དྲ་རྒྱའི་ཁོར་ཡུག་གཙང་སེལ་ནུས་ལྡན་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་ཆེད། བོད་ལྗོངས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་ཚན་པས་གཞིས་ཀ་རྩེའི་ས་ཡོམ་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་དཀྲོག་གཏམ་བཟོ་མཁན་ལ་རྡུང་རྡེག་བཏང་ཡོད། མིག་སྔའི་བར་འབྲེལ་ཡོད་དྲ་དམངས་21ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་གྱི་གྱོད་དཔེ་ཁག་གཅིག་ཁྱབ་བསྒྲགས་བྱས་ཡོད།
གྱོད་དཔེ་དང་པོ།
དྲ་དམངས་ལིའི་ཆེ་གེ་མོ་དང་བེང་ཆེ་གེ་མོ། ཚེ་ཆེ་གེ་མོ་བཅས་ཀྱིས་གཞན་གྱི་དོ་སྣང་ཐོབ་ཆེད། སྔ་རྗེས་སུ་དྲ་རྒྱའི་སྤྱི་ཚོགས་འབྲེལ་འདྲིས་ཚོགས་ཆུང་དུ་ཁག་སོ་སོར། གཞིས་ཀ་རྩེའི་དིང་རིའི་ས་ཡོམ་ཁྲོད་མི་208རྐྱེན་ལམ་དུ་ཤོར་འདུག་ཟེར་བ་དང་། གཞིས་ཀ་རྩེའི་དིང་རིའི་ས་ཡོམ་ཁྲོད་མི་200ལྷག་ཙམ་རྐྱེན་ལམ་དུ་ཤོར་འདུག གཞིས་ཀ་རྩེའི་དིང་རིའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་265བར་འཕར་འདུག་ཟེར་བ་སོགས་དོན་དངོས་མིན་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་བཏང་ཡོད།
གྱོད་དཔེ་གཉིས་པ།
དྲ་དམངས་པུའུ་ཆེ་གེ་མོ་ཡིས་དྲ་ཐོག་ནས་ས་ཁུལ་གཞན་གྱི་ས་ཡོམ་གྱི་བརྙན་ཐུང་ཕབ་ལེན་བྱས་པ་མ་ཟད། གཞིས་ཀ་རྩེའི་ས་ཡོམ་དང་སྦྱར་ནས་བརྙན་ལམ་རྫུན་མ་དྲ་ཐོག་ཏུ་འབོར་ཆེན་ཁྱབ་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་བཏང་ཡོད།
གྱོད་དཔེ་གསུམ་པ།
དྲ་དམངས་བདེ་ཆེ་གེ་མོས་བརྙན་ཐུང་ཞིག་པར་ལེན་བྱས་པ་དང་འབྲེལ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་ཁང་པ་རྡིབ་པ་དང་། མི་སྣར་རོགས་སྐྱོབ་བྱེད་མཁན་མི་འདུག་ཅེས་པའི་ཡི་གེ་བྲིས་ནས་བརྙན་ལམ་སྟེགས་བུའི་ཐོག་བསྐུར་བ་དང་། དེ་དྲ་ཐོག་ཏུ་འབོར་ཆེན་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་བཏང་ཡོད།
གོང་གསལ་གྱི་དཀྲོག་གཏམ་ཁྱབ་སྤེལ་བྱེད་མཁན་ཚང་མར་སྤྱི་བདེ་ལས་ཁུངས་ཀྱིས་སྐྱོན་བརྗོད་སློབ་གསོའམ་ཡང་ན་སྲིད་འཛིན་ཆད་པ་བཅད་ཡོད། འབྲེལ་ཡོད་མི་སྣས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་བྱས་ནས་སླད་ཕྱིན་དྲ་རྒྱའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་དྲ་རྒྱའི་ཁོར་ཡུག་དྭངས་གཙང་ཞིག་ཡོང་རྒྱུའི་ཁས་ལེན་བྱས་ཡོད།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཡིག་སྒྱུར། ཚེ་རིང་སྒྲོལ་མ།
སྒྲ་འཇུག ཚེ་སྒྲོན།
ཡོང་ཁུངས། དྲ་འཕྲིན་བོད་ལྗོངས།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།