ཉེན་རྟོག་པས་ཁོང་བཙལ་དོན་ནི་་་་་་་

政务   2025-01-23 12:30   西藏  




ང་ཚོའི་ཟ་ཁང་ཆུང་ཆུང་ཡིན་ཙང་ཁེ་བཟང་ཡང་ཆུང་ཆུང་རེད། ཁྱེད་རྣམ་པས་དུས་ཐོག་ཏུ་གྱོང་གུན་གསབ་རོགས་བྱས་པར་བཀའ་དྲིན་ཆེ་ཞུ་གི་ཡིན་ཞེས་ཟ་ཁང་ག་གེ་མོའི་སྦྱིན་བདག་གིས་རྟ་རྭ་འོག་དམངས་ཕན་ཉེན་རྟོག་ཞབས་ཞུས་ཚིགས་ཀྱི་ཉེན་རྟོག་པར་གོང་གི་སྐད་ཆ་འདི་ལྟར་བརྗོད།





ཉེན་རྟོག་པ་ལགས། དེ་རིང་ཉིན་གུང་སྐུ་མགྲོན་ཞིག་གིས་ངའི་ཟ་ཁང་དུ་སྒོར་615ཡི་ལྟོ་ཟས་རྗེས་རྩིས་མ་རྒྱག་པར་ཕྱིན་འདུག    ད་ལྟ་ཕ་རོལ་ལ་འབྲེལ་གཏུག་བྱེད་ཐུབ་ཀྱི་མི་འདུག་པས་ཁྱེད་ཚོས་རོགས་རམ་བྱས་ནས་བཙལ་ཐུབ་བམ་ཞེས་ཟླ་1པོའི་ཚེས་18ཉིན་གྱི་ཆུ་ཚོད་14དང་སྐར་མ་50ཙམ་ལ། ཁོངས་གཏོགས་ཁུལ་གྱི་ཟ་ཁང་སྦྱིན་བདག་ཞིག་གིས་ཉེན་རྟོག་པར་ཁ་པར་བརྒྱབ་ནས་རོགས་སྐྱོར་བྱེད་རོགས་བརྗོད།  

 སེམས་ཁྲལ་མ་བྱེད་ཨ། གཏན་གཏན་བཙལ་ཐུབ་ཀྱི་རེད་ཅེས་ཉེན་རྟོག་པས་ཟ་ཁང་སྦྱིན་བདག་ལ་སེམས་གསོ་བཏང་བའི་ཞོར་དུ་སྐུ་མགྲོན་གྱི་ལྟོ་ཟ་བའི་དུས་ཚོད་དང་གྱོན་ཆས་ཀྱི་ཁྱད་ཆོས་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དྲིས་རྗེས་མྱུར་དུ་འཚོལ་བཤེར་ལས་དོན་སྤེལ། ཕྱོགས་མང་པོའི་ཐད་ནས་ཞིབ་བཤེར་བྱས་པ་བརྒྱུད། སྐུ་མགྲོན་དེས་ལྟོ་ཟས་ཚར་རྗེས་འཁོར་རྟགས་ཆིང་A9***0ཡིན་པའི་རླངས་འཁོར་ཞིག་བཏང་ནས་ཁ་བྲལ་ཡོད་པ་ཤེས། བརྟག་དཔྱད་བྱས་པ་བརྒྱུད། ཉེན་རྟོག་པས་རླངས་འཁོར་བདག་པོའི་ཆ་འཕྲིན་གསལ་པོ་ཤེས་པ་མ་ཟད་མི་དེར་འབྲེལ་བ་བྱེད་ཐུབ་ཡོད།

སྐུ་མགྲོན་དེས་ཟ་ཁང་དུ་ལྟོ་ཟས་རྗེས་དངུལ་མ་སྤྲད་པ་ཡིད་ལ་དྲན་སྐབས། མྱུར་དུ་དགོངས་པ་མ་ཚོམ། བྲེལ་བ་ཚ་དྲགས་ནས་དངུལ་སྤྲོད་རྒྱུ་བརྗེད་འདུག་ཅེས་འགྲེལ་བཤད་བརྒྱབ་པ་དང་། ལམ་སེང་སྐད་འཕྲིན་ནས་དངུལ་སྤྲད་པ་རེད།

 ལྟོ་རིན་སྒོར་615ཁ་པར་ཐོག་སླེབས་རྗེས། ཟ་ཁང་སྦྱིན་བདག་གི་སེམས་ལྷོད་དུ་བབས་པ་མ་ཟད། ཉེན་རྟོག་པས་དུས་ཐོག་ཏུ་རོགས་རམ་བྱས་པར་ཐུགས་རྗེ་ཆེ་གང་མང་ཞུས་པ་རེད།





བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེ།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章