སྦག་སྦག་གི་རྩལ་ངོམས་ནས་འཛེར་སྒྲ་བཟོ་མཁན་ཞིག་ཟིན་འདུག

时事   2024-10-25 13:01   西藏  


སྦག་སྦག་དང་རླངས་འཁོར་མྱུར་རྩལ་ངོམས་ནས་སྲང་ལམ་འགྲོལ་བའི་བྱ་སྤྱོད་འདིས། 

ཉེ་འགྲམ་གྱི་གྲོང་མིར་སུན་པོ་བཟོ་སྲིད་པ་མ་ཟད། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཐད་ལ་རྐྱེན་ངན་ཚབས་ཆེན་འབྱུང་བའི་ཉེན་ཁ་ཡང་བཟོ་སྲིད། 


“轰轰轰!”

飙车炫技、改装“炸街”

这样的行为不仅扰民

还存在严重的道路交通安全隐患


གནས་ཚུལ་འདིའི་རིགས་ལ་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྡུང་རྡེག་ཚ་ནན་གཏོང་བཞིན་ཡོད། 

面对此类情况

拉萨交警重拳打击




   ཟླ་༡༠པའི་ཚེས་༢༢ཉིན་གྱི་ཉིན་གུང་ཆུ་ཚོད་༡ཡས་མས་སུ་ཁ་ལོ་བ་ལེའོ་ཆེ་གེ་མོས་སྲང་ལམ་ནང་དུ་སྦག་སྦག་མྱུར་པོས་གཏོང་བཞིན་ཡོད་པ་སྣེའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པས་རྩད་ཆོད་པ་རེད་། ཞིབ་བཤེར་བྱས་པ་བརྒྱུད། ལེའོ་ཆེ་གེ་མོས་སྦག་སྦག་གི་དུ་ཁུང་བཅོས་སྒྲིག་བྱས་ནས་སྐད་སྒྲ་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་སྒྲིག་འགལ་བྱས་ཡོད་པ་ཤེས་རྟོགས་བྱུང་པ་རེད། 

   ལྷ་ས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཚན་པས་ལེའོ་ཆེ་གེ་མོའི་འགྲིམ་འགྲུལ་སྒྲིག་འགལ་བྱ་སྤྱོད་ལ་དམིགས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཉེས་པ་ལྟར་ཆད་པ་བཅད་པ་རེད།


10月22日13时,驾驶人廖某某因“飙车炸街”被柳梧交警大队民警查获。经查,廖某某存在驾驶拆除、损坏消声器、加装排气管的摩托车,涉嫌非法改装机动车的交通违法行为。


针对廖某某的交通违法行为,拉萨公安交通管理部门已依照《中华人民共和国噪声污染防治法》《中华人民共和国道路交通安全法》相关规定作出相应处罚。


སྒྲ་ཆེན་སྦག་སྦག་མང་ཆེ་བས་གློག་ལམ་དང་། གཞི་སྒྲོམ་གྲུབ་ཚུལ། འཁོར་བཀག་མ་ལག་སོགས་ལ་རང་དགར་ཁྲིམས་མཐུན་མིན་པའི་བཟོ་བཅོས་བྱས་ཡོད་པས། དེས་སྦག་སྦག་གི་སྦེ་རེག་དང་དོ་མཉམ་ལ་ཤུགས་རྐྱེན་ཐེབས་ནས་བདེ་འཇགས་ལ་གནོད་པ་བཟོ་སྲིད།


“炸街车”大多存在

改变电路、底盘结构、刹车系统等

非法改装行为

影响车辆的制动、平衡

存在安全隐患


རྒྱུན་མཐོང་ཁྲིམས་འགལ་བཅོས་སྒྲིག་བྱ་སྤྱོད་དང་གནོད་འཚེ།

常见的非法改装行为及危害

༡ ཁྲིམས་དང་མི་མཐུན་པར་མཇུག་གཤོག་སྣོན་པ། མཇུག་གཤོག་བསྣན་ན་རླུང་གི་འགོག་ཤུགས་ཆེ་རུ་གཏོང་སྲིད་པས། སྦག་སྦག་གི་གཏན་འཇགས་རང་བཞིན་ལ་སྐྱོན་བརྒྱབ་ནས་རྐྱེན་ངན་འབྱུང་སྲིད།

༢ སྦག་སྦག་གི་སྔར་ཡོད་གློག་ལམ་བཅོས་སྒྲིག་བྱས་ན་གློག་ལམ་འཁྲུག་ནས་མེ་སྐྱོན་ཡང་འབྱུང་སྲིད།

༣ ཁྲིམས་དང་མི་མཐུན་པར་སྦག་སྦག་གི་དཔྱང་སྒྲོམ་མ་ལག་ལ་བཅོས་སྒྲིག་བྱས་ན། སྦག་སྦག་གི་མཐོ་ཚད་མཐོ་རུ་སོང་ནས་མྱུར་བགྲོད་བྱེད་དུས་གཞོགས་གཅིག་ལ་འགྱེལ་སླ་པོ་ཡོད། 

