ད་ལོའི་མཚན་ཚོགས་ནང་ཁྱེད་ཀྱི་ཕ་ཡུལ་གྱི་ལྟད་མོ་འདུག་གམ།

时事   2025-01-27 16:29   西藏  




སང་ཉིན་ནི་དཔྱིད་གསར་དུས་ཆེན་གྱི་ཉི་ཤུ་དགུ་རེད། དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཟིན་པར་ཉིན་༡ལས་མེད། བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་ར་ནི་ད་ལོའི་མཚན་ཚོགས་ནང་ས་བབ་མཐོ་ཤོས་ཀྱི་ཚོགས་ར་ཞིག་ཡིན་པས་ང་ཚོས་མཚན་ཚོགས་ཀྱི་ལྟད་མོ་རྣམས་ལ་རེ་སྒུག་བྱེད་བཞིན་ཡོད།


明天就是除夕了‍‍‍‍

春晚已经进入倒计时

西藏拉萨

作为海拔最高的

总台春晚分会场

可谓期待值up↑



བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་རིག་གནས་རྒྱལ་ཕྱི་རྒྱལ་ནང་གི་ལྟད་མོ་བ་ཚོར་འགྲེམས་སྟོན་བྱ་ཆེད། ཉིན་ཤས་གོང་༢༠༢༥ལོའི་དཔྱིད་གསར་དགོང་ཚོགས་ཀྱི་པར་ལེན་ཚོགས་པ་བོད་ཀྱི་གྲོང་ཁྱེར་བདུན་དུ་བསྐྱོད་ནས། ས་གནས་ཁག་གི་གྲོང་ཁྱེར་སོ་སོའི་ཁྱད་ཆོས་ལྡན་པའི་ལེ་ཚན་བསྡུ་རུབ་བྱས་ནས་༢༠༢༥ལོའི་དཔྱིད་གསར་དགོང་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་གར་སྟེགས་ཐོག་གཏང་རྒྱུ་རེད།


为了将西藏各地

独特自然风光和特色人文风情

展示给全球观众

日前

总台2025年春晚拍摄团队

深入西藏七市地

将各地市“特色”

“搬”上了总台2025年春晚

西藏拉萨分会场的舞台


一睹为快

↓↓↓



ལྷ་སའི་འདམ་གཞུང་རྟ་རྒྱུག

拉萨:当雄赛马驰骋纳木措

    འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཚྭ་ཆུ་མཚེའུ་གནམ་མཚོའི་འགྲམ་དུ། དཔའ་མཛངས་ལྡན་པའི་རྟ་པ་ཞིག་གིས་རྟ་བཞོན་ནས་གངས་རིའི་འདབས་སུ་རྟ་རྩལ་ངོམས་བཞིན་པ།

在世界上海拔最高的咸水湖纳木措湖畔,当身姿矫健的骑手策马奔腾和雪山同框,那是怎样的浪漫?




གཞིས་ཀ་རྩེའི་རྒྱལ་གཞས་འཛམ་གླིང་གང་སར་ཁྱབ། 

日喀则:“甲谐”迈向全国舞台

སྐྱིད་གྲོང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་མངོན་མེད་རིག་གནས་ཤུལ་བཞག་གིས་༢༠༢༥ལོའི་དཔྱིད་གསར་དགོང་ཚོགས་ཀྱི་པར་ལེན་ཚོགས་པའི་ཡིད་དབང་ཡོངས་སུ་འཕྲོག་པ།

一条吉隆沟、半部西藏史。270°的雪山景观,一千多年的非遗传承,总台2025年春晚外拍组在吉隆感受到了“生生不息”的非遗传承魅力。





ཡར་འབྲོག་གཡུ་མཚོའི་འགྲམ་གྱི་ལྷོ་ཁའི་སྒོར་གཞས།

山南:羊湖边跳起非遗舞蹈果谐

༢༠༢༥ལོའི་དཔྱིད་གསར་དགོང་ཚོགས་ཀྱི་པར་ལེན་ཚོགས་པས་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་དང་གྲ་ནང་སྒོར་གཞས་གཉིས་ཀྱི་རྣམ་པ་ཅི་འདྲི་ཞིག་པར་ལེན་བྱས་ཡོད་མིན་གཤམ་གྱི་བརྙན་ཐུང་ནས་གཟིགས་ཐུབ།

在藏源山南,总台2025年春晚外拍组将羊卓雍措的壮美风光与扎囊传统舞蹈“果谐”进行了巧妙融合。十几秒画面的背后,是怎样的极致呈现?




