ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ཡིས་པར་འགྲེམས་བྱས་པའི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་གནས་སྐབས་ལག་བསྟར་བྱ་ཐབས་ཀྱིས་གཏན་འབེབས་བྱས་པ་ལྟར། ༢༠༢༥ལོའི་ཟླ་༡ཚེས་༡ཉིན་ནས་བཟུང་། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་དག་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་མ་སླེབས་གོང་། ནད་གཞི་ཕོག་པའམ་ཡང་ན་གཞུང་དོན་མ་ཡིན་པར་དབང་པོ་སྐྱོན་ཅན་དུ་སོང་ནས་ངལ་རྩོལ་ནུས་པ་མེད་པར་གྱུར་བ་ཡིན་ན། ཟླ་རེ་བཞིན་དབང་པོ་སྐྱོན་ཅན་གྱི་ནད་པའི་ཕོགས་སྣོན་ལེན་རྒྱུའི་རེ་འདུན་ཞུ་ཆོག་ཅིང་། དེའི་མ་དངུལ་རྣམས་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩས་སྤྲོད་ངེས་ཡིན།
人力资源社会保障部、财政部日前联合印发《企业职工基本养老保险病残津贴暂行办法》(以下简称《暂行办法》),明确自2025年1月1日起,企业职工基本养老保险参保人员达到法定退休年龄前,因病或者非因工致残经鉴定为完全丧失劳动能力的,可以申请按月领取病残津贴,所需资金由基本养老保险基金支付。
གནས་སྐབས་ལག་བསྟར་བྱ་ཐབས་འདིའི་ནང་གི་ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་གྱི་ཟླ་རེའི་ཚད་གཞི་དང་སྤྲོད་ཡུན། འགན་བཅོལ་ནང་ཞུགས་མཁན་གྱིས་ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་ལེན་རྒྱུའི་རེ་ཞུ་བྱེད་སྐབས་ལོ་ཚད་དང་གྲོན་དངུལ་འཇལ་བའི་ལོ་ཚད་རིམ་རྩིས་སོགས་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ་རེད། ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་ཟླ་བའི་ཚད་གཞི་དེ་རྒྱལ་ཁབ་ཀྱིས་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་ནི་གཅིག་གྱུར་ཐོག་ལེགས་སྒྲིག་བྱེད་སྐབས། དེ་དང་མཉམ་དུ་ལེགས་སྒྲིག་བྱ་རྒྱུ་རེད།
《暂行办法》提出,病残津贴月标准和支付期限根据参保人员申领病残津贴时的年龄、累计缴费年限等确定。病残津贴月标准在国家统一调整基本养老金水平时同步调整。
གནས་སྐབས་ལག་བསྟར་བྱ་ཐབས་ནང་འགན་བཅོལ་ནང་ཞུགས་མཁན་གྱིས་ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་ལེན་སྐབས། རྒྱལ་ཁབ་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཐོབ་ཐང་ལེན་ཡུལ་གཏན་འཁེལ་བྱ་རྒྱུ་ཡིན་པ་དང་། ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་ལེན་རིང་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་སྤྲོད་མི་དགོས། འོན་ཀྱང་མུ་མཐུད་དུ་ལས་ཀར་ཞུགས་ནས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གྲོན་དངུལ་སྤྲད་པ་ཡིན་ན། གྲོན་དངུལ་སྤྲད་པའི་ཟླ་བ་རྗེས་མ་ནས་བཟུང་ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་སྤྲོད་མཚམས་འཇོག་རྒྱུ།
《暂行办法》规定,参保人员领取病残津贴,按国家基本养老保险关系转移接续有关规定确定待遇领取地。领取病残津贴期间,不再缴纳基本养老保险费。继续就业并按国家规定缴费的,自恢复缴费次月起,停发病残津贴。
གནས་སྐབས་ལག་བསྟར་བྱ་ཐབས་ནང་ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་ལེན་རྒྱུའི་རེ་ཞུ་བྱེད་མཁན་ལ། ངེས་པར་དུ་ཐོབ་ཐང་ལེན་ཡུལ་ལམ་ཡང་ན་མཐའ་མའི་འགན་བཅོལ་ནང་ཞུགས་ཡུལ་གྱི་ཆུས་དང་གྲོང་ཁྱེར་རིམ་པ་ཡན་གྱི་ངལ་རྩོལ་ནུས་པ་གསལ་འབྱེད་སྡེ་ཚན་གྱིས་ངལ་རྩོལ་ནུས་པ་རྦད་དེ་ཤོར་ཡོད་པའི་གསལ་འབྱེད་བསྡོམས་ཚིག་དཔང་ཡིག་ཡོད་དགོས་པའི་བླང་བྱ་བཏོན་ཡོད།
ཞིང་ཆེན་རིམ་པའི་མི་སྤྱི་ཚན་པས་ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་ལེན་མཁན་གྱི་ངལ་རྩོལ་ནུས་པར་བསྐྱར་ཞིབ་དང་གསལ་འབྱེད་བྱེད་པའི་ལམ་ལུགས་བཙུགས་ནས། བསྐྱར་ཞིབ་དང་གསལ་འབྱེད་བྱས་པ་བརྒྱུད་ངལ་རྩོལ་ནུས་པ་ཡོངས་སུ་ཤོར་མེད་པ་རྣམས་ལ་བརྟག་དཔྱད་ཡང་དག་བྱས་རྗེས། དེའི་ཟླ་རྗེས་མ་ནས་བཟུང་ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་སྤྲོད་མཚམས་འཇོག་རྒྱུ། གལ་ཏེ་མགོ་སྐོར་གཡོ་འཕྲུལ་དང་། དཔང་ཡིག་རྫུན་བཟོ་སོགས་བྱ་ཐབས་སྤྱད་ནས་ནད་པ་དང་དབང་པོ་སྐྱོན་ཅན་གྱི་ཕོགས་སྣོན་གཡོ་ལེན་བྱས་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པས་ཕྱིར་སློག་བྱ་རྒྱུའི་འགན་དཀྲི་རྒྱུ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་ཡང་བདའ་འདེད་གཏོང་ངེས་རེད།
《暂行办法》要求,申请领取病残津贴人员应持有待遇领取地或最后参保地地级(设区市)以上劳动能力鉴定机构作出的完全丧失劳动能力鉴定结论。省级人社部门建立病残津贴领取人员劳动能力复查鉴定制度,经复查鉴定不符合完全丧失劳动能力的,自做出复查鉴定结论的次月起停发病残津贴。以欺诈、伪造证明材料或者其他手段骗取病残津贴的,由人力资源社会保障行政部门责令退回,并按照有关法律规定追究相关人员责任。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠
来源 | 拉萨政务服务
译文 | 阳光西藏