནས་ཤང་ཀང་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ་དེས་ས་གནས་གཉིས་དབར་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་མཁའ་ལམ་འདི་བརྒྱུད་ནས་བོད་ལ་རྒྱུས་ལོན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཡང་ཐོན་ཐུབ། དེ་ལས་གཞན་ཤང་ཀང་དང་ཨའོ་མོན་ས་ཁུལ་སོགས་བོད་ལ་ཕན་ཚུན་འགྲོ་འོང་བྱེད་པ་དང་། དཔལ་འབྱོར་མཉམ་ལས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།
སླད་ཕྱིན་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་མཁའ་འགྲུལ་ཀུང་སི་གཞན་དང་མཉམ་ལས་གཏིང་ཟབ་བྱས་ནས། མཁའ་ལམ་གསར་པ་མང་པོ་ཤར་གཏོང་བྱས་ཏེ་ཀུན་གྱི་འགྲོ་འོང་ལ་དེ་བས་སྟབས་བདེ་བསྐྲུན་ངེས།
下一步,拉萨贡嘎国际机场将继续加强与各航空公司的合作,进一步拓展区内航线网络。同时也将不断提升机场服务水平和运营效率,为旅客提供更加优质、便捷的出行体验。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། དབང་མོ།
主编 | 吾见才让
副主编 | 平多 桑布
编辑 | 先巴 旺姆
来源 | 西藏卫视+
译文 | 阳光西藏