དངུལ་སྒོར་དུང་ཕྱུར་148བཏང་ནས་དམངས་འཚོའི་བྱ་བ་དངོས་28བསྒྲུབ་རྒྱུ།

政务   2025-01-20 21:20   西藏  



    ཁ་ས་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་2025ལོར་མ་དངུལ་སྒོར་དུང་ཕྱུར་148བཏང་ནས་དམངས་འཚོའི་བྱ་བ་དངོས་28དོན་འཁྱོལ་བྱེད་རྩིས་ཡོད་པ་གཤམ་གསལ།


གཅིག གནོད་འཚེ་ཕོག་མཁན་གྱི་བར་བརྒལ་འཚོ་བར་རོགས་སྐྱོར་བྱེད་པར་མ་དངུལ་སྒོར་དུང་ཕྱུར་4.5གཏོང་རྒྱུ།
    1.མ་དངུལ་སྒོར་དུང་ཕྱུར་4.5བཏང་ནས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གནོད་འཚོ་ཕོག་ཁུལ་མང་ཚོགས་ཀྱི་བར་བརྒལ་འཚོ་བའི་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ།
གཉིས། ལས་ཞུགས་ཀྱི་རྣམ་གྲངས་ཁག་2ལ་མ་དངུལ་སྒོར་དུང་ཕྱུར་9.7གཏོང་རྒྱུ།
    2.མ་དངུལ་སྒོར་དུང་ཕྱུར་8.8བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པར་རྒྱབ་སྐྱོར་བྱ་རྒྱུ།

    3.མ་དངུལ་སྒོར་དུང་ཕྱུར་0.9བཏང་ནས་ཞིང་འབྲོག་མང་ཚོགས་ཁྲི་63ལས་ཞུགས་ཐུབ་པར་རྒྱབ་སྐྱོར་བྱ་རྒྱུ།
གསུམ། སློབ་གསོའི་རྣམ་གྲངས་ཁག་3ལ་མ་དངུལ་སྒོར་དུང་ཕྱུར་43.5གཏོང་རྒྱུ། 
    4.མ་དངུལ་སྒོར་དུང་ཕྱུར་37.6བཏང་ནས་སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ཐད་སློབ་མ་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་80མང་དུ་བཏང་སྟེ་སྒོར་5700ཟིན་པ་བྱ་རྒྱུ།
    
    5.མ་དངུལ་སྒོར་དུང་ཕྱུར་0.9བཏང་ནས་མཐོ་རིམ་སློབ་འབྲིང་གི་སྤྱི་སྤྱོད་འགྲོ་གྲོན་ཐད་སློབ་མ་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་100མང་དུ་བཏང་སྟེ་སྒོར་1100ཟིན་པ་བྱ་རྒྱུ།
   
     6.མ་དངུལ་སྒོར་དུང་ཕྱུར་5བཏང་ནས་འོས་འགན་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གནས་5000མང་དུ་གཏོང་རྒྱུ།
བཞི སྨན་བཅོས་འཕྲོད་བསྟེན་གྱི་རྣམ་གྲངས་ཁག་8ལ་མ་དངུལ་སྒོར་དུང་ཕྱུར་33གཏོང་རྒྱུ།
    7.མ་དངུལ་སྒོར་དུང་ཕྱུར་2.4བཏང་ནས“1+7+13”གྱི་སྨན་ཁང་འཛུགས་སྐྲུན་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་རྒྱུ།

    8.མ་དངུལ་སྒོར་དུང་ཕྱུར་4.9བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་བརྟག་དཔྱད་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་64མང་དུ་(མཆིན་པ་དང་། མཁལ་མ། ཁྲག་ཚིལ་བཅས་ལ་བརྟག་དཔྱད་བྱེད་པའི་རྣམ་གྲངས་མང་དུ་གཏོང་རྒྱུ)བཏང་སྟེ། སྤྱིར་བཏང་ཡུལ་མིར་སྒོར་164ཟིན་པ་དང་ལོ་65ཡན་གྱི་ཡུལ་མིར་སྒོར་200ཟིན་པ་བྱ་རྒྱུ།

