རང་གི་ཕྲུ་གུ་གཉིས་ཚེ་ལས་འདས་ཀྱང་ཁོང་གིས་ད་དུང་་་་

政务   2025-01-12 13:48   西藏  





ལྷུན་གྲུབ་དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་གཞོགས་འདེགས་ཉེན་རྟོག་པ་ཞིག་ཡིན་པ་དང་། ད་ལོ་36ལ་སླེབས་པ་དང་ཁྱིམ་གྲམ་མཚོ་ཤང་དཀར་པོ་གྲོང་ཚོར་ཡོད། ཁོང་ལ་ཕྲུ་གུ་སྙིང་རྗེ་པོ་གཉིས་ཡོད། དགུན་ཁའི་གུང་གསེང་སྐབས་ལས་བྲེལ་ཆེ་བས། ཕྲུ་གུ་གཉིས་སྤུན་མཆེད་ལ་ལྟ་སྐྱོང་བྱེད་རྒྱུར་མངགས་ཡོད།
ད་ཐེངས་ཀྱི་ས་ཡོམ་ཁྲོད་ལྷུན་གྲུབ་ཀྱི་ཕྲུ་གུ་གཉིས་ཀ་ཚེ་ལས་འདས་ཡོད། གློ་བུར་དུ་ཐོན་པའི་གེགས་བར་འདིས་ལྷུན་གྲུབ་ལ་བརྗོད་ཐབས་བྲལ་བའི་སྡུལ་བསྔལ་སྦྱིན་ཡོད་ཀྱང་། ལྷུན་གྲུབ་ཀྱིས་སྐྱོ་སྣང་གི་ཁྲོད་དུ་མ་བསྡད་པར། མིག་ཆུ་ཕྱིས་ནས་ཁྱིམ་ཚང་གཞན་ལ་རོགས་སྐྱོབ་བྱེད་པའི་ཁྲོད་ཞུགས་ཡོད། 
གཞོགས་འདེགས་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས། ངས་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་གསལ་པོར་ཤེས་ཀྱི་ཡོད། སེམས་པའི་ནང་སྡུག་བསྔལ་ག་ཚོད་ཡོད་ཀྱང་ངས་ལས་གནས་ཐོག་ཕྱིར་ལོག་བྱས་པ་ཡིན་ཞེས་ལྷུན་གྲུབ་ཀྱིས་བརྗོད།
   རོགས་སྐྱོབ་བྱ་ཡུལ་དུ། གང་སར་ལྷུན་གྲུབ་ཀྱི་གྲིབ་གཟུགས་མཐོང་རྒྱུ་ཡོད། ཁོང་ནི་ངལ་དུབ་མི་ཤེས་པའི་འཕྲུལ་ཆས་ཤིག་དང་འདྲ་བར། ཞིག་རོའི་ཁྲོད་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་མཚམས་རྩ་བ་ནས་འཇོག་གི་མེད། ལྷུན་གྲུབ་ཀྱིས་བརྗོད་པར། ངས་མཚམས་འཇོག་བྱས་ཚེ་ལམ་སེང་ཚེ་ལས་འདས་པའི་ཕྲུ་གུ་གཉིས་དྲན་གསོས་པ་དང་། དེའི་སྡུག་བསྔལ་ནི་རྦ་རླབས་ཤིག་དང་འདྲ་བར་ངའི་སེམས་པ་ཡོངས་སུ་བརླན་ཡོང་གིན་འདུག

ཡིན་ནའང་། མི་ནི་ས་རྡོ་མིན་པས་བརྩེ་བ་མེད་པ་ག་ལ་སྲིད། ཟླ་1པོའི་ཚེས་11ཉིན། ལྷུན་གྲུབ་ཀྱིས་རང་ཁྱིམ་གྱི་ཁང་པའི་ཟོག་རོ་གཙང་བཤེར་བྱེད་སྐབས། ཕྲུ་གུ་གཉིས་ཀྱི་བྱ་སྤུའི་སྟོད་ཐུང་རྙེད་ཡོད། སྐབས་དེར། ལྷུན་གྲུབ་ཀྱིས་ཕྲུ་གུ་གཉིས་ཀྱི་ནམ་རྒྱུན་གྱི་དགོད་སྒྲ་དང་ཡ་ང་བའི་གདོང་པ་དྲན་གསོས་ཏེ་རང་སར་རང་དབང་མེད་པར་མིག་ཆུ་ལྷུང་ལྷུང་དུ་ཤོར་ཡོད། ཁོང་གི་བྱ་སྤུའི་སྟོད་ཐུང་ལག་ནང་དམ་པོར་བཟུང་བའི་རྣམ་པ་ནི་ཕྲུ་གུ་གཉིས་ལག་ཏུ་བཟུང་བ་དང་མཚུངས།རྣམ་པ་དེས་དེ་གར་ཡོད་པའི་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཡོད།

ལྷུན་གྲུབ་ཀྱི་ལས་ཀའི་སྙིང་སྟོབས་ལ་ལས་རོགས་རྣམས་ཀྱིས་བསྟོད་བསྔགས་ཆེན་པོ་བྱེད་པ་དང་། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དུ་ཁོང་ནི་ལས་སྒོའི་རྐང་འཛིན་ཡིན་པ་མ་ཟད། ལས་རོགས་ཚོའི་དགེ་རྒན་བཟང་པོ་དང་གྲོགས་པོ་བཟང་པོ་ཡང་ཡིན།     
ང་ཚོས་རྟག་ཏུ་གྲོང་གསེབ་ཏུ་འགྲོ་དགོས་པས། གཉེན་ཉེ་དང་མཉམ་འཛོམས་བྱེད་པའི་དུས་ཚོད་ཧ་ཅང་ཉུང་བས། ཁོང་གིས་འཁང་ར་སྤུ་ཙམ་ཡང་མི་བྱེད་པ་མ་ཟད། ལས་ཀའི་ཐད་ལའང་ནན་ཏན་གྱིས་འགན་འཁུར་གྱི་ཡོད་ཅེས་དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རམ་འདེགས་ཉེན་རྟོག་པ་ཀུན་དགའ་རྒྱལ་མཚན་གྱིས་འདི་ལྟར་བརྗོད། 


བསམ་ཡུལ་འདས་པའི་རང་བྱུང་གནོད་འཚེ་འདིའི་ཁྲོད་དུ། ལྷུན་གྲུབ་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་གང་འདྲ་ཞིག་ལ་དཔའ་ངར་དང་སྒེར་སེམས་མེད་པ་ར་སྤྲོད་བྱས་པ་དང་།   གང་འདྲ་ཞིག་ལ་འགན་འཁྲིའི་བསམ་པ་ཡོད་མཁན་ཞེས་པར་གསལ་འགྲེལ་ཡག་ཐག་ཆོད་བྱས་ཡོད། ཁོང་གིས་སྡུག་བསྔལ་ཁྲོད་ཐིམས་ཏེ་མ་བསྡད་པར་སྡུག་བསྔལ་དེ་སྟོབས་ཤུགས་སུ་བསྒྱུར་ནས་ཁྱིམ་ཚང་དེ་བས་མང་བར་རོགས་རམ་བྱས་ཡོད།    


བསྐྱར་ཞུས། རྒྱལ་མཚན།

ཞུ་དག བཀྲ་ཤིས་ཚེ་རིང་།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

ཡོང་ཁུངས། ཇོ་རིའི་འཕྲིན་སྟེགས། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།




青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章