བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས། གེགས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ། མང་ཚོགས་བཅས་ལ་ཐུགས་ཁུར་དང་དྲོ་སྐྱིད་བྱེད་པ་མཚོན་ཆེད། ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱས་པའི་ཏང་གི་གྲོན་དངུལ་ཁྲོད་ནས་བོད་ལ་སྒོར་ཁྲི་5000བཏང་ནས་ཡོམ་འགོག་གེགས་སེལ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ་ཡིན་པ་རེད།
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས། གནོད་འཚེ་ཕོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། འཐབ་འཛིང་བཙན་རྫོང་ལྟ་བུའི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། རྨས་སྐྱོན་ཕོག་པའི་མི་སྣར་སྐྱོབ་བཅོས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་། གནོད་འཚེ་ཕོག་པའི་ཁྱིམ་མིར་སེམས་གསོ་གཏོང་བ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་སོགས་ཀྱི་ལས་ཀ་ལེགས་པོ་བྱས་ཏེ། དགུན་ཁ་བདེ་འཇགས་དང་དྲོ་སྐྱིད་ངང་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས། གེགས་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་བསྐྱོད་དགོས་པ་དང་། གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་གནས་དང་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་ཕྱོགས་སུ་བསྐྱོད་དེ་མདུན་གྲལ་དུ་གདོང་མཆོང་བྱེད་པ་དང་། དཀའ་ངལ་དང་ཉེན་ཁ་ཆེ་བའི་གནས་སུ་འབད་འཐབ་བྱས་ཏེ་གེགས་ཁུལ་གྱི་མི་དམངས་ཀྱི་སྙིང་ཉེ་བའི་མི་ཞིག་བྱེད་དགོས། ཏང་ཨུད་རྩ་འཛུགས་སྡེ་ཁག་གིས་སྐུལ་སློང་དང་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡོམ་འགོག་གེགས་སེལ་ཁྲོད་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱ་རྒྱུར་དོ་སྣང་བྱེད་པ་དང་། གཞི་རིམ་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་ཤེས་རྟོགས་དང་དྲིལ་བསྒྲགས་བྱ་རྒྱུར་དོ་སྣང་བྱས་ཏེ་ཡོམ་འགོག་གེགས་སེལ་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན་ཡོད།
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ནན་བཤད་བྱས་དོན། ཏང་གི་གྲོན་དངུལ་དུས་ཐོག་ཏུ་གེགས་ཁུལ་གྱི་གཞི་རིམ་ལ་གཏོང་སྤྲོད་བྱས་ཏེ་ཆེད་དངུལ་ཆེད་སྤྱོད་བྱེད་དགོས། གཙོ་བོ་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་བརྩོན་བྱེད་བཞིན་པའི་གཞི་རིམ་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་བྱེད་པ་དང་། གནོད་འཚེ་ཚབས་ཆེ་བའི་དབང་གིས་འཚོ་བའི་དཀའ་ངལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པ། གནོད་འཚེའི་དབང་གིས་གནོད་འཚེ་ཕོག་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་བཀོད་ཉམས་གསོ་བྱེད་པར་ཁ་གསབ་སྤྲོད་དགོས།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག བཀྲ་ཤིས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཡིག་སྒྱུར། ཚེ་རིང་སྒྲོལ་མ།
སྒྲ་འཇུག ཚེ་སྒྲོན།
ཡོང་ཁུངས། གཞིསཀ་རྩེ་གསར་འགྱུར་ལྟེ་གནས།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།