ཉིང་ཁྲིའི་ཡིད་དབང་འཕྲོག་་པའི་མཛེས་ལྗོངས།

林芝:“神秘一隅”的别样魅力

ད་ཐེངས་ཉིང་ཁྲིར་སྐྱོད་སྐབས། ༢༠༢༥ལོའི་དཔྱིད་གསར་དགོང་ཚོགས་པར་ལེན་ཚོགས་ཆུང་ཉིང་ཁྲིའི་མེ་ཏོག་རྫོང་དུ་བསྐྱོད་དེ། མེ་ཏོག་རྫོང་གི་ཇའི་ལས་གྲྭ་ཞིག་ནས་ཇའི་སྐོར་ལ་མྱོང་ཚོར་བྱས་པ་དང་། ཉིང་ཁྲིའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཀོང་པོའི་མདའ་ཡང་དཔྱིད་གསར་དགོང་ཚོགས་ཀྱི་གར་སྟེགས་ཐོག་བསྟན་རྒྱུ་རེད་འདུག

此次林芝行,总台2025年春晚外拍组走进墨脱,以绿色为主色调,在墨脱县果果塘茶场里,探寻和感受“神秘一隅”的别样魅力。此外,林芝的国家级非物质文化遗产工布响箭也将亮相春晚舞台。





ཆབ་མདོའི་འཁྱགས་རོམ་ཁྲོད་ཀྱི་མི་རིགས་རྒྱན་གོས། 

昌都:冰川上的民族服饰秀

ཆབ་མདོར་བོད་དུ་ཤེས་རྟོགས་བྱུང་བའི་རྒྱ་ཁྱོན་ཆེ་ཤོས་དང་ཞེང་ཚད་ཆེ་ཤོས་ཀྱི་ལ་སྒོ་འཁྱགས་རོམ་ཡོད་པ་དང་།  ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས་༡༡ནས་ཡོང་བའི་འཁྲབ་སྟོན་པ་ཚོས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་གྱོན་ནས་བརྗིད་ཉམས་ལྡན་པའི་ལ་སྒོ་འཁྱགས་རོམ་འོག་གི་རྣམ་པ་དེ་ད་ལོའི་མཚན་ཚོགས་ནང་སྤྱན་འབུལ་ཞུ་རྒྱུ་རེད།

昌都拥有西藏已知面积最大最宽的冰川,雪山环绕下,壮观开阔的来古冰川蓝色冰面上,来自昌都市11县区的演员们身着特色的民族服饰,在形态各异的冰塔林间,形成独特的极地风光。





ནག་ཆུའི་འབྲོག་གླུའི་དབྱངས་རྟ་གསའ་ཕུ་གངས་རིར་བསྒྲགས།

     那曲:牧歌唱响在萨普雪山

ཞོགས་པའི་ཉི་ཟེར་ས་གཞིར་འཕྲོ་སྐབས། གསའ་ཕུ་གངས་རིའི་སྒེག་ཉམས་ཡང་མངོན།  ༢༠༢༥ལོའི་དཔྱིད་གསར་དགོང་ཚོགས་པར་ལེན་ཚོགས་པས་གངས་རིའི་སྒེག་ཉམས་ཙམ་མ་ཟད།   ད་དུང་ནག་ཆུའི་འབྲོག་གླུ་དང་ཞབས་བྲོ་ཡང་མཚན་ཚོགས་ནང་སྤྱན་འབུལ་ཞུ་རྒྱུ་རེད།

当第一缕阳光出来的时候,雪山刚刚露出一个尖儿,萨普雪山就以震撼的姿态呈现在大家眼前。让总台2025年春晚外拍组感到震撼的,不止雪山,还有这里原生态的牧歌、舞蹈等。



མངའ་རིས་ས་ཁུལ་གྱིས་ཀྱང་སོ་སོའི་ཁྱད་ཆོས་ལྡན་པའི་ལྟད་མོ་གྲ་སྒྲིག་བྱས་འདུག

阿里:跟着春晚集齐七色西藏丨阿里那一抹黄,谁能不为你倾倒!

༢༠༢༥ལོའི་དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་པའི་སྐབས་སུ། བོད་ཀྱི་ས་གནས་དང་གྲོང་ཁྱེར་བདུན་གྱིས་ལག་གདང་སྦྲེལ་ནས་ཚང་མར་ལོ་གསར་གྱི་འཚམས་འདྲི་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་རེད།

在2025年春节

即将来临之际

西藏七地市携手

向所有人发出邀请

大美西藏欢迎您

扎西德勒






















ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ།  དབང་མོ། རྒྱལ་མཚན།


主编:吾见才让

副主编:平多 桑布

编辑:  先巴 旺姆  坚参

来源 | 西藏卫视+

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章