ཉེ་ཆར་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་སྤྱི་བདེ་ཅུད་ལ་ལས་གྲྭའི་འགན་འཁུར་བ་ཞིག་གིས་ཁོ་པའི་ལས་གྲྭའི་གློག་སྐུད་མང་པོ་བརྐུ་ཤོར་ནས་གྱོང་གུན་ཚབས་ཆེན་ཕོག་པས་ཉེན་རྟོག་པས་རོགས་རམ་གནང་རོགས་ཞེས་གོང་ཞུ་བྱས་ཡོད། ཉེན་རྟོག་པས་དེ་འཕྲལ་བརྟག་དཔྱད་བྱས་ནས་མཐར་ཆུ་ཚོད་༢༤ཡི་ནང་རྐུན་མ་༡༢པ་དེ་དག་འཛིན་བཟུང་བྱས་པ་རེད།
近日,昌都市洛隆县公安局接到辖区某工地负责人报警称,其放置在工地的大量电缆线多次被盗,损失较严重。接报后,洛隆县公安局立即组织刑警大队办案民警前往案发地,联合腊久乡派出所开展案件侦破工作,办案民警不分昼夜、缜密侦查、循线追踪,在24小时内成功破案,最终抓获违法犯罪嫌疑人12名。
ལས་གྲྭའི་གཡས་གཡོན་དུ་མི་ཚོགས་མང་བས་རྐུན་མ་རྩད་གཅོད་རྒྱུར་དཀའ་ངལ་ཅུང་ཙམ་བྱུང་ཡོད། གློག་སྐུད་ལྗི་པོ་ཡོད་སྟབས་མིའི་སྒལ་པར་འཁུར་ནས་བརྐུ་ཐུབ་ཐབས་མེད་པས་མོ་ཊས་དབོར་འདྲེན་བྱེད་དགོས།
དེར་བརྟེན་ཉེན་རྟོག་པས་གྱོད་གཞི་ཐོན་སའི་ཉེ་འཁོར་གྱི་མོ་ཊ་དེ་དག་གཙོ་བོར་བྱས་ནས་བརྟག་དཔྱད་བྱས་པ་དང་གྱོད་གཞིའི་འབྲེལ་ཡོད་ཁུངས་སྣེ་དག་རིམ་པ་བསྟར་ཆག་བརྟག་དཔྱད་བྱས་པ་བརྒྱུད། མཐར་དོགས་པ་ཡོད་པའི་རྐུན་མ་དེ་དག་གཏན་འཁེལ་བྱས་པ་རེད།
由于案发现场是在建工地,人员混杂,案件侦破工作难度较大。经过缜密侦查,办案民警考虑到被盗的线缆重达上千斤、总长度约几百米,仅靠人力搬运转移十分困难,嫌疑人极有可能通过车辆转运被盗线缆。于是,办案民警调整侦查思路,以途经案发地周边的车辆为着手点展开重点调查。通过走访摸排及对案件相关线索进行综合研判分析,办案民警很快确定了犯罪团伙。
ཉེན་རྟོག་པས་རྐུན་མ་དེ་དག་འཛིན་བཟུང་བྱས་ནས་དྲི་གཅོད་བྱས་པ་བརྒྱུད། མི་༡༢གིས་ཐེངས་༢ལ་གློག་སྐུད་དབོར་ནས་བརྐུས་པའི་ཁྲིམས་འགལ་བྱ་སྤྱོད་དག་སྦ་གསང་མེད་པར་ངོས་ལེན་ཞུས་ཡོད། ད་ལྟ་དོགས་ཡོད་ཉེས་ཅན་༧ལ་རྐུ་འཕྲོག་གི་ཉེས་པ་ཡོད་པར་བརྟེན་སྤྱི་བདེ་ལས་ཁུངས་ཀྱིས་བཀག་ཉར་བྱས་པ་དང་། དོགས་ཡོད་ཉེས་ཅན་༥ལ་ཆད་པ་བཅད་པ་རེད། གྱོད་གཞི་འདི་ད་ལྟ་མུ་མཐུད་རྩད་གཅོད་བཞིན་ཡོད།
掌握该犯罪团伙成员的活动情况后,办案民警迅速出击,将涉案人员全部抓捕归案。经审讯,涉案人员对两次利用切割的方式盗窃电缆线的违法犯罪事实供认不讳。目前,涉案的7名犯罪嫌疑人因涉嫌盗窃罪已被公安机关依法刑事拘留,5名违法嫌疑人被处以行政处罚。案件正在进一步侦办中。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། དབང་མོ། འཇིགས་མེད།
主编:吾见才让
副主编:平多 桑布
编辑:旺姆 晋美
来源 | 洛隆警务动态
译文 | 阳光西