བོད་ལྗོངས་ཀྱི་ཡོམ་འགོག་གེཌ་སེལ་ལས་དོན་ལས་ནུབ་ཕྱོཌ་པས་ཅི་ཞིག་མཐོང

政务   2025-01-12 21:09   西藏  





གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར་ཐོག་དཔྱད་གཏམ་པས།  བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པས་དེར་ཀྲུང་གོའི་དམངས་ཡོངས་ཀྱིས་རོགས་རམ་བྱས་པ་མ་ཟད་ཐ་ན་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་མཁན་ཡང་མང་དག་བྱུང་ཡོད་པ་རེད། དཔེར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུན། སེའར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲེ་པོའོ་མོག་སོགས་ཚུད་པའི་རྒྱལ་སྤྱིའི་སྲིད་དོན་མི་སྣས་ཀྲུང་གོའི་ཕྱོགས་ལ་འཚམས་འདྲི་གནང་བ་རེད། མིག་སྔར་རོགས་སྐྱོབ་འཚོལ་སྐྱོབ་ལས་དོན་དེ་བདེ་འཁོད་དང་བསྐྱར་སྐྲུན་དུ་བསྒྱུར་ཡོད་པ་དང་། འབྲེལ་ཡོད་ལས་དོན་མུ་མཐུད་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། རྒྱལ་ཁབ་ཕྱི་ནང་གི་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་བརྩེ་སེམས་ཀྱང་རྒྱུན་ཆད་མེད་པར་གནོད་འཚེ་ཕོག་པའི་ཁུལ་དུ་འཆང་བཞིན་ཡོད་ལ་ཆག་སྒོའི་མདུན་དུ་མི་རྣམས་ཀྱིས་མི་ཆོས་རིང་ལུགས་ཀྱི་དྲོ་སྐྱིད་ཚོར་ཡོད། ད་ཐེངས་ཀྱི་ས་ཡོམ་ལ་རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ད་ཐེངས། མི་ཆོས་རིང་ལུགས་ཀྱི་རྒྱུ་རྐྱེན་ཕུད་ད་དུང་རྒྱུ་རྐྱེན་གལ་ཆེན་ཞིག་ནི་གནས་ཚུལ་དེ་ཀྲུང་གོའི་མི་རིགས་མང་པོ་འདུས་སྡོད་ས་ཁུལ་བོད་དུ་བྱུང་བ་དེ་རེད། ནུབ་ཕྱོགས་ཀྱི་མི་ཁག་གཅིག་གིས་རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་ཐད་གནད་དོན་བཟོ་གི་ཡོད། ད་ཐེངས་ས་ཡོམ་ཁྲོད་ཀྱི་རོགས་སྐྱོབ་དང་བསྐྱར་སྐྲུན་ལ་ལྟ་ཞིབ་བྱས་ཚེ། ལོ་འདི་དག་རིང་བོད་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཡང་སྙིང་གང་འདྲ་ཞིག་ཡོད་པར་རྒྱུས་ལོན་ཐུབ་ངེས་རེད། 
དིང་རི་རྫོང་ནི་འཛམ་གླིང་གི་ཡང་རྩེ་ཇོ་མོ་གླང་མའི་འདབས་རོལ་དུ་གནས་ཡོད་པ་དང་ཆ་སྙོམས་མཐོ་ཚད་སྨི་5000ཙམ་ཡོད། གནམ་གཤིས་དང་གནས་ཡུལ། ཁོར་ཡུག་སོགས་རྒྱུ་རྐྱེན་རབ་དང་རིམ་པས་ཚང་མར་རོགས་སྐྱོབ་བྱེད་པར་དཀའ་ངལ་ཆེན་པོ་བཟོས་ཡོད་མོད། འོན་ཀྱང་ས་ཡོམ་བརྒྱབ་པའི་སྐར་མ་10ཙམ་གྱི་རྗེས་སུ་རོགས་སྐྱོབ་གནམ་གྲུ་ཐོན་པ་དང་། ཆུ་ཚོད་ཕྱེད་ཀ་མ་ཕྱིན་པར་མི་སྣ་འཚོལ་སྐྱོབ་བྱེད་འགོ་ཚུགས་པ། འཕྲལ་སྡོམ་རོགས་སྐྱོབ་དང་མེ་གསོད་རོགས་སྐྱོབ། ནགས་ཚལ་མེ་གསོད་རོགས་སྐྱོབ། སྤྱི་བདེ་ལས་བྱེད་ཉེན་རྟོག  