ས་ཡོམ་རྒྱག་དུས། ཁྱིམ་དུ་པ་སངས་དང་མོ་རང་གི་པ་ཕ་དང་ཨ་མ། ཨ་ཅག་བཅས་ལས་མེད། ས་ཡོམ་རྒྱག་སྐབས་ཨ་མས་ང་ཚོར་ཞོགས་ཟས་གྲ་སྒྲིག་བྱེད་བཞིན་ཡོད། སྙིང་རྗེ་མེད་པའི་ས་ཡོམ་གྱིས་ཨ་མའི་ཚེ་སྲོག་འཕྲོག་སོང་ཞེས་པ་སངས་ཀྱི་མིག་མཐར་མཆི་མས་ཁེངས་བཞིན་བརྗོད། ཁོ་མོའི་པ་ཕ་ཡང་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་ནས་རྩིབ་རུས་ཆག་ཡོད།
ལོ་14ལ་སླེབས་པའི་བུ་མོ་ཞིག་གི་ངོས་ནས་བརྗོད་ན། ཨ་མ་ཚེ་ལས་འདས་པ་དང་པ་ཕར་རྨས་སྐྱོན་ཚབས་ཆེན་ཕོག་པས། དེའི་ཁྲོད་ཀྱི་སྡུག་བསྔལ་ང་ཚོས་ཚོར་ག་ལ་ཐུབ། འོན་ཀྱང་དོན་དངོས་ཐོག་ཁོ་མོར་མཚོན་ན་སྐྱོ་གདུང་བྱེད་པའི་དུས་ཚོད་ག་ལ་ཡོད། ཁོ་མོས་སྨན་ཁང་དུ་པ་ཕར་ལྟ་སྐྱོང་བྱེད་པའི་འགན་ཁུར་ནས་ཁྱིམ་མི་ཚོར་ཆགས་ས་བརྟེན་ས་ཡོད་པ་བྱས་ཡོད།
པ་སངས་ཀྱི་ཨ་ཞང་གི་ངོ་སྤྲོད་བྱས་པར་གཞིགས་ན། ས་ཡོམ་བརྒྱབ་རྗེས་པ་སངས་དང་ཨ་ཅག་གཉིས་བྲོས་ཐུབ་པ་དང་། ཁོང་གི་པ་ཕ་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཞིག་རོའི་ཁྲོད་ནས་སྐྱོབ་རྗེས། མྱུར་དུ་དིང་རི་རྫོང་མི་དམངས་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱས་པ་དང་། དེ་རྗེས་སླར་ཡང་བསམ་གྲུབ་རྩེ་ཆུས་མི་དམངས་སྨན་ཁང་དང་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྒྱུར་ནས་སྨན་བཅོས་བྱས་པ་རེད།
བསྐྱར་ཞུས། རྒྱལ་མཚན།
ཞུ་དག བཀྲ་ཤིས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཡིག་སྒྱུར། ཚེ་རིང་སྒྲོལ་མ།
སྒྲ་འཇུག ཚེ་སྒྲོན།
ཡོང་ཁུངས། ཇོ་རིའི་འཕྲིན་སྟེགས།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།