༤ ཁྲིམས་དང་མི་མཐུན་པར་སྦག་སྦག་གི་འཐེན་བྱེད་སྒྲིག་ཆས་སྣོན་འཇུག་བྱས་ན།  སྦག་སྦག་གི་སྤུས་ཚད་གཞི་གྲངས་ལ་འགྱུར་ལྡོག་ཕྱིན་ནས་རྐྱེན་ངན་ཚབས་ཆེན་འབྱུང་བའི་ཉེན་ཁ་ཡོད།


★非法加装尾翼。加装尾翼会增大风阻,导致车辆稳定性变差,影响行车安全。 


★非法改变原有电路。可能导致线路过载,引发车辆自燃。


★非法改装车辆悬架系统。导致整车高度增加,车辆重心也随之提升,容易引起车辆侧翻。


★非法加装车辆牵引装置。非法牵引装置会导致车辆的质量系数发生变化,存在严重的安全隐患。



法律链接 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ནང་གསེས་དོན་ཚན་བཅུ་དྲུག་པའི་གཏན་འབེབས་གཞིར་བཟུང་། ཚན་པ་དང་མི་སྒེར་སུ་ཞིག་་རུང་གཤམ་གསལ་གྱི་བྱ་སྤྱོད་ཡོད་མི་ཆོག

༡ ཐོ་བཀོད་ཟིན་པའི་འཕྲུལ་སྒུལ་འཁོར་ལོའི་གྲུབ་ཚུལ་དང་ཁྱད་ཆོས་ལ་རང་དགར་བཅོས་སྒྲིག་བྱེད་མི་ཆོག

༢ འཕྲུལ་སྒུལ་འཁོར་ལོའི་བཟོ་དབྱིབས་ཨང་རྟགས་དང་། སྒུལ་བྱེད་འཕྲུལ་འཁོར་གྱི་ཨང་རྟགས། འཁོར་སྒྲོམ་ཨང་རྟགས། རླངས་འཁོར་དབྱེ་འབྱེད་ཀྱི་ཚབ་རྟགས་ལ་བཅོས་བསྒྱུར་བྱེད་མི་ཆོག 

༣ འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་ལག་ཁྱེར་དང་། ཨང་རྟགས། བགྲོད་སྐྱོད་ཆོག་པའི་ལག་ཁྱེར། ཞིབ་བཤེར་ཚད་ལོན་མཚོན་རྟགས། འགན་བཅོལ་མཚོན་རྟགས་བཅས་རྫུན་བཟོ་དང་བསྒྱུར་བཟོ་བྱེད་མི་ཆོག

༤ རླངས་འཁོར་གཞན་གྱི་ཐོ་འགོད་ལག་ཁྱེར་དང་། ཨང་རྟགས། བགྲོད་སྐྱོད་ཆོག་པའི་ལག་ཁྱེར། ཞིབ་བཤེར་ཚད་ལོན་མཚོན་རྟགས། འགན་བཅོལ་མཚོན་རྟགས་བཅས་བེད་སྤྱོད་བྱེད་མི་ཆོག

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛེར་སྒྲའི་འབག་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནང་གསེས་དོན་ཚན་ཞེ་བདུན་པའི་ནང་གི་དོན་ཚན་དང་པོའི་གཏན་འབེབས་གཞིར་བཟུང་སྟེ། འཕྲུལ་སྒུལ་འཁོར་ལོའི་སྒྲ་སེལ་ཡོ་བྱད་དང་། སྒྲ་དུང་སོགས་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་དགོས་པ་དང་། རང་དགར་སྒྲ་སེལ་ཡོ་བྱད་བཤིག་པའམ་གཏོར་སྐྱོན་གཏོང་བ་དང་། དབུགས་གཏོང་སྦུ་གུ་སྣོན་པ་སོགས་བྱེད་མི་ཆོག་ལ། འཕྲུལ་སྒུལ་འཁོར་ལོ་བཏང་ནས་འུར་སྒྲ་དང་མྱུར་སྐྱོད་སོགས་བྱས་ནས་ཁོར་ཡུག་ལ་འཛེར་སྒྲ་བཟོ་མི་ཆོག


《中华人民共和国道路交通安全法》第十六条规定:任何单位或者个人不得有下列行为:

(一)拼装机动车或者擅自改变机动车已登记的结构、构造或者特征;

(二)改变机动车型号、发动机号、车架号或者车辆识别代号。

(三)伪造、变造或者使用伪造、变造的机动车登记证书、号牌、行驶证、检验合格标志、保险标志;

(四)使用其他机动车的登记证书、号牌、行驶证、检验合格标志、保险标志。

《中华人民共和国噪声污染防治法》第四十七条第一款规定:机动车的消声器和喇叭应当符合国家规定。禁止驾驶拆除或者损坏消声器、加装排气管等擅自改装的机动车以轰鸣、疾驶等方式造成噪声污染。



དྲན་སྐུལ་ཞུ་རྒྱུར། 

གཞུང་ལམ་ནི་རྩལ་འགྲན་ར་བ་མིན་པས་འཕྲུལ་སྒུལ་འཁོར་རིགས་གཏོང་དུས་བདེ་འཇགས་ཨང་དང་པོ་ཡིན།


马路不是竞技场

行车安全非儿戏

车行万里路 安全第一步







ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 拉萨交警

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章