དཔུང་སྡེའི་དཔོན་དམག་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱང་ཆུ་ཚོད་འགའི་ནང་སྔ་རྗེས་སུ་འབྱོར་ཡོད། ཉིན་གཅིག་མ་འགོར་བའི་དུས་ཚོད་ནང་ས་གནས་དེ་གའི་དྲ་རྒྱ་དང་འགྲོ་ལམ། གློག་མཁོ་འདོན་སོགས་རིམ་བཞིན་སླར་གསོ་བྱུང་ཡོད་ཅིང་། མང་ཚོགས་ཚོ་གྲང་འགོག་དྲོད་སྲུང་གི་གུར་རམ་ཡང་ན་སྟབས་དེའི་ཁང་པའི་ནང་བསྡད་དེ་ཚ་སོབ་སོབ་ཀྱི་ཁ་ལག་དུས་ཐོག་ཏུ་རག་ཡོད། བོད་ལ་ཕྱོགས་ཞེན་མེད་པའི་མི་སུ་ཞིག་ཡིན་རུང་དེའི་ཁྲོད་ནས་སྡོམ་ཚིག་འདི་འདྲ་ཞིག་ཐོབ་སྲིད། གཅིག་ནི་རོགས་སྐྱོབ་བྱ་སྤྱོད་མགྱོགས་མྱུར་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་ལས་བོད་ལྗོངས་ཀྱི་འཕྲལ་སྡོམ་ལམ་སྲོལ་འཛུགས་སྐྱོང་གི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་མངོན་པ་དང་། དེ་ལས་དོན་དངོས་ཐོག་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཡར་རྒྱས་ཀྱིས་འདེགས་སྐྱོར་བྱེད་བཞིན་ཡོད་པ་གསལ་པོ་མངོན་ཐུབ། གཉིས་ནི་ས་གནས་དེ་གའི་གྲོང་མིར་གནོད་འཚེ་བྱུང་རྗེས་མྱུར་དུ་དགོས་ངེས་ཀྱི་རོགས་སྐྱོབ་ཐོབ་པ་འདི་ཡིན། དེ་ལས་བོད་ཀྱི་དངོས་པོའི་ཆ་རྐྱེན་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་མཚོན་ཡོད། གསུམ་ནི་དིང་རིའི་ཡོམ་འགོག་གེགས་སེལ་གྱི་བརྒྱུད་རིམ་ནང་། དང་བླངས་རོགས་སྐྱོབ་མི་སྣ་དང་ས་གནས་དེ་གའི་མང་ཚོགས་གྲངས་མེད་ཀྱིས་མཐུན་སྒྲིལ་རོགས་རེས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་རྣམ་པ་མངོན་ཡོད་དེ། རྒྱ་རིགས་དང་བོད་རིགས་སོགས་མི་རིགས་ཁག་དབར་ཕན་ཚུན་དབྱེ་བ་མེད་པ་རོགས་རམ་བྱེད་པ་ལས་བོད་ཀྱི་མི་རིགས་མཐུན་སྒྲིལ་ནི་བྲག་རི་ལྟར་བརྟན་པོ་ཡིན་པ་གང་ཞིག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དེ་ནི་བོད་ཀྱི་རྣམ་པ་ངོ་མ་དེ་ཡིན་པ་མཚོན་ཡོད། དིང་རི་རྫོང་གི་གེགས་སེལ་མྱུར་ཚད་དང་ལས་ཕྱོད་དེ་འཛམ་གླིང་གི་ཁྱབ་ཁོངས་སུ་བཞག་ཀྱང་མཐོང་དཀོན་པོ་ཡིན། དེ་ནི་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱིས་ལོ་མང་རིང་བོད་ལ་ཐུགས་ཁུར་ཆེན་པོ་བྱས་ནས་མི་ཤུགས་དང་དངོས་ཤུགས། ནོར་ཤུགས། ལག་རྩལ་དང་སྲིད་ཇུས་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་ཞིག་རེད། གལ་སྲིད་ལོ་འགའི་རིང་། རྒྱུན་མཐུད་ངང་ཕྱོགས་གང་ཅིའི་ཐད་ལ་རྒྱབ་སྐྱོར་མ་བྱས་པར། ད་ལྟ་ཡང་དངོས་ཟོག་སྐྱེལ་འདྲེན་ཚང་མ་ཕྱུགས་ཟོག་ལ་བརྟེན་དགོས་པའི་རྣམ་པ་ཡིན་ཚེ། སྙིང་རྗེ་མེད་པའི་རང་བྱུང་གི་གནོད་འཚེ་གློ་བུར་དུ་ཐོན་ན། མཇུག་འབྲས་གང་འདྲ་ཞིག་འབྱུང་སྲིད་པ་ང་ཚོས་བསམ་མི་ཕོད་པ་ཞིག་རེད། བོད་ལྗོངས་ནི་ཧ་ཅང་རྗེས་ལུས་ཀྱི་གནས་བབ་ནས་རིམ་བཞིན་དེང་རབས་ཅན་དུ་བསྐྱོད་པའི་ཕྱོགས་སུ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དིང་རི་རྫོང་དེ་རང་རྒྱལ་གྱི་ནུབ་ཕྱོགས་ས་མཚམས་སུ་གནས་མོད། འོན་ཀྱང་དེའི་འཕེལ་རྒྱས་ནི་རྒྱལ་ཁབ་ཧྲིལ་པོ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། དོན་དངོས་ཐོག་ང་ཚོས་ཀྱང་གོད་ཆག་ལ་བརྟེན་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་ར་སྤྲོད་གཏན་ནས་བྱེད་མི་འདོད།  