    9.མ་དངུལ་སྒོར་དུང་ཕྱུར་0.2བཏང་ནས་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་གཞིར་རིན་མེད་སྨན་བཅོས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

    10.མ་དངུལ་སྒོར་དུང་ཕྱུར་0.1བཏང་ནས་བྱིས་པའི་ལྷན་སྐྱེས་སྙིང་ནད་དང་ཞིང་འབྲོག་མང་ཚོགས་ཀྱི་སྐྱ་འགྲིབ་ནད་གཞིར་རིན་མེད་ཐོག་གཤགས་བཅོས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

    11.མ་དངུལ་སྒོར་དུང་ཕྱུར་0.2བཏང་ནས་མང་ཚོགས་ཀྱི་འཚོ་བཅུད་ལེགས་གཏོང་གི་ཞིབ་འཇུག་དང་བེད་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ།

    12.མ་དངུལ་སྒོར་དུང་ཕྱུར་4.2བཏང་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་5མང་དུ་བཏང་སྟེ་སྒོར་120ཟིན་པ་བྱ་རྒྱུ་(དོ་སྣང་བྱ་རྒྱུར། ཚད་གཞི་མཐོ་རུ་གཏོང་ཚད་དེ་ཀྲུང་དབྱང་གི་ཇུས་གཞིར་གཞིགས་ནས་གཏན་འཁེལ་བྱ་རྒྱུ་ཡིན་ཞིང་། གནས་སྐབས་རིང་ལོ་གོང་མའི་ལེགས་སྒྲིག་ཚད་གཞིར་གཞིགས་ནས་བཀོད་སྒྲིག་བྱ་རྒྱུ། གལ་སྲིད་ཀྲུང་དབྱང་གི་ཇུས་གཞིའི་ནང་རང་ལྗོངས་ཀྱི་ཇུས་གཞི་ལས་མང་བ་ཡོད་ན། དེ་མཚུངས་ཀྱིས་མང་དུ་གཏོང་རྒྱུ་)

    13.མ་དངུལ་སྒོར་དུང་ཕྱུར་20.8བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་30མང་དུ་བཏང་སྟེ་སྒོར་735ཟིན་པ་བྱ་རྒྱུ་(དོ་སྣང་བྱ་རྒྱུར། ཚད་གཞི་མཐོ་རུ་གཏོང་ཚད་དེ་ཀྲུང་དབྱང་གི་ཇུས་གཞིར་གཞིགས་ནས་གཏན་འཁེལ་བྱ་རྒྱུ་ཡིན་ཞིང་། གནས་སྐབས་རིང་ལོ་གོང་མའི་ལེགས་སྒྲིག་ཚད་གཞིར་གཞིགས་ནས་བཀོད་སྒྲིག་བྱ་རྒྱུ། གལ་སྲིད་ཀྲུང་དབྱང་གི་ཇུས་གཞིའི་ནང་རང་ལྗོངས་ཀྱི་ཇུས་གཞི་ལས་མང་བ་ཡོད་ན། དེ་མཚུངས་ཀྱིས་མང་དུ་གཏོང་རྒྱུ་)

