བོད་ཀྱི་གྲོང་ཁྱེར་འདིས་ཚོས་གཞི་སེར་པོའི་ཉེན་བརྡ་བཏང་འདུག

时事   2025-01-30 18:00   青海  

ཟླ་༡པའི་ཚེས་༣༠ཉིན་གྱི་ཉིན་གུང་ཆུ་ཚོད་༡༡ཐོག བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གངས་ཆེན་པོ་འབབ་རྒྱུའི་ཉེན་བརྡ་སེར་པོ་བཏང་འདུག 

 

སྔོན་དཔག་བྱས་པ་ལྟར་ན། ཚེས་༣༠ཉིན་གྱི་ཉིན་གུང་ཆུ་ཚོད་༡༢ནས་ཚེས་༣༡ཉིན་གྱི་ཉིན་གུང་ཆུ་ཚོད་༡༢བར། ཉིང་ཁྲི་གྲོང་ཁྱེར་ལ་གནམ་འཐིབས་ནས་གངས་འབབ་རྒྱུ་ཡིན་པ་དང་། མེ་ཏོག་རྫོང་གི་ས་ཆ་མང་ཆེ་བ་དང་། རྫ་ཡུལ་རྗོང་། སྤོ་བོ་རྫོང་། བྲག་ཡིབ་ཆུས་ཀྱི་གྲོང་ཤང་ཁ་ཤས་ལ་གངས་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད། ས་བབ་མཐོ་བའི་ས་ཁུལ་དུ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། རྡོ་གཞོང་ལ་དང་། དགའ་ལུང་ལ་སོགས་སུ་གངས་ཆེན་པོ་འབབ་རྒྱུ་རེད། འབབ་ཚད་ཧའོ་སྨི་༡༠ནས་༢༥བར་འཕར་རྒྱུ། མཐུག་ཚད་ལ་ལི་སྨི་༡༥ནས་༣༥བར་འབབ་རྒྱུ་རེད། རིམ་པ་༤ནས་༦བར་གྱི་རླུང་གཡུག་རྒྱུ་དང་དྲོད་ཚད་ཧྲེ་ཧྲི་ཏུའུ་༣ནས་༦བར་ཆག་རྒྱུ་རེད།


西藏林芝市气象台1月30日11时发布暴雪黄色预警信号:


预计:30日12时至31日12时,林芝大部阴天有阵雪(雨),墨脱大部及察隅、米林、波密、巴宜的部分乡镇有小到中雪(雨),高海拔地区降雪较明显,其中色季拉、德姆拉、益秀拉等高海拔地区有中到大雪,多雄拉、嘎隆拉有暴雪,新增雪量10~25毫米,新增积雪厚度15~35厘米,并伴有4~6级瞬时阵风及3~6℃的降温。


གནམ་གཤིས་ལས་ཁུངས་ཀྱིས་དྲན་སྐུལ་ཞུ་རྒྱུར། 

气象部门提醒


གཅིག རྡོ་གཞོང་ལ་དང་། དགའ་ལུང་ལ་སོགས་ས་བབ་མཐོ་བའི་རི་ཁུལ་དུ་ལམ་ངོས་སུ་གངས་གསོག་ཐེབས་རྒྱུ་ཡིན་པ་དང་། དར་ཆགས་པ། དྲོད་ཚད་ཆག་པ། རླུང་ཆེན་པོ་ལྡང་རྒྱུ་ཡིན་པས། ལམ་ངོས་སུ་འཁྱགས་པ་ཐེབས་ནས་དར་ཆགས་སྲིད་པས། འགྲིམ་འགྲུལ་དང་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་འགྲིམ་འགྲུལ་བདེ་འཇགས་དོ་དམ་ཚོད་འཛིན་ནན་མོ་བྱ་རྒྱུ་རེད།

གཉིས།  གངས་འབབ་པ་དང་། དྲོད་ཚད་ཆག་པ། རླུང་ཆེན་པོ་ལྡང་བ་བཅས་གནམ་གཤིས་རྐྱེན་གྱིས་ཨར་ལས་འཛུགས་སྐྲུན་དང་། ནུས་ཁུངས་མཁོ་སྤྲོད་འགན་ལེན། གློག་ཤུགས་དང་འཕྲིན་སྐྱེལ་སྒྲིག་བཀོད་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས། ས་བབ་མཐོ་སའི་འབྲོག་ཁུལ་དུ་གྲང་འགོག་དྲོད་སྲུང་བྱེད་ཤུགས་ཆེ་རུ་གཏང་རོགས།

གསུམ། བསྟུད་མར་གངས་ཆེན་པོ་བབས་ན་གངས་རྡིབ་པ་སོགས་ཉེན་ཁ་འབྱུང་སླ་བས་ཀུན་གྱིས་གནོད་འཚེ་སྔོན་འགོག་བྱ་རྒྱུར་དོ་སྣང་བྱ་དགོས།


1.多雄拉、嘎隆拉等高海拔山区路面已有积雪、结冰,降雪、降温、大风天气易加重路面积雪、结冰现象,请交通、运管部门做好交通安全管控。 2.降雪、降温、大风天气对施工建设、能源保供和电力通讯设施带来的不利影响,高寒牧区请加强防寒保暖。

3.需注意防范连续强降雪、积雪增厚可能引发的雪崩、崩塌等次生灾害。








































































ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། དབང་མོ།


主编 | 吾见才让

副主编 | 平多  桑布

编辑 | 先巴   旺姆

来源 | 西藏商报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章