ང་ཚོས་དངོས་སུ་བོད་དུ་ཕྱིན་ནས་ལྟ་ཙམ་བྱས་ཚེ། མི་དམངས་ལྟེ་བར་འཛིན་པའི་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་བོད་ལྗོངས་ནི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ཚང་མས་ཚོར་ཐུབ། དེ་གོང་ཀྲུང་གོར་བཅའ་སྡོད་བལ་པོའི་གཞུང་ཚབ་པས་འདི་ག་ཚགས་པར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། བོད་ལྗོངས་དེང་རབས་ཅན་ལ་འཕེལ་རྒྱས་འགྲོ་བར་མྱོང་ཚོར་ཆེན་པོ་བྱུང་སྟེ། རྨང་གཞིའི་སྒྲིག་བཀོད་ཤུགས་ཆེན་བསྐྲུན་ནས་ས་མཐོའི་གྲོང་ཁྱེར་དབར་འབྲེལ་མཐུད་མངོན་འགྱུར་བྱུང་བའི་ཐད་བལ་པོའི་རྒྱལ་ཁབ་ལ་ཡང་དཔྱད་གཞིར་འཛིན་པའི་དོན་སྙིང་ལྡན་པའི་ངོས་འཛིན་བྱས་ཡོད། ཐེངས་འདིའི་རང་བྱུང་གནོད་འཚེའི་དབང་གིས་གངས་ལྗོངས་ས་ཐོར་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་མོད། འོན་ཀྱང་རྒྱལ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་རྨ་ཁ་དེ་གསོ་ཐབས་བྱེད་བཞིན་ཡོད། མེས་རྒྱལ་གྱིས་གནོད་འཚེ་ཕོག་མཁན་ཚང་མར་བློ་བདེ་ཡོང་བའི་འགན་ལེན་བྱས་ཡོད། དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་འགྲེལ་བཤད་ཡག་ཤོས་ཤིག་རེད། ཀྲུང་གོའི་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུའི་ཐོག གཞིས་ཀ་རྩེར་རོགས་རེས་བྱེད་ཅེས་པའི་གླེང་གཞི་དེ་ཨང་དང་པོར་སླེབས་ཡོད། དེ་ནི་རྒྱལ་ཡོངས་མི་དམངས་ཀྱི་སེམས་གཏམ་ཡིན་ལ་བྱ་སྤྱོད་ཀྱང་ཡིན། འཐབ་ས་དང་པོའི་རོགས་སྐྱོབ་མི་སྣའི་ངོས་ནས་བརྗོད་ན། གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལ་སྔར་བཞིན་རྒྱུན་འཁྱོངས་བྱེད་དགོས། ང་ཚོའི་ཁྱིམ་གཞིས་དེ་ཉིད་སླར་ཡང་དྲོ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན། སྔོན་དཔག་འདི་འདྲ་ཞིག་ནི་ཀྲུང་གོའི་སྤྱི་ཚོགས་སུ་ཚད་མཐོའི་གཅིག་མཐུན་ཡིན་ལ། བོད་ལ་བཙན་འགེལ་བྱེད་རྩིས་ཡོད་པའི་ནུབ་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཕྱོགས་ཞེན་གྱི་ལྟ་བ་ཡང་མཐར་དོན་དངོས་ཀྱི་མདུན་དུ་ཡོ་བསྲང་ཐུབ་ངེས་ཡིན། 

བསྐྱར་ཞུས། རྒྱལ་མཚན།

ཞུ་དག བཀྲ་ཤིས་ཚེ་རིང་།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

ཡོང་ཁུངས། གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章