ཚེས་13ཉིན། དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཞིག་རོ་གཙང་སེལ་ལས་དོན་དེ་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་གྲམ་མཚོ་ཤང་དུ་སྤེལ་བཞིན་ཡོད། ཆུ་ཚོད་14ཡས་མས་སུ་ཞིག་རོ་གཙང་སེལ་ཚོགས་ཆུང་དིང་རི་རྫོང་གྲམ་མཚོ་ཤང་མགུ་རུང་གྲོང་ཚོའི་ནོར་བུའི་ཁྱིམ་དུ་སླེབས་སྐབས། ཁོང་གིས་ལས་དོན་མི་སྣའི་ལག་ནས་དམ་པོར་བཟུང་སྟེ་སེམས་ཁྲལ་ཆེན་པོས། ངའི་ཁྱིམ་རྡིབ་པའི་འོག ནས་དོ་པོ་200ལྷག་ཙམ་ལུས་སོང་ཞེས་བརྗོད།
འདི་ལོ་ལོ་29ལ་སླེབས་པའི་ནོར་བུའི་ཁྱིམ་དུ་ནང་མི་བརྒྱད་ཡོད་པ་དང་། ས་ཡོམ་ཁྲོད་མི་གཅིག་གི་རྐང་པར་རྨས་སྐྱོན་ཕོག་པ་མ་གཏོགས། གཞན་སྐྱོན་གང་ཡང་བྱུང་མེད་པས་དགའ་ཚོར་ཆེན་པོ་བྱུང་བ་དང་ཆབས་ཅིག ཁྱིམ་མི་ཡོངས་ཀྱིས་ཞིག་རོའི་འོག་ཏུ་ལུས་པའི་རྒྱུ་དངོས་དང་། ལྷག་པར་དུ་ནས་དོ་པོ་200ལྷག་ཙམ་ལ་དེ་བས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།
ཟླ་1པོའི་ཚེས་13ཉིན། དིང་རི་རྫོང་གྲམ་མཚོ་ཤང་མགུ་རུང་གྲོང་ཚོའི་རྒན་རྒོན་ཚེ་རིང་བཀྲ་ཤིས་རང་ཁྱིམ་གྱི་ཞིག་རོའི་མདུན་དུ་ལངས་ནས་བསྡད་ཡོད་པ།
གཞིས་ཀ་རྩེ་ནི་བོད་ཀྱི་འབྲུ་མཛོད་ཡིན་ཞིང་། དེ་གར་གནམ་གཤིས་སྐམ་ཤས་ཆེས་བས་འབྲུ་རིགས་གསོག་འཇོག་བྱེད་པར་ཧ་ཅང་འཚམ་པོ་ཡོད། དིང་རི་རྫོང་དུ་མང་ཚོགས་ཀྱིས་སྤྱིར་བཏང་ཁང་པའི་འོག་ཐོག་ཏུ་འབྲུ་མཛོད་བཟོས་ཡོད་པ་དང་། ནས་དོ་པོ་རེ་རེ་བཞིན་བརྩིགས་ནས་བཞག་ཡོད།
ས་ཡོམ་བརྒྱབ་རྗེས། དིང་རི་རྫོང་གད་དམར་ཤང་མངགས་གཏོང་ཁང་གི་སོའོ་ཀྲང་སྤེན་པ་བསམ་གྲུབ་གྲམ་མཚོ་ཤང་གི་ཡོམ་འགོག་ལས་དོན་ཁྲོད་འཐེན་ཡོད། དེ་ཉིན། ཁོ་པ་ནི་ནོར་བུའི་ཁྱིམ་གྱི་ཞིག་རོ་གཙང་སེལ་བྱེད་མཁན་ཚོགས་ཆུང་གི་ཙུའུ་ཀྲང་ཡིན། ཁོང་གིས་ཞིང་པར་ཨམ་ཕྲག་ནང་དངུལ་མེད་ཀྱང་རུང་། འོན་ཀྱང་འབྲུ་རིགས་མེད་ན་ཡོང་ཐབས་མེད་ཅེས་བརྗོད།
ཟླ་1པོའི་ཚེས་13ཉིན། དིང་རི་རྫོང་གྲམ་མཚོ་ཤང་མགུ་རུང་གྲོང་ཚོར་སྤེན་པ་བསམ་གྲུབ་ཀྱིས་ཞིག་རོ་གཙང་སེལ་ལས་དོན་ལ་བཀོད་འདོམས་བྱེད་བཞིན་པ།
ཁ་སང་། སྤེན་པ་བསམ་གྲུབ་དང་ཁོང་གི་ཚོགས་པའི་ཁོངས་མིས་ཞིག་རོའི་ཁྲོད་ནས། ནས་ཏུན་6བཏོན་པ་དང་། ས་སྟེང་དུ་ཐོར་བའི་འབྲུ་རྡོག་རེ་རེ་བཞིན་སྒྲུག་པ་མཐོང་རྗེས། ནོར་བུའི་པ་ཕ་ཚེ་རིང་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་བཞིན་མིག་ཆུ་ཕྱིས་ཞོར་ལས་དོན་མི་སྣའི་ལག་ནས་དམ་པོར་བཟུང་སྟེ་ཐུགས་རྗེ་ཆེ་ཞེས་བརྗོད་པ་རེད།
ཚོགས་ཆུང་འདིའི་ནང་དུ་སྤྱི་བདེ་ཉེན་རྟོག་པ་དང་མེ་གསོད་རུ་མི། ད་དུང་བརྐོ་འདྲུ་འཕྲུལ་འཁོར་གཏོང་མཁན་བཅས་ཡོད། ཚེས་13ཉིན་གྱི་སྔ་དྲོར། མི་30ཡས་མས་ཡོད་པའི་ཚོགས་ཆུང་དེས་ཞིག་རོ་ཅུང་ཆུང་བའི་གནས་5གཙང་སེལ་བྱས་ཟིན་པ་རེད།
ཆུ་ཚོད་ལྔ་ལྷག་ཙམ་འདས་རྗེས། ཉི་མ་ནུབ་རིར་ཞུས་པ་དང་། ས་ཡང་རུབ་ལ་ཉེ། ནོར་བུའི་ཁྱིམ་གྱི་ནས་དོ་པོ་70ལྷག་ཙམ་ཞིག་རོའི་འོག་ནས་བཏོན་ཚར་པ་དང་། ནོར་བུའི་ཁྱིམ་མི་ཡོངས་ཀྱིས་ལས་དོན་མི་སྣར་ཡང་ནས་ཡང་དུ་ཐུགས་རྗེ་ཆེ་ཞེས་ཞུས་པ་རེད།
སྤེན་པ་བསམ་གྲུབ་ཀྱིས་ཞྭ་མོའི་ཐོག་གི་ཐལ་རྡུལ་རྡེབ་ཞོར། ང་ཚོས་ལས་ཀ་ཞིབ་ཚགས་བསྒྲུབ་ན་དེ་ནི་མང་ཚོགས་ལ་འགན་ཆེ་ཤོས་དེ་འཁུར་བ་ཡིན་ཞེས་བརྗོད།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཡིག་སྒྱུར། ཚེ་རིང་སྒྲོལ་མ།
སྒྲ་འཇུག ཚེ་རིང་རྒྱ་མཚོ།
ཡོང་ཁུངས། དྲ་འཕྲིན་བོད་ལྗོངས།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།