    14.མ་དངུལ་སྒོར་དུང་ཕྱུར་0.2བཏང་ནས་ལོ་ཚད་ལོན་པའི་སློབ་གྲྭ་འགྲིམ་བཞིན་པའི་བུ་མོར་རིན་མེད་ཐོག་HPVཡི་རིམས་འགོག་སྨན་ཁབ་རྒྱག་རྒྱུ།
ལྔ སྤྱི་ཚོགས་འགན་སྲུང་གི་རྣམ་གྲངས་ཁག་8ལ་མ་དངུལ་སྒོར་དུང་ཕྱུར་24.1གཏོང་རྒྱུ།
    15.མ་དངུལ་སྒོར་དུང་ཕྱུར་9.9བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྤྱི་པའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་120མང་དུ་བཏང་སྟེ་སྒོར་3300ཟིན་པ་བྱ་རྒྱུj(དོ་སྣང་བྱ་རྒྱུར། ཚད་གཞི་མཐོ་རུ་གཏོང་ཚད་དེ་ཀྲུང་དབྱང་གི་ཇུས་གཞིར་གཞིགས་ནས་གཏན་འཁེལ་བྱ་རྒྱུ་ཡིན་ཞིང་། གནས་སྐབས་རིང་ལོ་གོང་མའི་ལེགས་སྒྲིག་ཚད་གཞིར་གཞིགས་ནས་བཀོད་སྒྲིག་བྱ་རྒྱུ། གལ་སྲིད་ཀྲུང་དབྱང་གི་ཇུས་གཞིའི་ནང་རང་ལྗོངས་ཀྱི་ཇུས་གཞི་ལས་མང་བ་ཡོད་ན། དེ་མཚུངས་ཀྱིས་མང་དུ་གཏོང་རྒྱུj)

    16.མ་དངུལ་སྒོར་དུང་ཕྱུར་8.4བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་ཁག་སོ་སོར་སྒོར་960དང་སྒོར་450མང་དུ་བཏང་སྟེ་སྒོར་12324དང་སྒོར་5790ཟིན་པ་བྱ་རྒྱུ། མཐའ་མཚམས་ས་ཁུལ་དུ་10%མང་དུ་གཏོང་རྒྱུ།

    17.མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས་གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་ནང་ཁུལ་དུ་ཁ་ཐོར་བསྙེན་བཀུར་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་1248མང་དུ་བཏང་སྟེ་སྒོར་16021ཟིན་པ་བྱ་རྒྱུ། གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བར་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་764མང་དུ་བཏང་སྟེ་སྒོར་8684ཟིན་པ་བྱ་རྒྱུ།

    18.མ་དངུལ་སྒོར་དུང་ཕྱུར་0.7བཏང་ནས་ས་ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བ་འགན་ལེན་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ཁག་སོ་སོར་སྒོར་1368དང་། སྒོར་1644 སྒོར་1848བཅས་མང་དུ་བཏང་ནས་སྒོར་17616དང་། སྒོར་21144 སྒོར་23784བཅས་ཟིན་པ་བྱ་རྒྱུ།

    19.མ་དངུལ་སྒོར་དུང་ཕྱུར་0.1བཏང་ནས་ས་ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་ཁ་ཐོར་དུ་གནས་ཤིང་གསོ་ཉར་བྱེད་མཁན་དངོས་འབྲེལ་མེད་པའི་བྱིས་པའི་གཞི་རྩའི་འཚོ་བ་འགན་ལེན་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་ཁག་སོ་སོར་སྒོར་660དང་། སྒོར་792 སྒོར་900བཅས་མང་དུ་བཏང་ནས་སྒོར་8580དང་། སྒོར་10269 སྒོར་11592བཅས་ཟིན་པ་བྱ་རྒྱུ། ས་ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་སྒྲིག་གཞིས་གནས་སྐབས་ལྟ་སྐྱོང་བྱེད་བཞིན་ཡོད་པའི་གསོ་ཉར་བྱེད་མཁན་དངོས་འབྲེལ་མེད་པའི་བྱིས་པའི་གཞི་རྩའི་འཚོ་བ་འགན་ལེན་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་ཁག་སོ་སོར་སྒོར་1368དང་། སྒོར་1644 སྒོར་1848བཅས་མང་དུ་བཏང་ནས་སྒོར་17616དང་། སྒོར་21144 སྒོར་23784བཅས་ཟིན་པ་བྱ་རྒྱུ།

    20.མ་དངུལ་སྒོར་དུང་ཕྱུར་2.7བཏང་ནས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་288མང་དུ་བཏང་ནས་སྒོར་1728ཟིན་པ་བྱ་རྒྱུ། དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་གི་ཁ་གསབ་ཚད་གཞི་སྒོར་576མང་དུ་བཏང་ནས་སྒོར་3456ཟིན་པ་བྱ་རྒྱུ།

