དོན་གྲུབ། བུ་རང་བློ་བདེ་པོ་གནང་རོགས།

政务   2025-01-14 13:41   西藏  



 དིང་རིའི་ས་ཡོམ་ཁྲོད་ལོ་16ལ་སླེབས་པའི་དོན་གྲུབ་ཀྱི་ཕ་མ་གཉིས་ཀ་མེད་པ་བྱས་ཡོད། ཟླ་1པོའི་ཚེས་13ཉིན། དོན་གྲུབ་གཞིས་ཀ་རྩེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོས་བསུས་ཡོད་པ་དང་། ཁོ་པར་དེ་བས་ཕྱོགས་ཡོངས་ཀྱི་ལྟ་སྐྱོང་ཐོབ་རྒྱུ་ཡིན་པ་རེད།

དོན་གྲུབ་ཀྱི་ཁྱིམ་ནི་ཆུ་ལྷོ་ཤང་སོས་སྔ་གྲོང་ཚོར་ཡོད་པ་དང་མིག་སྔར་དིང་རི་རྫོང་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་ཡོད། ཟླ་1པོའི་ཚེས་7ཉིན་གྱི་ཞོགས་པ། དོན་གྲུབ་ཀྱི་ཁྱིམ་མི་གཉིད་དུ་ཡུར་བའི་སྐབས་སུ།  གློ་བུར་དུ་ས་ཡོམ་བརྒྱབ་ནས་ཁྱིམ་རྡིབ་སྟེ་མི་གསུམ་ཀ་ཁང་པའི་འོག་ལུས་པ་རེད། སྟབས་ལེགས་པ་ཞིག་ལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཛ་དྲག་རོགས་སྐྱོབ་འོག་དོན་གྲུབ་བདེ་འཇགས་ངང་སྐྱོབ་ཐུབ་མོད།    འོན་ཀྱང་ཁོ་པའི་ཕ་མ་གཉིས་ནམ་ཡང་འཇིག་རྟེན་འདི་ནས་ཁ་བྲལ་བ་རེད།
དོན་གྲུབ་ལ་འཕྲད་པའི་དོན་རྐྱེན་ཤེས་རྗེས། དཔོན་དམག་གིས་ཁོ་པར་གྱོན་གོས་བསྐྱལ་བ་དང་ཤང་གྲོང་རྡལ་གྱི་ལས་བྱེད་པས་འོ་མ་སོགས་འཚོ་བའི་དངོས་ཟོག་བསྐྱལ་བ། གཅེས་སེམས་ལྡན་པའི་མི་སྣ་མང་པོ་ཞིག་གིས་ཁོ་པར་གཅིག་རྗེས་གཉིས་མཐུད་ངང་ཞལ་འདེབས་བརྒྱབ་ནས་དོན་གྲུབ་དཀའ་སྡུག་དེ་ལས་གྲོལ་ཞིང་འཚོ་བར་ཡིད་ཆེས་རྙེད་རྒྱུའི་རོགས་རམ་བྱས་ཡོད།
དོན་གྲུབ་ཀྱི་སྲུ་མོས་ཏང་དང་སྲིད་གཞུང་གིས་ང་ཚོའི་སྲོག་བསྐྱབས་པ་མ་ཟད། ད་དུང་ཟ་སྡོད་ཐག་གཅོད་བྱས་པས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྲུ་གུ་འདི་སྲིད་གཞུང་ལ་སྤྲད་ན་ང་ཚོ་བློ་རྦད་དེ་བདེ་སོང་ཞེས་བརྗོད།
གཞིས་ཀ་རྩེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོའི་ཡོན་ཀྲང་མིག་དམར་མཚམས་གཅོད་ཀྱིས་ཁྱེད་རྣམས་ཚོ་བློ་བདེ་པོ་བྱེད། ང་ཚོས་ནུས་ཤུགས་ཡོད་རྒུས་བྱིས་པར་ལྟ་རྟོག་ཡག་པོ་བྱེད་ངེས་ཡིན་ཞེས་བརྗོད།
སླད་ཕྱིན་ངས་སློབ་སྦྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་དོན་གྲུབ་ཀྱིས་འབྱུང་འགྱུར་ལ་རེས་བས་ཁེངས་བཞིན་རང་ཉིད་ཀྱི་སློབ་སྦྱོང་དང་འཚོ་བར་འབད་བརྩོན་བྱས་ཚེ་ཕ་མས་རེ་ལྟོས་བྱེད་པའི་མི་ཞིག་ཏུ་འགྱུར་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

ཡོང་ཁུངས། ཇོ་རིའི་འཕྲིན་སྟེགས།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།



青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章