    21.མ་དངུལ་སྒོར་དུང་ཕྱུར་0.2བཏང་ནས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་བ་དང་རང་རྐྱ་མི་འཕེར་བ་སོགས་ཀྱི་རྒན་རྒོན་ལ་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་480མང་དུ་བཏང་ནས་སྒོར་1200ཟིན་པ་བྱ་རྒྱུ། མཐའ་མཚམས་ས་ཁུལ་དུ་10%མང་དུ་གཏོང་རྒྱུ།

    22.མ་དངུལ་སྒོར་དུང་ཕྱུར་0.5བཏང་ནས་ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཐད་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་100མང་དུ་བཏང་སྟེ་ལོ་80ནས་89བར་གྱི་རྒན་རྒོན་ལ་སྒོར་1300ཟིན་པ་བྱ་རྒྱུ་དང་། ལོ་90ནས་99བར་གྱི་རྒན་རྒོན་ལ་སྒོར་1500ཟིན་པ་བྱ་རྒྱུ། ལོ་100ཡན་གྱི་རྒན་རྒོན་ལ་སྒོར་1800ཟིན་པ་བྱ་རྒྱུ། མཐའ་མཚམས་ས་ཁུལ་དུ་10%མང་དུ་གཏོང་རྒྱུ།  
དྲུག དེ་མིན་གྱི་རྣམ་གྲངས་ཁག་6ལ་མ་དངུལ་སྒོར་དུང་ཕྱུར་33.2གཏོང་རྒྱུ།
    23.མ་དངུལ་སྒོར་དུང་ཕྱུར་1.3བཏང་སྟེ། ནས་དང་། གྲོ། འབྲས། མ་རྨོས་ལོ་ཏོག་བཅས་ཀྱི་མ་གནས་ཆ་ཚང་གི་འགན་བཅོལ་ལམ་ལུགས་ལག་བསྟར་བྱས་ཏེ་འགན་བཅོལ་དངུལ་གྲངས་ཁག་སོ་སོར་མུའུ་རེར་སྒོར་750དང་། སྒོར་750 སྒོར་800 སྒོར་900བཅས་ཡིན།

    24.མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་གི་དགོས་མཁོ་བསྐང་རྒྱུ།

    25.མ་དངུལ་སྒོར་དུང་ཕྱུར་5.1བཏང་ནས་གཞི་རིམ་གྱི་དྲོད་རླངས་མཁོ་འདོན་ལ་ཁ་གསབ་སྤྲོད་རྒྱུ།

    26.མ་དངུལ་སྒོར་དུང་ཕྱུར་13.8བཏང་ནས་མཐའ་མཚམས་ཡུལ་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་1200མང་དུ་གཏོང་རྒྱུ་དང་། མཐའ་མཚམས་ཀྱི་འཐབ་ས་མདུན་མ་དང་མཐའ་མཚམས་གྲོང་ཚོར་ཁག་སོ་སོར་སྒོར་15000དང་སྒོར་8000ཟིན་པ་བྱ་རྒྱུ།

    27.མ་དངུལ་སྒོར་དུང་ཕྱུར་11.4བཏང་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་རྒན་གཞོན་ལ་མི་རེར་ལོ་རེར་ཆ་སྙོམས་ཐོབ་ཐང་ཚད་གཞི་ཁག་སོ་སོར་སྒོར་3772དང་སྒོར་3018མང་དུ་བཏང་སྟེ་སྒོར་43832དང་སྒོར་35066ཟིན་པ་བྱ་རྒྱུ། མཐའ་མཚམས་ས་ཁུལ་དུ་10%མང་དུ་གཏོང་རྒྱུ།

    28.མ་དངུལ་སྒོར་དུང་ཕྱུར་0.4བཏང་ནས་ལས་ཁུངས་བྱ་གཞག་ཚན་པའི་ལས་བྱེད་པའི་མི་ལུས་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པའི་འགན་བཅོལ་དངུལ་གྲངས་དེ་སྒོར་ཁྲི་100ལ་མང་དུ་གཏོང་རྒྱུ།


བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།




青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章